ཟོན་ཐར་རྒྱལ་གྱི་གློག་བརྙན《གཙང་བོ》པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

བསོད་ནམས་རིན་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-26

海报1副本.jpg
 སྐབས་རེ་ལྔ་བའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་བསྒྲགས་དོན། བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་བ《གཙང་བོ》སྐབས་རེ་ལྔ་བའི་པེར་ལིན་གློག་བརྙན་དུས་ཆེན་གྱི་གསར་ཐོན་པའི་རྣམ་གྲངས་སུ་ཚུད་འདུག་ཅིང་། མི་འགྱངས་པར་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་ཐོག་མར་ལྟད་མོ་བ་དག་གི་སྤྱན་སྔར་འགྲེམ་འཆར་འདུག   

    འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་ཞིག་པེར་ལིན་གློག་བརྙན་དུས་ཆེན་དུ་ཐེངས་དང་པོར་ཚུད་པ་རེད། གློག་བརྙན་འདིར་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་ཆགས་ནས་བྱིས་པ་སྐྱེ་རག་བར་གྱི་དུས་ཚིགས་ཀྱི་འགྱུར་བ་གཞིར་བྱས་ཏེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཨ་མྱེས་དང་ཨ་ཕ་གུ་རུ་གཉིས་ཀྱི་མངོན་ལྐོག་གི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་དང་བརྩེ་བ་གཙོ་བོར་བྱས་ནས་ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་བརྗོད་ཡོད།
海报2副本.jpg

 འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ《དབུས་ལམ་གྱི་ཉི་མ》ལ་ཁ་ན་ཊའི་ཝན་ཁུས་ཝུར་རྒྱལ་སྤྱི་གློག་བརྙན་དུས་ཆེན་སྟེང་གསར་ཐོན་འཁྲབ་ཁྲིད་པའི་སྟག་འབྲུག་བྱ་དགའ་སོགས་རྒྱལ་སྤྱི་རིམ་པའི་བྱ་དགའ་ཐོབ་མྱོང་ལ།   གློག་བརྙན་《གཙང་བོ་》ཡང་ཁོའི་གློག་བརྙན་བརྩམས་ཆོས་ཐོག་མ་དང་འདྲ་བར། ཆ་ཚང་ཁོ་རང་གི་ཕ་ཡུལ་ནས་ཕབ་བསྐྲུན་བྱས་པ་ཞིག་རེད། ཟོན་ཐར་རྒྱལ་གྱིས་ནམ་ཡང་ཕ་ཡུལ་གྱི་ཡུལ་མི་དཀྱུས་མ་དེ་དག་གི་འཚོ་བ་དང་བརྩེ་དུང་ཡིད་ལ་འཇོག་པར་བྱེད་ཅིང་།  ཚེ་སྲོག་གི་རྩིས་ཐང་དང་མི་ཆོས་ཀྱི་ལྟ་བ་ནི་ནམ་ཡང་བོད་མི་རེ་རེའི་ནང་སེམས་ཀྱི་ཟབ་སར་སིམ་ཡོད་པ་མཚོན་ཡོད། ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ《དབུས་ལམ་གྱི་ཉི་མའི》ནང་གི་མི་སྣ་གཙོ་བོའི་དབུས་བཞུད་རིང་མོ་དེ་ཡང་ནང་སེམས་ཀྱི་ཐར་བ་འཚོལ་ཞིང་དང་རྣམ་ཤེས་ལ་གཙང་སེལ་བྱེད་པའི་འགྲུལ་བཞུད་ཐེངས་ཤིག་ཡིན་ལ། དེ་བཞིན་དུ་ཐེངས་འདིའི་གློག་བརྙན་《གཙང་བོར》ཡང་། མི་རབས་གསུམ་གྱི་བར་ཐག་དང་ཤ་ཞེན་དེ་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་ལས་མཚོན་པར་བྱས་ཡོད།
 
  པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།(Berlin International Film Festival)སྔོན་ཆད་དེའི་མིང་ལ་པེར་ལིན་ནུབ་མའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡང་ཟེར།  འདི་དང་ཁན་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཝེ་ནི་སི་གློག་བརྙན་དུས་ཆེན་གསུམ་ནི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྩེ་གྲ་གསུམ་ཡིན། 
  ཆུ་ཤེལ་དོམ་གྱི་བྱ་དགའ་ནི། པེར་ལིན་གློག་བརྙན་དུས་ཆེན་གྱིས2009ལོར་གསར་དུ་བསྣན་པའི་བྱ་དགའི་རྣམ་གྲངས་ཤིག་ཡིན་པར་མ་ཟད། པེར་ལིན་གློག་བརྙན་དུས་ཆེན་གྱི་བྱ་དགའི་རྣམ་གྲངས་ཟུར་བ་གསར་ཐོན་པའི་རྣམ་གྲངས་སུ་གཏོགས་ཤིང་། གློག་བརྙན་ལས་རིགས་པའི་སྡེ་ལ་ལོ་བཅུ་བཞིའི་ཡན་གྱི་གཞོན་ནུ་རྣམས་ཀྱིས་བལྟ་བར་འཚམ་པའི་གློག་བརྙན་མང་ཙམ་ཕབ་བསྐྲུན་བྱེད་པར་སྐུལ་མ་བྱེད་ཆེད་དམིགས་ཀྱིས་བཙུགས་པ་ཞིག་རེད། ཐེངས་འདིར་ད་དུང་རྒྱ་རིགས་ན་གཞོན་འཁྲབ་ཁྲིད་པ་ལི་རུས་ཅུན་གྱི་བརྩམས་ཆོས་གསར་བ《རང་ཁྱིམ་རྩྭ་ཆུ་ཉིས་འཛོམས་ཀྱི་ས་ན་ཡོད》《家在水草丰茂的地方》ཅེས་པ་དང་། འཁྲབ་ཁྲིད་པ་ཅང་ཝིན་གྱི་བརྩམས་ཆོས་《གོམ་གང་གི་བར་ཐག》《一步之遥》ཞེས་པ་གཉིས་ཀྱང་པེར་ལིན་གློག་བརྙན་དུས་ཆེན་དུ་ཚུད་འདུག་གོ།

  ཐེངས་འདིར་ངེད་དྲ་བས་གློག་བརྙན《གཙང་པོ》ཕབ་སྐྲུན་པའི་ཕྱོགས་ནས་ཆོག་མཆན་ཐོབ་པ་བརྒྱུད་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་འཁོར་དང་བཅས་པ་པེར་ལིན་དུ་ཕེབས་པའི་གནས་ཚུལ་གསར་བ་ཁག་གསར་འཕྲིན་འདིའི་མཇུག་ཏུ་དགོད་རྒྱུ་ཡིན་ལ། ཀློག་མཁན་རྣམ་གྱིས་དོ་སྣང་ཡོང་བར་ཞུ།
 
 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟོན་ཐར་རྒྱལ་གྱི་གློག་བརྙན《གཙང་བོ》པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

2015-01-26 བསོད་ནམས་རིན་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།