རྒྱ་བོད་ཤན་སྦྱར་གྱི་རྩོམ་རིག་ཀློག་དེབ《རྒྱལ་བ་གཉིས་པ》པར་དུ་བསྐྲུན་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། དེ་ཡང་དཔྱིད་ཀྱི་རྣམ་པ་དལ་གྱིས་འཆར་གྱིན་པའི་དུས་འདིར་ངེད《མི་རིགས་ཀྱི་རྩོམ་རིག》རྩོམ་སྒྲིག་ཁང་ནས《རྒྱལ་བ་གཉིས་པ》ཞེས་རྒྱ་བོད་ཤན་སྦྱར་གྱི་རྩོམ་རིག་ཀློག་དེབ་ཤོག་གྲངས་བཞི་བརྒྱ་ཡི་བདག་ཉིད་ཅན་ཞིག་གངས་ཅན་པ་ཡོངས་དང་ཁྱད་པར་དུ་རྒྱ་བོད་ཀྱི་རྩོམ་རིག་ལོ་ཙཱར་མོས་པ་ཡོད་མཁན་དག་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཡོད།
བོད་ཡིག་གི་དཀར་ཆག
སྤྱིར་ན་ངེད་དུས་དེབ་སྤེལ་པ་ནས་ད་བར་གྱི་འགྱུར་རྩོམ་དག་ལས་རྩོམ་གྱི་རིང་ཐུང་དང་དེབ་ཀྱི་མཐུག་ཚད་སོགས་རྩ་དོན་མང་པོ་ཞིག་ལ་གཞིགས་ནས་འགྱུར་རྩོམ་ཡག་པོ་མང་པོ་ཞིག་དེབ་འདི་རུ་སྤེལ་མ་ཐུབ་པར་ལུས་ཡོད་ནའང་། རང་རེའི་གཏམ་དཔེར“བརྒྱ་ཡི་ནང་ནས་བདམས། བརྒྱད་ཀྱི་གྲས་ནས་བསལ”ཞེས་པ་ལྟར་དེབ་འདི་ལའང་མ་རྩོམ་དང་འགྱུར་རྩོམ་གཉིས་ཀ་ཡག་ཤོས་ཁག་ཅིག་བདམས་ཡོད་པ་འདི་ལྟ་སྟེ། རྒྱ་ནག་གི་བརྩམས་སྒྲུང་པ་གྲགས་ཅན་ཅ་ཕིང་ཝ་ཡི་སྒྲུང་ཐུང《ལྡོག་བཞུར་གཙང་པོ》དང་། ཐུའུ་ཅ་རིགས་ཀྱི་སྐྱེས་མ་རྩོམ་པ་པོ་ཡེ་མེ་ཡི་སྒྲུང་ཐུང《གཞས་དབྱུག》 རང་རེའི་བརྩམས་སྒྲུང་པ་ཚེ་རིང་ནོར་བུའི་སྒྲུང་ཐུང《ལུག་ཚེ་ཐར》 སྐྱེས་མ་བརྩམས་སྒྲུང་པ་ཉི་མ་ཕན་ཐོགས་ཀྱི《ཤེལ་དཀར་གྲོང་ཚོའི་གཡང་འཛོམས》 ལྷུག་རྩོམ་གྱི་སྐོར་ལ་རང་རེའི་རྩོམ་པ་པོ་གྲགས་ཅན་བསྟན་འཛིན་གྱི《རྒྱལ་བ་གཉིས་པ》སོགས་དང་། སྙན་ངག་ལ་དགའ་བདེ་ཚེ་རིང་གི་སྙན་ཚོམ《དུས་ཚོད》དང་། ཐུའུ་ཅ་རིགས་ཀྱི་སྙན་ངག་པ་རན་རན་གྱི《སྨུག་ལོང་ཁྲོད་ཀྱི་གྲོང་ཚོ》 བྱིས་རྩོམ་ལའང་རྒྱ་ནག་གི་རྩོམ་མཁན་ཅིན་པོ་ཡི《བྱིས་པ་ལོང་བ་དང་ཁོའི་གྲིབ་གཟུགས》དང་། ཀྲོའུ་རྨིན་གྱིས་བརྩམས་པའི《བྱི་བ་ཆུང་ཆུང་ཞིག་གི་ཡེ་ཤུའི་འཁྲུངས་སྐར》སོགས་མིག་གི་བརྟན་པ་ཅིག་ཅར་འཕྲོག་པའི་ལྗགས་རྩོམ་གྱ་ནོམ་པ་བཀོད་ཡོད།
རྒྱ་ཡིག་གི་དཀར་ཆག
ལོ་ཙཱ་པའི་ཆ་ནས་ཀྱང་དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་དང་། ཞུས་ཆེན་གྱི་ལོ་ཙཱ་པ་འཇམ་དབྱངས་དར་རྒྱས། བརྩམས་སྒྲུང་པ་གྲགས་ཅན་སྟག་འབུམ་རྒྱལ། སྙན་ངག་པ་བྱ་གཞུང་དབྱངས་བྷ་དང་། ན་རོ། གེ་སར། འཆིང་གྲོལ། ན་གཞོན་རྩོམ་པ་པོ་སྒར་བ་ཚེ་བཀྲ(གཡུ་ཆུང)སོགས་ནས་བསྒྱུར་བ་ཤ་སྟག་ཡིན། གཞན་ཡང་དེབ་ཀྱི་རྒྱབ་ཤའི་ཇུས་འགོད་དང་ནང་གི་བཀོད་པ། ཡིག་གཟུགས་ཀྱི་ཆེ་ཆུང་དང་ཤོག་བུའི་སྤུས་ཀ་སོགས་གྲ་དག་ལ་ངོས་གཙང་བ། རང་རེའི་ཀློག་མཁན་སྤྱི་དང་སྒོས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་རྩོམ་རིག་ལོ་ཙཱ་ལ་དུངས་མཁན་དང་ལས་དེར་འཇུག་མཁན་ཞིག་ལ་མཚོན་ན་ནི་ལོ་ཙཱ་ལ་སྦྱངས་པ་དང་ཉམས་ཞིབ་གནང་བའི་ལག་ཆ་སྤྱོད་སྒོ་ཅན་ཞིག་ཏུ་ངེས་སོ་སྙམ།
རྒྱབ་ཤོག
མི་སྒེར་དང་དཔེ་ཁང་སོགས་ཀྱིས་སིལ་ཉོ་དང་སྡེབ་ཉོ་གང་རུང་གནང་ཆོག་གི་ཡོད་ཅིང་། དེབ་རེའི་མ་གོང་སྒོར50ཡིན་ནའང་དེབ་ལྔ་རེ་ཉོས་ན་དེབ་རེ་ལ་སྒོར30ཡིས་ཆོག་པ་དང་། དེབ་ལྔ་བཅུ་རེ་ཉོས་ན་དེབ་རེ་ལ་སྒོར20ཡིས་འཐུས་ཀྱི་ཡོད།
དེབ་ཉོ་མཁན་ཡོད་ན་གཤམ་གྱི་རྩོམ་སྒྲིག་པ་དང་ཁ་པར་ཨང་གྲངས་ལ་འབྲེལ་བ་གནང་རོགས་ཞུ་ཞུ།
ལྕགས་རྡོར་རྒྱལ། 13264219075,010-65016107
ཞེས《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་ཁང་ནས།
སྤྱི་ལོ2017ལོའི་ཟླ3པའི་ཚེས28ཉིན།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།