ཉི་ཧོང་སྐད་ཀྱི་བོད་ཀྱི་རྩོམ་རིག་གི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་ཉི་ཧོང་དུ་པར་འགྲེམས་བྱས་པ།

བུམ་པ་རྒྱལ།༼ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-05
 
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་མཛད་པའི་ཉི་ཧོང་སྐད་ཀྱི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་དེ་ཉེ་སྔོན་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོ་ནས་པར་འགྲེམས་གནང་། ལོ་དེབ་དེ་ནི་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་ཆེན་གྱི་དགེ་རྒན་ཨེ་ཟུ་མི་ཧོ་ཤི༼བོད་སྐད་དུ་འཆི་མེད་ཅེས་འབོད༽སོགས་ཀྱིས་རྩོམ་སྒྲིག་དང་ལོ་ཙཱ་བྱས་པ་ཞིག་ཡིན་ལ། ལོ་དེབ་དེའི་ནང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་སྐོར་གྱི་ཆེད་སྒྲིག་དང་བོད་ཀྱི་དེང་རབས་རྩོམ་རིག  བོད་དང་ཉི་ཧོང་གི་རྩོམ་རིག་ཞེས་པའི་ཚན་པ་ཆེན་པོ་འགའ་བཀོད་འདུག་ཅིང་།དེ་རུ་བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གཙོས་པའི་བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོམ་ལུས་མི་འདྲ་བའི་ཉི་འགྱུར་བརྩམས་ཆོས་དག་དང་།ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་མི་དག་གིས་རྩོམ་འབྲི་གནང་བའི་བརྩམས་ཆོས། བོད་མིས་ཉི་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་སོགས་མང་དུ་མཆིས།
 
ལོ་དེབ་འདོན་ཐེངས་དེའི་བོད་ཡིག་གི་དཀར་ཆག

པད་མ་ཚེ་བརྟན་གྱི་གློག་བརྙན་དང་བརྩམས་སྒྲུང་གི་སྐོར་ལ་ཆེད་སྒྲིག་བཟོས་ཡོད་པ།

འཇུ་སྐལ་བཟང་དང་། གཟུངས་ཕྱུག་སྐྱིད། སྐྱབས་ཆེན་བདེ་གྲོལ། གངས་ཞུན་བཅས་ཀྱི་སྙན་ངག་དང་། རྣོ་སྦྲེང་གི་བརྩམས་སྒྲུང༼ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་༽ཞེས་པ་བཀོད་ཡོད་པ།

བུམ་པ་རྒྱལ་གྱིས་ཉི་ཧོང་གི་སྐད་ཀྱིས་བྲིས་པའི༼ནོར་ཝེའི་ནགས་ཚལ་དང་ངའི་ཉི་ཧོང་རྩོམ་རིག་གི་འགྲུལ་བཞུད༽ཅེས་པའི་རྩོམ་དེ་བཀོད་ཡོད་པ།

སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས་པའི༼ཉི་ཧོང་གི་མི་དང་ཉི་ཧོང་གི་རྩོམ་རིག༽ཅེས་པ་བཀོད་ཡོད་པ།



 
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཧོང་སྐད་ཀྱི་བོད་ཀྱི་རྩོམ་རིག་གི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་ཉི་ཧོང་དུ་པར་འགྲེམས་བྱས་པ།

2013-12-05 བུམ་པ་རྒྱལ།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།
 
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་གཙོ་སྒྲིག་མཛད་པའི་ཉི་ཧོང་སྐད་ཀྱི་ལོ་དེབ༼གསེར་ཉ༽འདོན་ཐེངས་དང་པོ་དེ་ཉེ་སྔོན་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོ་ནས་པར་འགྲེམས་གནང་། ལོ་དེབ་དེ་ནི་ཉི་ཧོང་ཐོ་ཁྱོ་ཕྱི་སྐད་སློབ་ཆེན་གྱི་དགེ་རྒན་ཨེ་ཟུ་མི་ཧོ་ཤི༼བོད་སྐད་དུ་འཆི་མེད་ཅེས་འབོད༽སོགས་ཀྱིས་རྩོམ་སྒྲིག་དང་ལོ་ཙཱ་བྱས་པ་ཞིག་ཡིན་ལ། ལོ་དེབ་དེའི་ནང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་སྐོར་གྱི་ཆེད་སྒྲིག་དང་བོད་ཀྱི་དེང་རབས་རྩོམ་རིག  བོད་དང་ཉི་ཧོང་གི་རྩོམ་རིག་ཞེས་པའི་ཚན་པ་ཆེན་པོ་འགའ་བཀོད་འདུག་ཅིང་།དེ་རུ་བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གཙོས་པའི་བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོམ་ལུས་མི་འདྲ་བའི་ཉི་འགྱུར་བརྩམས་ཆོས་དག་དང་།ཉི་ཧོང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་མི་དག་གིས་རྩོམ་འབྲི་གནང་བའི་བརྩམས་ཆོས། བོད་མིས་ཉི་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་སོགས་མང་དུ་མཆིས།
 
ལོ་དེབ་འདོན་ཐེངས་དེའི་བོད་ཡིག་གི་དཀར་ཆག

པད་མ་ཚེ་བརྟན་གྱི་གློག་བརྙན་དང་བརྩམས་སྒྲུང་གི་སྐོར་ལ་ཆེད་སྒྲིག་བཟོས་ཡོད་པ།

འཇུ་སྐལ་བཟང་དང་། གཟུངས་ཕྱུག་སྐྱིད། སྐྱབས་ཆེན་བདེ་གྲོལ། གངས་ཞུན་བཅས་ཀྱི་སྙན་ངག་དང་། རྣོ་སྦྲེང་གི་བརྩམས་སྒྲུང༼ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་༽ཞེས་པ་བཀོད་ཡོད་པ།

བུམ་པ་རྒྱལ་གྱིས་ཉི་ཧོང་གི་སྐད་ཀྱིས་བྲིས་པའི༼ནོར་ཝེའི་ནགས་ཚལ་དང་ངའི་ཉི་ཧོང་རྩོམ་རིག་གི་འགྲུལ་བཞུད༽ཅེས་པའི་རྩོམ་དེ་བཀོད་ཡོད་པ།

སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས་པའི༼ཉི་ཧོང་གི་མི་དང་ཉི་ཧོང་གི་རྩོམ་རིག༽ཅེས་པ་བཀོད་ཡོད་པ།



 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།