སྐབས་བཞི་བའི"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་གཏེར་ལེན་ཁ་ནས་བསྡུས་པ།

IMG_0113.jpg
བྱ་དགའ་ཐོབ་པའི་སྙན་ངག་པ་དང་ཡུལ་དངོས་ནས་བྱ་དགའ་སྟེར་མཁན་གྱི་མགོ་ཁྲིད་ལྷན་རྒྱས།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྐབས་བཞི་བའི"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཟླ་འདིའི་ཚེས་༢༧ནས་ཚེས་༣༠བར་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གཏེར་ལེན་ཁ་ནས་བསྡུས། ཚོགས་འདུར་བོད་ཀྱི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་རྩོམ་པ་པོ་དང་སྙན་ངག་པ་སྟག་འབུམ་རྒྱལ་དང་། གཅན་མེ་སྟག ལྷ་རྒྱལ་ཚེ་རིང་། རྣམ་སྲས།  སྨན་བླ་སྐྱབས་སམ་འབར་རྡེའུ། ཞི་བདེ་ཉི་མ། འབྲོང་། དཔའ་རྩེ། མཚོ་སྐྱེས། ཕྱག་རྡོར་ཚེ་རིང་། བདེ་སྐྱིད་སྒྲོལ་མ། འཆི་མེད། མདའ་བཙན་པོ། ཕུན་ཚོགས་རྒྱལ། ཁྲི་གོང་ཨོ་རྒྱན་ཚེ་རིང་། རེ་རྐང་གླིང་། ཁྲི་སེམས་དཔའ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ། རང་སྒྲ། སྨྲེང་བུ། བ་རེས། སྟོབས་ལྡན། གེ་སར། རུས་པ། སྐྱབས་ཆེན་བདེ་གྲོལ། ཐོ་རེངས། སྒོ་རབ་རྒྱས། བོང་སྟག་རི་ལུ། གཅན་མེ་ཏོག མོག་ཟླ་སོགས་དང་། ཞིང་ཆེན་དང་ས་གནས་ཀྱི་དབུ་ཁྲིད་ཀླུ་ཁོ་རྒྱལ་དང་། རྟ་མཆོག་རྒྱལ། མེ་སྒྲོན། སི་ཆེན་ཧྥོས། རྡོ་རྗེ་ཚེ་བརྟན། ཀུན་འགྲུབ་རྒྱལ་སོགས། <<གངས་རྒྱན་མེ་ཏོག>>དུས་དེབ་ཀྱི་དེ་སྔའི་གཙོ་སྒྲིག་པ་ཚེ་འབར་དང་། མགོན་པོ་དོན་གྲུབ། འཕགས་པ་ཐར་དང་། ད་ལྟའི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་དང་རྩོམ་སྒྲིག་པ་མོག་བུ་ཡེ་ཤེས་སྐྱབས། དེ་མིན་མཛད་སྒོ་དེ་དང་དུས་མཉམ་པོར་བསྡུས་པའི་སྐབས་གཉིས་པའི"རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས"སུ་ཞུགས་པའི་མི་རིགས་སློབ་ཆེན་ཁག་གི་འགྲན་ཞུགས་སློབ་མ་དང་སྣེ་ཁྲིད་དགེ་རྒན་སོགས་ཁྱོན་མི་བརྒྱ་ལྷག་ཞུགས་ཡོད། 

IMG_0221.JPG
ཚོགས་ཞུགས་པའི་མཉམ་པར། 
  
  ཐེངས་འདིར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དང་སྙན་ངག་པ་ཤ་བོ་ཚེ་བརྟན་ནམ་ན་རོའི་སྙན་ངག<<དྲན་པ་ཉེར་བཞག>>ཅེས་པ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་བུད་མེད་སྙན་ངག་པ་མེ་ཏོག་སྐྱིད་དམ་ཁ་བ་ལྷ་མོའི་སྙན་ངག<<ཆར་བ་ཤག་ཤག་འབབ་དོན>>ཞེས་པ། ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་སྙན་ངག་པ་ལྷ་ཆེན་རྒྱལ་ལམ་འབྲོང་ཕྲུག་གི་སྙན་ངག<<མང་རྫོང་གི་རབ་བྱེད>>ཅེས་པ། <<ཟླ་ཟེར>>རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་སྙན་ངག་པ་དགའ་བདེ་ཚེ་རིང་ངམ་ནག་པོའི་སྙན་ངག་རིང་མོ<<ཝུ་བ་སོབ་སོབ>>ཅེས་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ། སྙན་ངག་པ་ཨ་རྡོར་གྱི་དཔྱད་རྩོམ<<བོད་ཀྱི་སྙན་ངག་གསར་བའི་བསམ་བློའི་ཐད་ཀྱི་བསམ་གཞིག་ཁ་ཤས>>ཞེས་པ་བཅས་བརྩམས་ཆོས་ལྔ་ལ"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་ཐོབ་པ་དང་། མི་རེར་བྱ་དགའི་གཟེངས་དངུལ་དམངས་སྒོར་༥༠༠༠རེ་སྤྲད། ཐེངས་འདིའི་དཔྱད་འདེམས་པ་ནི་བདུད་ལྷ་རྒྱལ་དང་། མཚོ་སྐྱེས། བྱ་གཞུང་དབྱངས་བྷ། ཆོས་སྐྱོང་། སྐྱབས་ཆེན་བདེ་གྲོལ་བཅས་ཡིན།

IMG_0147.jpg
ཚོགས་ཞུགས་པ་དག་གཟིགས་སྐོར་ལ་འགྲོ་བཞིན་པ། 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་བཞི་བའི"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་གཏེར་ལེན་ཁ་ནས་བསྡུས་པ།

2015-09-30 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།