དུས་གསར་དྲ་བའི་སྐོར་གྱི་གཏམ་གསར།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-17

 དྲ་ཚུགས་གཉེར་བ་དང་རྩོམ་རིག་པར་སྐྲུན་སོགས་ཀྱི་བྱ་བཞག་ནི་ཆེད་ལས་རང་བཞིན་གྱི་ལས་རིགས་ཤིག་ཡིན་པས།དུས་ཚོད་ངེས་ཅན་ཞིག་ལ་ཚད་གཞི་འཁྲུལ་མེད་ཅིག་གཏན་འཁེལ་བྱས་ནས་ལེ་ཚན་བཀོད་སྒྲིག་དང་རྩོམ་ཡིག་དོ་དམ་སོགས་བྱེད་དགོས་ཤིང་། ལོ་ཟླ་གང་མང་ཞིག་རིམ་གྱིས་བཞུར་བའི་ཉམས་མྱོང་ཁྲོད་ཀློག་པ་པོའི་འདོད་བློ་བསྐང་ཐུབ་པའི་ལེ་ཚན་བཀོད་སྒྲིག་དང་། རྩོམ་པ་པོའི་ཐུགས་ཡིད་ཚིམ་ངེས་པའི་དྲ་བའི་ལངས་ཕྱོགས་སོགས་གཏན་འཁེལ་བྱེད་དགོས་ལ།  གཞན་ཡང་དུས་རབས་ཀྱི་དགོས་མཁོ་བསྐང་ཐུབ་པའི་དྲ་བདག་གི་བསམ་བློའི་འཁོར་ཕྱོགས་སོགས་གང་མང་ཞིག་ལ་བསམ་གཞིག་རེ་བྱས་དུས་དཀའ་བརྒྱ་ཕྲག་གི་སྡོམ་དྲ་རུ་ཚུལ་ངེས་མོད།མི་སོ་སོས་རང་ཉིད་ཀྱི་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་ལས་རིགས་རེ་རེར་འབད་བརྩོན་བྱས་མཐར་གྲུབ་འབྲས་མི་དམན་པ་རེ་འཐོབ་ཐུབ་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས།  བདག་གིས་ཀྱང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཉེ་སྔོན་༼དུས་གསར་དྲ་བ་༽ཚོད་ལྟའི་ཚུལ་དུ་ཤར་གཏོང་བྱས་པས།ཀློག་གྲངས་དང་རྩོམ་ཡིག་བསྐུར་མཁན་སོགས་ཕྱོགས་གང་ཅིའི་ཐད་ནས་རང་ཉིད་ཀྱི་འདོད་བློ་ལས་བརྒལ་བའི་ཚད་ཐིག་ལེགས་པོ་ཞིག་ཏུ་བསླེབས་ཡོད་ནའང་།ཐོག་མའི་དྲ་བ་ཇུས་འགོད་སོགས་ཀྱི་ནོར་འཁྲུལ་ཁ་ཤས་ཀྱིས་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ལེ་ཚན་གཉིས་ལྷག་བཀོད་སྒྲིག་བྱེད་མ་ཐུབ་ཅིང་།འཐུས་སྒོ་མ་ཚང་བའི་སྟོང་ཆ་གང་མང་ཞིག་ལ་ཁ་གསབ་བྱེད་ཆེད་དྲ་ངོས་གསར་བཅོས་དང་ལེ་ཚན་གསར་བསྣན་བྱས་ཡོད་ལ།  ད་དུང་༼ཨན་སྒྲོལ༽་དང་ཀུ་ཤུ་སོགས་ཀྱི་ནང་དུ་ཕབ་ལེན་བྱེད་ཆོག་པའི་མཉེན་ཆས་ཤིག་ཀྱང་བཟོས་ཡོད་མོད།  འདི་དག་ནི་གཞན་གྱི་རོགས་སྐྱོར་སོགས་གང་ཡང་མེད་པར་མི་སྒེར་གྱིས་འགྲོ་སོང་དང་ཆུ་ཚོད་ངེས་ཅན་ཞིག་བེད་སྤྱད་ནས་བཟོས་པ་ཡིན་པས་ཞན་ཆ་ཡང་གང་མང་ཞིག་ཡོད་སྲིད་ན་འང་།  མི་སྒེར་གྱི་དྲ་བ་ཞིག་གི་ངོས་ནས་གླེང་ན་འཐུབ་ཚང་རང་བཞིན་དུ་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མེད།
 
     དྲ་གནས། dszhaw.com

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་གསར་དྲ་བའི་སྐོར་གྱི་གཏམ་གསར།

2013-10-17 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།