༢༠༡༣ལོའི་བོད་ཀྱི་རྩོམ་རིག་གི་དོན་ཆེན་བཅུ།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-05
༡ ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་མཛད་པའི་ཉི་ཧོང་སྐད་ཀྱི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་དེ་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོ་ནས་པར་འགྲེམས་གནང་།
 
    དུས་དེབ་འདི་ནི་ཕྱི་སྐད་ཀྱི་ལམ་ནས་པར་དུ་བསྐྲུན་པའི་བོད་ཀྱི་རྩོམ་རིག་དང་གློག་བརྙན་སྐོར་གྱི་དུས་དེབ་ཐོག་མ་དེ་ཡིན་ལ། པར་གཞིའི་བཀོད་སྒྲིག་དང་ལོ་ཙཱའི་ཆུ་ཚད་སོགས་གང་གི་ཐད་ནས་ཡག་པོ་འཁྱོངས་ཡོད།
 
༢ བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་ལགས་ལྷ་སར་སྐུ་གཤེགས་པ།

      གླང་མདུན་དཔལ་འབྱོར་གྱིས<<གཙུག་གཡུ>>དང་<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>སོགས་བརྩམས་སྒྲུང་ཡག་པོ་ཁ་ཤས་བརྩམས་ཡོད་ལ། ཁོང་གི་བརྩམས་ཆོས་ཀྱི་རིན་ཐང་གཙོ་བོ་དེ་བསླད་མ་ཞུགས་པའི་བོད་སྐད་ལ་བརྟེན་ནས་དུས་ཀྱི་འགྱུར་མཚམས་ཀྱི་འཚོ་བ་འཚོན་པར་བྱེད་ཐུབ་པ་དེ་ཡིན།
 
༣ མདའ་ཚན་པ་བླ་མ་སྐྱབས་ཀྱིས་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ལ་བརྟེན་ནས་ཨོཀསེཧྥོརཌི་སློབ་ཆེན་གྱི་རྩོམ་རིག་གི་འབུམ་རམས་པའི་དམ་བཅའ་བཞག་གནང་བ།  
 
  ཁོང་གི་དམ་འབུལ་ཆེད་རྩོམ་དེ་ནི་བོད་ཀྱི་རྩོམ་རིག་གི་སྐོར་ཤས་ཆེ་བ་ཞིག་ཡིན་པ་དང་། ཕྱི་གླིང་གི་བོད་རྩོམ་ཞིབ་འཇུག་པ་དག་གིས་གདེང་འཇོག་ཆེན་པོ་བྱེད་ཀྱིན་པའི་རིག་གཞུང་གི་དཔྱད་རྩོམ་ཞིག་ཡིན་འདུག

 ༤ འཕྲིན་ལམ་གསར་བས་བོད་རྩོམ་ལ་ཚེ་སྲོག་གསར་བ་སྦྱིན་པ།
 
  སྐད་འཕྲིན(Wechat)ལས་བོད་ཀྱི་རྩོམ་རིག་བརྗོད་བྱར་བྱས་པའི་འཕྲིན་སྟེགས་མང་པོ་བྱུང་བ་དང་། ཀུ་ཤུ་དང་ཨན་ཌོར་སོགས་སུ་སྤྱོད་ཆོག་པའི་བོད་ཡིག་གི་འཕྲུལ་དེབ་ཤིན་ཏུ་མང་པོ་བཟོས་པ་དེས་རྩོམ་མཁན་དང་ཀློག་མཁན་གྱི་བར་ཐག་སྔར་ལས་བསྟུངས་པར་མ་ཟད། རྩོམ་ཡིག་ཡོད་ཚད་སྔོན་ཆད་ལྟར་དེབ་གཟུགས་སམ་རྩོམ་རིག་གི་དྲ་བ་གང་རུང་དུ་སྤེལ་དགོས་པས་མི་ཁྱབ་པར་བྱས། དེས་གཞུང་ཕྱོགས་ཀྱི་དུས་དེབ་དང་གཞུང་སྒེར་གྱི་དྲ་བ་མང་པོར་འགྲན་ཆེན་པོ་བསླངས།
 
 ༥ རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པར་བོད་ཀྱི་རྩོམ་རིག་སྐོར་ནས་འཁྲུག་ཆ་དོད་པོའི་བགྲོ་གླེང་བྱས་པ།
 
 སོག་ཡུལ་ནས་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་རུ། བོད་རྩོམ་ཞིབ་འཇུག་པ་འཇར་མན་གྱི་ཟླ་བ་ཚེ་རིང(Xaver Erhard)དང་། ཧྥ་རན་སིའི་གཡུ་མཚོ(Xenia De Heering) ཉི་ཧོང་གི་འཆི་མེད(Izumi Hoshi) ཨིན་ཇིའི་བླ་མ་སྐྱབས། བོད་ཀྱི་བན་ཏེ་མཁར་སོགས་ཀྱིས་བོད་ཀྱི་རྩོམ་རིག་བརྗོད་བྱར་བྱས་ནས་ཚོགས་པའི་དབུས་སུ་གཏམ་བཤད་པར་བརྟེན་ནས་འཁྲུག་ཆ་ཆེན་པོའི་བགྲོ་གླེང་སྣ་ཚོགས་བྱས།

༦ པད་མ་ཚེ་བརྟན་གྱི་བརྩམས་ཆོས་ཉི་སྐད་དང་ཧྥ་སྐད་དུ་བསྒྱུར་ནས་པར་སྐྲུན་བྱས་པ།
 
  ཉི་ཧོང་གི་ཤར་ཕྱོགས་གསེར་ཉ་ཞེས་པའི་རྩོམ་རིག་ཞིབ་འཇུག་ཚོགས་པས་སྔ་ཕྱིར་དོན་གྲུབ་རྒྱལ་དང་པད་མ་ཚེ་བརྟན་གྱི་བརྩམས་ཆོས་ཉི་ཧོང་གི་ཡི་གེར་བསྒྱུར་ནས་པར་དུ་བསྐྲུན་པར་མ་ཟད་པད་མ་ཚེ་བརྟན་ཉིད་ཉི་ཧོང་དུ་གདན་དྲངས་ཏེ་ཁོང་གི་བརྩམས་ཆོས་དང་གློག་བརྙན་དེ་གའི་ཀློག་མཁན་དང་ལྟད་མོ་བར་ངོ་སྤྲད་པ་དང་། དེ་བཞིན་ཁོང་གི་བརྩམས་སྒྲུང་དེབ་ཅིག་ཧྥ་རན་སེའི་སྐད་དུ་བསྒྱུར་ནས་པར་འགྲེམས་བྱས་ཡོད་འདུག

 ༧ བོད་རྩོམ་ཉིང་བཏུས་དང་བོད་རྩོམ་ཞིབ་འཇུག་གི་དེབ་ཁ་ཤས་རྒྱལ་ནང་ནས་པར་དུ་བསྐྲུན་པ།
 
  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས<<གཟི་མིག་དཔེ་ཚོགས>>ཞེས་ལོ་རེའི་ནང་གི་བོད་རྩོམ་ཡག་ཤོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་ཚོགས་ཤིག་འདོན་མགོ་བརྩམས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ནས<<བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས>>ཞེས་པ་ཞིག་བསྒྲིགས་ཏེ་པར་དུ་བསྐྲུན་པ་ཀློག་མཁན་གྱི་ཁྲོད་ནས་ཤིན་ཏུ་བྲིན་པར་གྱུར།
 
༨ སྔོན་བྱོན་མཁས་པའི་གསུང་མང་པོ་པར་དུ་བསྐྲུན་པ།
 
  དཔལ་བརྩེགས་དང་སེར་གཙུག་སོགས་གནའ་དཔེ་ལེགས་སྒྲིག་བྱེད་པ་དང་དེར་ཞིབ་འཇུག་བྱེད་པའི་སྡེ་ཁག་གིས་སྔོན་བྱོན་མཁས་པའི་གསུང་མང་པོ་པར་དུ་སྐྲུན་པའི་འཕྲིན་ལས་ཀྱི་རྒྱུན་མུ་ནས་མུ་རུ་སྐྱོང་བཞིན་ཡོད་ལ། ༢༠༡༣ལོར<<དུས་འཁོར་ཕྱོགས་བསྒྲིགས>>པོད་༦༠དང་། <<རྣམ་ཐར་ལོ་རྒྱུས་ཕྱོགས་བསྒྲིགས>>དེབ་༣༠པར་དུ་བསྐྲུན་པར་མ་ཟད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དོལ་བོ་ཤེས་རབ་རྒྱལ་མཚན་སོགས་ཀྱི་གསུང་འབུམ་པར་དུ་བསྐྲུན་འདུག

༩ རྩོམ་དེབ་གསར་བ་འགའ་ཞིག་རྩོམ་སྟེགས་སུ་བསླེབས་པ།
 
 སེང་རྡོར་གྱི<<བོད་སྐད་ཀྱི་གཏིང>>ཞེས་པ་དང་། <<བཅད་གསར་སྤྱི་དོན་དང་གཞན་དག>>ཅེས་པ། རེ་རྐང་གླིང་གི<<བར་སྣང་གི་མགོ་འཁོར་ཕོ་བྲང>>ཞེས་པ། སྐྱིད་ཆུ་བསྟན་འཛིན་ཉི་མའི<<ལང་ཚོའི་སྦུབས་སུ་རྨི་ལམ་མང>>ཞེས་པ། <<མེ་ཏོག་ཕྲེང་རྒྱུད>>ཅེས་པའི་བོད་འགྱུར་དེབ། <<ཤར་དུང་རི>>ལེགས་རྩོམ་ཕྱོགས་བསྒྲིགས་སོགས་རྩོམ་དེབ་གསར་བ་འགའ་ཞིག་ཁྲོམ་རར་བཀྲམ་ཐུབ་པ་བྱུང་།

༡༠ <<མི་རིགས་ཀྱི་རྩོམ་རིག>>དུས་དེབ་ཀྱི་ཤུགས་རྐྱེན་སྔར་ལས་ཆེ་བར་གྱུར་བ།
 
  རྒྱལ་ནང་གི་རྒྱལ་ཁབ་རིམ་པའི་དུས་དེབ་གཅིག་བུ<<མི་རིགས་ཀྱི་རྩོམ་རིག>>གི་ནང་དོན་སྔར་ལས་འཐུས་ཚང་དང་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། དུས་དེབ་དེ་གས་དབུ་བསླངས་ཏེ་ཀན་ལྷོའི་གཙོས་གྲོང་ཁྱེར་ནས་རྒྱལ་ཡོངས་ཀྱི་བོད་རྩོམ་ཚོགས་འདུ་ཞིག་བསྡུས་པར་རྩོམ་པ་པོ་བཀྲ་བྷ་སོགས་ཀྱིས་རྩོམ་པ་པོ་ཨ་ལེ་ལ་བོད་རྩོམ་སྐོར་གྱི་དྲི་བ་རྣོ་ངར་ཅན་འགའ་ཁ་རི་ཁ་ཐུག་ཏུ་བཏོན། དེའི་སྐོར་ལ་དྲ་ལམ་ནས་གྲགས་འགུལ་ཆེན་པོ་བྱུང་།
            
  སྤྱིར་ལོ་འདིར་བོད་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་ལ་སྣ་ཁ་མང་བ་དང་། ནང་དོན་ཡང་ཕུན་སུམ་ཚོགས་པར་འདུག་ནའང་ཀློག་མཁན་གྱི་ཡིད་སེམས་རྨང་ནས་འདྲེན་ཞིང་བོད་ཀྱི་རྩོམ་སྟེགས་ཡོམ་ཡོམ་སྒུལ་ཐུབ་པའི་བརྩམས་སྒྲུང་རིང་པོ་གཅིག་ཀྱང་བྱུང་མེད་ལ། རྩོམ་པ་པོར་འབོད་པ་དག་ཀྱང་གཞུང་ཕྱོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་དང་། དུ་ཆང་གི་དྲི་མས་སྦགས་པའི་འདུ་ཚོགས་དག་ལ་ཞུགས་པར་སྔར་ལས་གོམས་པ་མ་གཏོགས་མགོ་བོ་ནང་དུ་བཀུག་སྟེ་རྩོམ་རིག་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་མཁན་ཤིན་ཏུ་ཉུང་བའི་ཚོད་དུ་གདའ། དེ་མིན་དྲ་བའི་འཕྲིན་ལམ་སོགས་བེད་སྤྱད་ནས་རིགས་མཐུན་དཔུང་དུ་བསྡེབས་ཏེ་རང་ཉིད་འུད་སྒྲོག་བྱེད་ཚུལ་གྱི་ཐབས་སྣ་ཚོགས་ལ་བརྩོན་མཁན་མང་ཞིང་། རྩིས་འཁོར་གྱི་ངོས་དང་ཤོག་བུའི་ནང་ནས་བརྩམས་ཆོས་ཆེན་པོ་ཨེ་འགྲུབ་ལྟ་མཁན་ཤིན་ཏུ་ཉུང་། ཁ་པར་སོགས་ལས་འགྲོ་ཞོར་འདུག་ཞོར་དུ་ནོར་གྱིས་ལྕི་བ་གཏོང་བའི་ཚུལ་གྱིས་སྙན་ངག་དང་སེམས་ཚོར། གཞས་ཚིག་སོགས་འབྲི་མཁན་མང་། མདོར་ན་༢༠༡༣ལོའི་བོད་ཀྱི་རྩོམ་རིག་གི་གར་སྟེགས་ནི“ཚོན་མདོག་རྣམ་པར་བཀྲ་ཡང་ཡིད་དབང་འགུག་བྱེད་ཤིན་ཏུ་ཉུང་བ”ཞིག་ཏུ་འདུག་གོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༣ལོའི་བོད་ཀྱི་རྩོམ་རིག་གི་དོན་ཆེན་བཅུ།

2014-01-05 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།