《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-09-30

  ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་ནི་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས《ཝ་ནག་ལུང་བ》དང་། བཀྲ་བྷའི་སྒྲུང་འབྲིང་ཕྱོགས་བསྒྲིགས《རླུང》 དམིགས་བུའི་སྒྲུང་ཐུང་ཕྱོགས་བསྒྲིགས《ཕྱིང་ལྭ་དཀར་པོ》 ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས《ཨ་ཕ་ཆང》 གངས་སྨྱོན་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས《མཁར་གྲོང་གི་རྨི་ལམ་སྐྱ་བོ》 མེལ་ཚེའི་སྒྲུང་ཐུང་ཕྱོགས་བསྒྲིགས《མཁའ་འགྲོ་མའི་ཐང་ཆུ》 གཅན་མེ་སྟག་གི་ལྷུག་རྩོམ་ཕྱོགས་བསྒྲིགས《བུ་མོ་གཡུ་ཆུང་ཟླ་བ》བཅས་དཔེ་དེབ་བདུན་གྱིས་གྲུབ་ཡོད། 2016ལོར《གཡུ་དྲུག་དཀར་དཔེ་ཚོགས》ཁག་དང་པོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་ཡིན་ལ། དེའི་ནང་དུ《འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས》དང་། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 《སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》 《ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》 《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》 《ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས》བཅས་དཔེ་དེབ་དྲུག་བསྡུས་ཡོད་དོ། །

  《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི”གལ་ཆེའི་པར་སྐྲུན་འཆར་འགོད་ལས་གཞི་དང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་དངུལ་རོགས་སྐྱོར་ལས་གཞིའི་གྲས་སུ་བཞག་ནས་པར་སྐྲུན་བྱས་པ་ཡིན་ནོ། །

  དེབ་འདིར་རྩོམ་པ་པོས་ཉེ་བའི་ལོ་འགའི་ནང་གསར་རྩོམ་བྱས་པའི《ཝ་ནག་ལུང་བ》དང《པ་པ་པའོ་མ》སོགས་བརྩམས་སྒྲུང་ཐུང་འབྲིང་བདུན་བདམས་ཡོད་ལ། ད་ལྟའི་སྐྱེ་ཁམས་ཁོར་ཡུག་བཙོག་འགྱུར་དང་། འབྲོག་པའི་བསམ་བློའི་འགྱུར་ལྡོག་སོགས་སྙན་འཇེབས་ལྡན་པའི་ཚིག་སྦྱོར་དང་ངུ་མ་དགོད་ཀྱི་ཟུར་ཟ། འགྱུར་བག་མང་བའི་མཚོན་ཐབས་ཀྱིས་བྲིས་ཡོད། བརྩམས་ཆོས་མང་ཤོས་ཡིག་རིགས་དུ་མར་བསྒྱུར་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོའི་དགའ་བསུ་དང་དཔྱད་བརྗོད་སྡེའི་དོ་སྣང་བླ་ལྷག་འཐོབ་བཞིན་ཡོད།

  ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་པར་མཚོ་སྔོན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭར་འགྲིམས། སློབ་འབྲིང་དགེ་རྒན་དང་སྲིད་གཞུང་ལས་བྱེད། དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཏེ2013ལོར་ལས་འཁྱུར་ངལ་གསོ་བྱས་ནས་ཆེད་དུ་གསར་རྩོམ་ལས་ལ་གཞོལ་བཞིན་ཡོད། 1983ལོ་ནས་ད་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་ཡིག་འབྲུ་ས་ཡ་གཉིས་ལྷག་སྤེལ། བརྩམས་ཆོས་ཁག་ཅིག་དབྱིན་ཇི། ཧྥ་རན་སི། འཇར་མན། འཇར་པན། སི་ཝེས་དན། ཧོ་ལན། ཧང་གྷ་རི། སོག་ཡིག་གསར་རྙིང་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པ་དང་བོད་སོག་སློབ་གྲྭ་ཆེ་འབྲིང་དང་ནུབ་གླིང་གི་སློབ་ཆེན་ཁག་ཅིག་གི་བསླབ་དེབ་ཏུའང་བདམས་ཡོད།

  སྒྲུང་འབྲིང་ཕྱོགས་བསྒྲིགས《རླུང》ནི《ནས》དང་། 《གྱོད》 《རླུང》བཅས་བརྩམས་ཆོས་གསུམ་གྱིས་གྲུབ་ཡོད་ལ། སྒྲུང་འབྲིང་འདི་གསུམ་གའི་བརྗོད་བྱ་ནི་ཅི་ཞིག་ཡིན་པ་དང་། སྒྱུ་རྩལ་ཁྱད་ཆོས་ནི་ག་འདྲ་ལྡན་ནམ།

  བརྩམས་གཏམ་ལ་རིག་གནས་ཀྱིས་ཁ་དོག་སྦྱར་དགོས་པ་མ་ཟད། བརྩམས་སྒྲུང་གང་ཞིག་ས་གནས་དང་མི་རིགས་གང་ལ་གཏོགས་པའང་རིག་གནས་ཀྱིས་གཏན་ལ་འབེབས་དགོས་འདུག སྒྲུང་འབྲིང《ནས》ནི་རིག་གནས་བརྩམས་སྒྲུང་ཞིག་ཡིན་པའི་ཆ་ནས། 《གེ་སར་རྒྱལ་པོའི་སྒྲུང》 ལས་བྱུང་བའི་ཤེས་རབ་སྟོན་པའི་རིག་གནས་དང་། བོད་ཀྱི་སྲོལ་རྒྱུན་གོམས་སྲོལ་ལ་གཏོགས་པའི་གཏེར་སྟོན་གྱི་རིག་གནས། དུས་རབས་གསར་པའི་བོད་རིགས་ཀྱི་འབྲོག་ལས་རིག་གནས་རྣམས་གཞི་གཅིག་བསྡེབས་ནས་བརྩམས་པ་ན། རིག་གནས་དེ་དག་གིས་བརྩམས་སྒྲུང་ལ་ཚོན་མདངས་ག་འདྲ་སྦྱར་ཡོད་དམ། ཚུལ་དེ་རྟོགས་པར་འདོད་ན《ནས》ལ་ཞིབ་ཏུ་གཟིགས་པར་འཚལ།

  《བྱ་སྤྲེལ་གཏམ་རྒྱུད》ནི་བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་སྐད་གྲགས་ཅན་ཞིག་ཡིན་པ་དང་། 《གྱོད》ནི《བྱ་སྤྲེལ་གཏམ་རྒྱུད》ཀྱི་བརྗོད་བྱ་གཞིར་བཟུང་ནས་བརྩམས་པ་ན། དེ་ལ་དེང་རབས་ཀྱི《བྱ་སྤྲེལ་གཏམ་རྒྱུད》དམ《བྱ་སྤྲེལ་གཏམ་རྒྱུད་གསར་མ》ཞེས་བཏགས་ཀྱང་མི་རུང་བ་མེད་དོ། །འོ་ན་བོད་ཀྱི་སྲོལ་རྒྱུན་སྒྲུང་གཏམ་དང་དེང་རབས་བརྩམས་གཏམ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེ་ན། 《བྱ་སྤྲེལ་གཏམ་རྒྱུད》དང《གྱོད》གཉིས་ཀ་ཀློག་པར་མཛོད་དང་། གནད་དེ་ཡོངས་སུ་རྟོགས་པར་འགྱུར་རོ། །

  སློབ་འབྲིང་ལ་ཞུགས་པའི་སློབ་མ་རྣམས་ལ་ཆ་མཚོན་ན། བསླབ་ལ་བརྩོན་པའི་དམིགས་ཡུལ་ནི་སློབ་གྲྭ་ཆེན་མོ་ཡིན་མོད། འོན་ཏེ་མི་ཚེའི་འདུན་མ་དེ་མངོན་པར་གྱུར་ནས་སློབ་གྲྭ་ཆེན་མོར་ཞུགས་པའི་གཞོན་ནུ་ཕོ་མོ་རྣམས་ཀྱི་འཚོ་བ་རོལ་ལུགས་དང་། ཐོས་པ་འཚོལ་ལུགས། དགའ་རོགས་སྒྲིག་ལུགས་ནི་ག་འདྲ་ཞིག་ཡིན་ནམ། ལྷན་རྒྱས་ཀྱིས་ཚུལ་དེ་རྟོགས་པར་འདོད་ན《རླུང》ལ་གཟིགས་པར་འཚལ།

  བཀྲ་བྷ། འབུམ་རམས་པ། སྤྱི་ལོ1963ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་སྐྱེས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཡིན། བཀྲ་བྷས་སྔ་ཕྱིར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་ཉིས་བརྒྱ་ཙམ་སྤེལ་མྱོང་བ་མ་ཟད། ད་དུང《སྒྲོལ་མ་ཉེར་གཅིག》དང《འཚུབ་མ་ཁེར་རྐྱང》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》《 བྱ་ལེན་མ》《བོན་གྱི་ལྷ་རབས་ལ་དཔྱད་པ》《ཁྲི་འདུས་སྲོང་གི་མགུར་གླུ་ལ་དཔྱད་པ》《 རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》《རྩོམ་པ་ལ་འཇུག་པའི་སྒོ》《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》སོགས་སྒྲུང་གཏམ་དང་། རིག་གཞུང་ཆེད་དེབ། སློབ་དེབ་སོགས་པར་སྐྲུན་བྱས། བཀྲ་བྷའི་སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་པ་དང་། སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། སྒྲུང་འབྲིང་ཕྱོགས་བསྒྲིགས《འཚུབ་མ་ཁེར་རྐྱང》ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བྱ་དགའ་བཅས་ཐོབ། རྩོམ་རིག་གསར་རྩོམ་དང་། རྩོམ་རིག་ཞིབ་འཇུག་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པའི་རྐྱེན་གྱིས། སྤྱི་ལོ2013ལོར་པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2014ལོར་པའོ་ཀང་ཕུལ་བྱུང་དགེ་རྒན་ལས་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་ཐོབ་པ་ཡིན་ནོ། །

  《ཕྱིང་ལྭ་དཀར་པོ》ཞེས་པའི་དེབ་འདིར་རྩོམ་པ་པོས་མི་ལོ་ཉི་ཤུའི་རིང་ལ་བྲིས་པའི་བརྩམས་སྒྲུང་བཅུ་ཙམ་ཕྱོགས་བསྡུས་བྱས་ཡོད་ལ། རྩོམ་གྱི་བརྗོད་བྱ་ནི་རྩོམ་པ་པོ་ཁོ་རང་ཆེས་རྒྱུས་མངའ་ཡོད་པའི་ཨ་མདོའི་བྱང་རྒྱུད་ཀྱི་འབྲོག་པའི་འཚོ་བ་ཡིན་ཞིང་། རྩོམ་པ་པོས་ཡུལ་མི་རྣམས་ཀྱི་སྐྱིད་སྡུག་གི་འཚོ་བའི་བརྙན་རིས་བརྩམས་སྒྲུང་གི་རྣམ་པར་བྲིས་པ་ཞིག་ཡིན།

  དམིགས་བུ། སྐྱེས་མིང་ལ་ཚེ་རིང་བསམ་འགྲུབ་ཟེར། 1974ལོར་མཚོ་སྔོན་པོའི་རྐང་ཚའི་གསེར་བཟང་སྡེ་བར་སྐྱེས། ལོ་ན་བཅུ་ཙམ་ནས་བཟུང་རིམ་པར་སཱ་ལའི་དཔལ་སློབ་ཆུང་དང་རྐང་ཚ་རྫོང་མི་རིགས་སློབ་འབྲིང་། མཚོ་སྔོན་ཁྲིམས་འཛིན་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམས། སྔར་ཡུལ་ཚོའི་སྲིད་གཞུང་རེ་གཉིས་སུ་གཞུང་ཞབས་པའི་ལས་ཀ་ལོ་བཅུ་ཕྲག་ལ་གཉེར། ཕྱིས་སུ་རྐང་ཚ་རྫོང་འགྲིམ་འགྲུལ་དང་རིག་གནས་ཅུ་སོགས་སུ་ལས་བྱ་བའི་ཁུར་བླངས། ལས་ཞོར་ལ་བརྩམས་སྒྲུང་རེ་གཉིས་བྲིས་པ་དེ་གཞི་ནས་དེབ་ཏུ་བསྐྲུན་ཞིང་། མིང་ལ་ཕྱིང་ལྭ་དཀར་པོ་ཞེས་སུ་བཏགས།

  ལོ་ངོ་དུ་མའི་སྔ་རོལ་ཏུ། ཨ་ཕ་ཆང་ཞེས་པ་ནི་བརྩམས་སྒྲུང་ཐུང་ངུ་ཞིག་གི་མིང་ཡིན་ལ། དེ་ནས་ལོ་ངོ་ཁ་ཤས་ཤིག་སོང་རྟིང་། ཨ་ཕ་ཆང་ཞེས་པ་ནི་རིམ་བཞིན་གྲོགས་གློ་བ་གཅུགས་པ་རེ་ཟུང་གིས་ཁོ་བོར་སྙད་རྐོ་བྱེད་དུ་བཏགས་པའི་གཅེས་མིང་ལྟ་བུའི་མཚང་མིང་ཞིག་ཏུ་གྱུར། འོན་ཏེ། ད་ནི་ཨ་ཕ་ཆང་ཞེས་པའི་ཡིག་འབྲུ་འདི་དག་གཞི་ནས་དཔེ་དེབ་ཅིག་གི་མིང་དུ་གདགས་དགོས་པའི་དུས་ལ་བབས་པ་ན། ངས་ད་གཟོད་ཡིག་འབྲུ་འདི་དག་རང་ཉིད་ཀྱི་སེམས་ཁྲལ་ཞིག་ཏུ་གྱུར་འདུག་པ་གཞི་ནས་ཚོར།

  ངའི་སེམས་ཁྲལ་དུ་གྱུར་པ་ནི་ཏག་ཏག་ཡིག་འབྲུ་འདི་གསུམ་ག་ཙམ་ཡང་ག་ལ་ཡིན་ཏེ། ད་དུང《ཨ་ཕ་ཆང》ཞེས་པའི་སྒྲུང་དེབ་འདིར་ཚུད་པའི་ཡིག་ཚོགས་ཀྱི་ཕུང་བོ་གཏོས་ཆེ་བ་འདིའང་ཡིན་གཤིས། གློ་བུར་དུ་གང་ལའང་གདེང་རྙེད་དཀའ་བའི་སེམས་ཁྲལ་ཞིག་ངང་གིས་སྐྱེས་ཡོང་། ཡང་གཅིག་བཤད་ན་སེམས་ཁྲལ་འདི་ནི་ཡིག་འབྲུ་འདི་དག་ལ་ནན་ཏན་བྱེད་སྟངས་ཤིག་དང་། ཡིག་འབྲུ་འདི་དག་ནང་ནོམ་དུ་སྲི་སྟངས་ཤིག་ཀྱང་ཅི་ནས་ཡིན་པ་འདྲ་ཨང་། གང་ལྟར། སྤྱི་ལོ2012ལོ་ནས2018ལོའི་བར་ཏེ། ཁོ་བོ་བརྩམས་སྒྲུང་གསར་རྩོམ་ལ་ཞུགས་པ་ནས་ད་ལྟའི་བར་གྱི་བརྩམས་ཆོས་ཕལ་མོ་ཆེ་ད་རེའི་སྒྲུང་དེབ་འདིར་བསྡུས་ཡོད་ལ། ཁོ་བོས་བརྩམས་སྒྲུང་ཞེས་པའི་སྒྱུ་རྩལ་གྱི་རྣམ་གྲངས་བྱེ་བྲག་པ་འདིར་བཟུང་བའི་རྣམ་འགྱུར་དང་ལངས་ཕྱོགས་ངེས་ཅན་ཞིག་ཀྱང་དེབ་ཆུང་འདི་ལས་མངོན་ཡོད། དང་པོའི་དུས་ཀྱི《ཨ་ཕ་ཆང》དང《ཕྱུག་པོ་ཡིན་པའི་དབུལ་བོ》སོགས་ནས་བར་གྱི《སྒོ》དང《ངེད་ཚང་དུ་མགྲོན་ལ་ཕེབས་ཤོག》《གླུ་སྐད་ཅིག་སའི་གོ་ལའི་མཐོ་ས་ནས་འཕུར་འོངས》ཞེས་པ་སོགས་དང་། ད་དུང་སླད་མའི《གྱང》དང《ནད》《གད་སྙིགས》《ལྷག་མ》《ཟྭ》《བོར་སྟོར་ཞིག》《རྙིང་བ》སོགས་གང་ཡིན་ཡང་། བརྩམས་སྒྲུང་གིས་ང་རང་ཁྲིད་ནས་རྒྱུས་མངའ་མེད་པའི་གནས་གང་ཞིག་ཏུ་ཕྱིན་སོང་བ་ཙམ་ལས། ཁོ་བོས་བརྩམས་སྒྲུང་བྲིས་ཏེ་དམིགས་ཡུལ་ག་ལ་བ་ཞིག་ཏུ་སླེབས་སོང་སྙམ་པའི་ཆ་འཇོག་གང་ཡང་མ་རྙེད་མོད། འོན་ཀྱང་དེབ་འདིར་བྱུང་བའི་བརྩམས་ཆོས་བྱེ་བྲག་པ་རེ་ནི་ཁོ་བོས་དུས་མཚམས་འདིར་ངེས་འདྲོངས་རྙེད་པའི་བརྩམས་སྒྲུང་གི་ངོས་འཛིན་ཞིག་ཡིན་ཏེ། རྩོམ་རིག་བརྩམས་ཆོས་ནི་མཐར་གཏུགས་ན་རྩོམ་རིག་གི་ལྟ་བ་ངེས་ཅན་ཞིག་ཀྱང་ཡིན་པས་སོ། །

  གཞན་ཆེད་དུ་ཞུ་རྒྱུ་ལ། ཐེངས་འདིའི《ཨ་ཕ་ཆང》ཞེས་པའི་སྒྲུང་དེབ་ནི་ཁོ་བོའི་བརྩམས་སྒྲུང་དག་གི་ཆེས་ཐོག་མའི་མ་ཕྱི་གཞིར་བྱས་ཐོག དགོས་ངེས་ཀྱི་ཞུ་དག་དང་སྣོན་འཕྲི་གང་འཚམ་རེའང་ཅི་ལྕོགས་ཀྱིས་གྲུབ་པ་ཞིག་ཡིན་ན། སྒྲུང་དེབ་འདིར་བྱུང་བའི་བརྡ་ཐ་སྙད་དང་ཚིག་གི་སྦྱོར་བ། རྩོམ་པའི་ཀུན་སློང་བཅས་ནི་ད་གཟོད་ཁོ་བོའི་གསར་རྩོམ་གྱི་ལངས་ཕྱོགས་འབའ་ཞིག་ཏུ་གཟུང་ཆོག་གོ །

  ཚེ་དབང་རྣམ་རྒྱལ། 1988ལོའི་ཧོར་ཟླ12པའི་ཚེས19ལ་མདོ་སྨད་ཁྲི་ཀར་སྐྱེས། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་བཅས་སུ་སློབ་གཉེར་དང་གཞུང་གི་ལས་ཀར་ཞུགས། 2018ལོ་ནས་བཟུང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་དེང་རབས་རྩོམ་རིག་གི་འབུམ་རམས་པའི་བསླབ་གནས་ལ་འཇུག་མགོ་བརྩམས།

  《མཁར་གྲོང་གི་རྨི་ལམ་སྐྱ་བོ》ཞེས་པའི་སྒྲུང་དེབ་འདིར། རྩོམ་པ་པོས་གཞོན་ནུའི་དུས་ཀྱི་འབྲོག་རུའི་འཚོ་བ་སྟེ། སྲོལ་རྒྱུན་གནས་བབ་འོག་གི་གནས་བབ་དང་འཚོ་སྟངས། ཁ་ཆར་བུ་ཡུག་ཁྲོད་ཀྱི་དཀའ་ཚེགས་དང་བརྩེ་དུངས། རིག་གནས་གསར་རྙིང་བར་གྱི་འགལ་འཐབ་དང་འཕག་འཚག་སོགས་བརྗོད་གཞི་བྱས་ཏེ་སྐྱིད་སྡུག་འདུ་འབྲལ་གྱི་གཏམ་རྒྱུད་འགའ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད་ལ། གཞན་ཡང་དུས་རབས་གོང་མའི་དུས་མཇུག་ཙམ་ནས་བཟུང་བོད་ཀྱི་སློབ་མ་དང་ཤེས་ཡོན་པ། ཚོང་པ་དང་ཞོར་ལས་པ་སྐོར་ཞིག་ཕྱི་རོལ་རྐྱེན་དང་འཚོ་བའི་རླུང་གིས་བདས་སྟབས། རོང་འབྲོག་གི་ཡུལ་ལུང་འགོལ་བོ་དག་ནས་རང་དབང་མེད་པར་འུར་ཟིང་ཆེ་བའི་གྲོང་ཁྱེར་ནང་ཞུགས་ཏེ། སོ་སོའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལས་དབང་གར་དུ་འཁྲབ་ཚུལ་བྲིས་ཡོད།

  གངས་སྨྱོན། སྐྱེ་མིང་ལ་ཁོན་ཐར་རྒྱལ་ཟེར་ཞིང་། ཕ་ཡུལ་ནི་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་རྐང་ཚར་འབོད་པའི་འབྲོག་སྡེ་དེ་ཡིན། ཆུང་ངུའི་དུས་ནས་ལ་གཞས་དང་གླིང་སྒྲུང་སོགས་ལས་ཡི་གེ་སྦྱོར་ཀློག་ལ་བསླབ་སྟེ། བེའུ་རྫི་དང་ནོར་རྫི། ལུག་ཁྱུའི་རྫི་རུ་ཨ་ཉོག་གི་ཉི་མ་རེ་རེ་ལ་མོའི་ཕར་རྒྱབ་ཏུ་བསྐྱལ་སྟབས། ཁོས་རང་ཉིད་ནི་རྩྭ་ཐང་སྟེང་གཞུང་ལམ་དང་གློག་སྡོང་། འཕྲུལ་ཆས་དང་ཁ་པར་སོགས་མེད་སྐབས་ཀྱི་མཇུག་མཐའི་མི་རབས་དེའི་དཔང་པོ་ཉག་གཅིག་ཏུ་རློམ་བཞིན་ཡོད། སྤྱིར་ན་རང་གཞན་མགུ་གང་བའི་བརྩམས་སྒྲུང་ཞིག་ནམ་ཡང་བྲི་དཀའ་མོད། ཡིན་ནའང་། དུས་རབས་གང་དེའི་དར་རྒུད་འཕེལ་འགྲིབ་ཀྱི་དན་རྟགས་སུ་གྱུར་པའི་གཏམ་རྒྱུད་འགའ་ཞིག ཕྱི་རབས་གཞོན་པ་ཚོའི་ཡིད་ལ་འཇོག་རྒྱུའི་ལོ་རྒྱུས་ཀྱི་འགན་འཁྲི་ནི་རང་ཉིད་ལ་ཅིས་ཀྱང་ཡོད་པར་སེམས་ཡོད།

  《མཁའ་འགྲོ་མའི་ཐང་ཆུ》ཞེས་པའི་དེབ་ཆུང་འདི་ནི་སྒྲུང་ཐུང་བསྡུས་དེབ་ཅིག་གི་གཟུགས་སུ་གྲུབ་པར་བྱས་ཡོད་ལ། འདིའི་ནང་གི་གཏམ་རྒྱུད་རྣམས་ཀྱིས་འཚོ་བ་ཕལ་བའི་ནང་གི་ཆེས་ཆུང་ཞིང་བརྗོད་རིན་མེད་པའི་མི་སེམས་ཀྱི་བདེ་སྡུག་འབའ་ཞིག་བརྗོད་བྱར་བཟུང་ཐོག ཆེས་དཀྱུས་མའི་ཚིག་གི་སྦྱོར་བ་དང་འཚོ་བའི་བདེན་པར་གཞོལ་བའི་ཐབས་འཕྲུལ་རིགས་ཤིག་ལ་བརྟེན་ནས་བརྩམས་ཆོས་རེ་གྲུབ་པར་བྱས་ཡོད་པ་ལ། དུངས་བརྗོད་སྦྲང་རྩི་མངར་མོའི་སྤུད་པ་དང་ཆེ་བརྗོད་ལོ་རབས་ཕྲེང་བའི་སྤྲོས་པ། ཤུགས་བརྗོད་སྦས་དོན་ཟབ་མོའི་གབ་པ་སོགས་ཀྱི་ཡོན་ཏན་དང་རིང་དུ་བྲལ་བས་ན། ཀློག་མཁན་ཀུན་གྱི“བསམ་པའི་རྒྱགས་ཕྱེ ”ལྟ་བུར་འགྱུར་རེའི་ཧམ་སེམས་ཀྱིས་ཡོངས་སུ་བཏང་ཡོད་ཀྱང་། མེ་ཏོག་ཆུང་རུང་མཆོད་རྫས་ཟེར་བ་ནང་བཞིན། གླེང་རིན་ཁྱོན་ནས་མེད་པ་ལྟ་བུའི་སྒྲུང་ནང་གི་མི་སྣ་དེ་དག་གི་དགའ་སྐྱོ་ཆགས་སྡང་གིས་ཁྱོད་ལ་ཆུང་ཆུང་གི“སྙིང་རྗེ”སྤུ་རྩེ་གཡོ་བ་ལྟ་བུ་རེ་སློང་ཐུབ་ཀྱི་རེ་བ་ལའམ་སྒེར་སེམས་ཤིག་བཅངས་ཡོད་པས། ཀུན་གྱིས་སློབ་སྟོན་དང་བསླབ་བྱའི་བྲག་ཅ་ཚུར་འཁོར་ལ་ལྷག་བསམ་ཟོལ་མེད་ཀྱིས་རྣ་བ་གཏད་ཡོད་དོ།

  པདྨ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་ཞང་གཅུན་འཁོར་ནས་སྐྱེས། སྔ་གཞུག་ཏུ་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་འགྲིམས་ནས་དངོས་གཞི་དང་ཞིབ་འཇུག་གི་སློབ་གཉེར་བརྒྱུད་ཅིང་། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་ཟབ་སྦྱོང་ལ་ཡང་ཞུགས་མྱོང་། 2008ལོ་ནས་མེལ་ཚེ་ཞེས་པའི་མིང་ཐོག་ནས་བརྩམས་སྒྲུང་གཙོ་བྱས་ཏེ་རྩོམ་ལུས་སྣ་ཚོགས་ཀྱི་གསར་རྩོམ་ལ་གཞོལ་ཁུལ་ཙམ་བྱས་ཏེ། བོད་ཀྱི་རྩོམ་རིག་དུས་དེབ《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》སོགས་སུ་བརྩམས་ཆོས་རེ་འགའ་སྤེལ། གཞན《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》བོད་འགྱུར་མའི་ལོ་ཙཱ་བ་དང་། ལོ་བཅུའི་བོད་ཀྱི་བརྩམས་ཆོས་གཅེས་བཏུས་རྒྱ་འགྱུར་མ་ལས་སྒྲུང་འབྲིང་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་བཅས་བྱས་མྱོང་།

  དེབ་འདི་སྡེ་ཚན་ལྔ་ཡིས་གྲུབ་ཅིང་། དེའི་ནང་དུ་བོད་ཁམས་ཀྱི་མིའི་ཡུལ་སྲོལ་གོམས་གཤིས་དང་གཏམ་རྒྱུད་ཀྱིས་རྨང་བཏིང་སྟེ་འཇིག་རྟེན་བདེན་ལུགས་ཀྱི་ངོ་བོ་དམར་རྗེན་དུ་མངོན་པར་བྱས་ལ། ཆུང་ཕྱོགས་ནས་རང་གི་བུ་མོར་བཅངས་པའི་བརྩེ་སེམས་གཞིར་བྱས་ཐོག་མིའི་གཉུག་གཤིས་ཁྲོད་ཀྱི་བྱམས་བརྩེ་དང་ཀུན་སྤྱོད་ཀྱི་བདེན་པ་གསལ་བོར་བསྟན་ཡོད། ཁོང་གི་ལྷུག་རྩོམ་བརྩམས་ཆོས་ཀྱི་བྱུང་རིམ་ལ་འགྱུར་ལྡོག་ཆེ་ཞིང་། སྐུལ་སློང་དང་ཡར་བསྐྱེད་ཀྱི་བསམ་བློ་ལྡན་པས་དེང་རབས་ན་གཞོན་པའི་ཁྲོད་དུ་རྒྱུན་མཐུད་ཀྱི་ཤུགས་རྐྱེན་ལྡོག་མེད་དུ་མཚོན།

  གཅན་མེ་སྟག དངོས་མིང་ལ་བསོད་ནམས་བསྟན་པ། གཅན་ཚ་ལྷ་ས་སྡེ་བ་རུ་སྐྱེས། སྙན་དེབ《ལྷོ་བཞུད་ཀྱི་ཆུ་འཛིན》སོགས་དེབ་འགའ་རེ་དཔར་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་རེ་གཉིས་ཀྱང་ཐོབ་མྱོང་། སྙན་རྩོམ་སྟོང་ཕྲག་ལྷག་བྲིས་ཡོད་པ་ལས་འགའ་ཞིག་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད།
 
རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《གཡུ་དྲུག་དཀར་དཔེ་ཚོགས》ཁག་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

2019-09-30 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།