《བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར》ཞེས་པ་པར་སྐྲུན་དང་འགྲེམས་སྤེལ་མཛད་པ།

  མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་ལས་«བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར»ཞེས་པ་2020ལོའི་ཟླ་10པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ནི་ (སྤྱི་ལོ༡༨༠༡-༡༨༦༧) མདོ་སྨད་གཙོས་བསྟན་འཛིན་ནང་ཞེས་པར་འཁྲུངས་ཤིང་། དགུང་གྲངས་ལྔ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་བྲག་དགོན་པ་བློ་བཟང་ཤེས་རབ་(སྤྱི་ལོ༡༧༢༨-༡༨༠༠) ཀྱི་སྤྲུལ་སྐུར་ངོས་འཛིན་མཛད།དགུང་ལོ་དྲུག་པར་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་དཀོན་མཆོག་བསྟན་པ་རབ་རྒྱས་ཞེས་བསྩལ།དགུང་གྲངས་བཅོ་ལྔ་པ་ལ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་།དགུང་ལོ་ཞེ་དགུ་པ་ལ་ཚོགས་ཆེན་ཁྲིར་བཞུགས།དབུས་སུ་ལན་གཉིས་ཕེབས། དམ་པ་ཁོང་ནི་སྤྱིར་མདོ་སྔགས་ཀྱི་གཞུང་ལ་མཁྱེན་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཤིང་ལྷག་པར་དུ་སྐུ་ཚེ་གང་བོར་བསྟན་དོན་ཁོ་ན་ཐུགས་ལ་དགོངས་པའི་ལྷག་བསམ་གྱི་མཛད་པ་ཁོ་ན་བསྐྱངས་པ་ཞིག་ཡིན།གསུང་རྩོམ་ཀྱང་མང་དུ་མཛད་ཡོད་པ་ལས་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ཞེས་པ་ཁྱད་པར་དུ་གྲགས་ཆེ་ཤིང་།ད་ལྟ་འཛམ་གླིང་གི་ཡིག་རིགས་དུ་མར་འགྱུར་ཡོད་ལ།མདོ་སྨད་ཀྱི་ལོ་རྒྱུས་ཆོས་འབྱུང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ནོ། །

  དེ་ནི་དམ་པ་ཁོང་གིས་བཀའ་ཆེམས་དང་།ཆོས་འབྱུང་། དེབ་ཐེར། ལོ་རྒྱུས། རྣམ་ཐར། བསྟན་རྩིས། འཁྲུངས་རབས། གདུང་རབས།རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག །རུས་མཛོད་སོགས་གསུང་རྩོམ་ལྔ་བརྒྱ་སུམ་ཅུ་ལྷག་གསན་གཟིགས་དང་། མདོ་སྨད་ཀྱི་ཡུལ་གྲུ་ཕལ་ཆེ་བར་ཆིབས་བསྐྱོད་ཀྱིས་དྲི་གཏུགས་དངོས་ཀྱི་ཐོག་ནས་རྩོམ་སྒྲིག་གནང་བ་ཞིག་ཡིན་ལ།རྣམ་ཐར་རང་དུའང་“ངེད་རང་ལོ་རྒྱུས་ཀྱི་ནང་ནས་རྒས་བཅུག”གསུངས་པ་དང་། ཁོང་གིས་མཛད་པའི་གསུང་རྩོམ་རྣམས་ལས་ཀྱང་དབལ་མང་པཎྜི་ཏའི་རྣམ་ཐར་དང་མདོ་སྨད་ཆོས་འབྱུང་འདི་གཉིས་ལ་རང་ཐུགས་རྩིས་ཆེན་པོ་གནང་ཡོད་དེ།“སྐུ་མཚམས་ཀྱི་ཁོངས་མདོ་སྨད་ཆོས་འབྱུང་གི་མཇུག་རྫོགས་པར་མཛད་དེ།རྩད་གཅོད་རྒྱུའི་རིགས་ཐད་ཀར་ཐོ་བྲིས་ཡོད་པས་རྩད་རེ་ཆོད་ན་སྲུབ་འཇུག་བྱས་ཆོག །མ་ཆོད་ན་ཐོ་བཏབ་ཡོད་པ་རྣམས་ལེན་དགོས།གསུང་རྩོམ་ཟེར་རྒྱུ་དེ་བྱིན་རླབས་མི་འདྲ་བ་ཞིག་གམ། ལེགས་བཤད་ཁྱད་པར་བ་ཅིག་དགོས།ངེད་ལྟ་བུ་གཞན་གྱིས་སྡོད་མ་བཅུག་པར་ཁར་ཅི་ཐོན་བྲིས་པ་ལ་གསུང་འབུམ་གྱི་ཐ་སྙད་མེད་པས་ཕྱོགས་སྒྲིགས་བྱེད་མི་དགོས།འོན་ཀྱང་ཨ་ལག་རྡོ་རྗེ་འཆང་གི་རྣམ་ཐར་དང་། མདོ་སྨད་ཆོས་འབྱུང་གཉིས།འདི་དག་རྣམས་ནི་མི་ལེགས་ནའང་།། བན་ཆུང་རྭ་ཡི་ལུགས་སུ་སྣང་།། གསུངས་པ་ལྟར་ཡིན་པས་དཔར་རེ་ཡང་གལ་ཆེ་གསུངས”ཡོད་པ་སོགས་རྣམ་ཐར་ལས་གསལ་ལོ།།

  འདིར་པར་དུ་བསྐྲུན་པའི་«བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར»ཏེ།མཚན་བྱང་རྒྱས་པར་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཐར་འདོད་རྨ་བྱ་དགའ་བའི་འབྲུག་སྒྲ་ཞེས་བྱ་བ་འདི་ནི།རྗེ་བཙུན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་དངོས་སློབ་སྒོ་མང་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་(སྤྱི་ལོ༡༨༤༡-༡༩༠༧) མཆོག་གིས་མཛད་པ་ཡིན་ལ།འདིའི་མ་དཔེ་ནི་མཛོད་དགེ་རྐང་ཚ་དགོན་དགའ་ལྡན་གསོ་རིག་བསམ་འགྲུབ་གླིང་དུ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་གྱི་དཔེ་ཆ་དབུ་མེད་བྲིས་མ་མདའ་ཚད་མ་ལྡེབས་མ་༢༦༡ཅན་ཞིག་བཞུགས་པ་མདའ་ཚན་དགོན་གྱི་ཨ་ཁུ་དགེ་འདུན་འཕྲིན་ལས་དང་།ཨ་ཁུ་ཡོན་ཏན་རྒྱ་མཚོ་དང་།ཨ་ཁུ་བཟོད་པ་རྒྱ་མཚོ་བཅས་ཀྱི་དོན་གཉེར་དང་འབད་རྩོལ་ལས་རྩོམ་སྒྲིག་གནང་ཞིང་།ཡང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་གནའ་དཔེ་དཔེ་སྐྲུན་གྱི་འཆར་གཞིའི་གྲས་སུ་བཞག་སྟེ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་སུ་བསྡུས་ནས་པར་དུ་བསྐྲུན།

  གཞན་ཡང་བྲག་དགོན་པའི་རྣམ་ཐར་གྱི་མཛད་པ་པོ་སྒོ་མང་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་འདི་པའི་རྣམ་ཐར་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་མཁན་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཚིགས་བཅད་དུ་བསྡེབས་པ་དད་པའི་འཁྲི་ཤིང་རྒྱས་པའི་མེ་ཏོག་ཅེས་བྱ་བ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་(སྤྱི་ལོ༡༨༦༦-༡༩༤༨)མཛད་པ་ཞིག་དང་།ཀུན་མཁྱེན་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་(སྤྱི་ལོ༡༨༥༦-༡༩༡༦)གིས་མཛད་པའི་འཇམ་མགོན་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ་སྒོ་མང་མཁན་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་བའི་རྣམ་པར་ཐར་བ་ཐར་འདོད་ལམ་བཟང་ཞེས་བྱ་བ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་དཔར་མདའ་ཚད་མ་ལྡེབས་མ་༡༣༤བཞུགས་པ་གཉིས་ཀྱང་ད་རེ་བྲག་དགོན་པའི་རྣམ་ཐར་དང་ལྷན་དུ་བཀོད་ཡོད།

                                                 ཞེས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཤེར་དོན་པས།

དཔེ་ཚོགས་རྩོམ་སྒྲིག་པའི་གཏམ།

  “མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ཞེས་པ་ནི་ཡུལ་མདོ་སྨད་ཀྱི་ལོ་རྒྱུས་ཞིབ་ཏུ་འཁོད་པའི་ཆོས་འབྱུང་སྔོན་གྱི་མཁས་པས་མཛད་པ་ལ་འདི་ལས་ཞིབ་པ་དཀོན་པས་གྲགས་ཆེ་ཞིང་། འཛམ་གླིང་གི་ཡིག་རིགས་དུ་མར་འགྱུར་ནས་འཕྲིན་ལས་ཀྱང་ཤིན་ཏུ་ཆེ་མོད། རྗེ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཆོག་གི་རྣམ་ཐར་གྱི་ཡིག་ཆ་འདི་ནི།ཁོང་སྐུ་དངོས་ཀྱི་ཞལ་སློབ་སྒོ་མང་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པ་ཡིན་པས་ཁུངས་བཙུན་ཞིང་ཡིད་རྟོན་ཕེར་ལ། དོན་གྱི་གནད་འདུས་ཤིང་ཚིག་གི་སྦྱོར་བ་ལེགས་པ་དང་། ཁ་གསལ་ལ་གོ་བདེ་བའི་རྩོམ་པ་རྨད་དུ་བྱུང་བ་ཞིག་ཏུ་མཆིས་ནའང་། སྔོན་མ་དཔེ་རྒྱུན་ཤིན་ཏུ་དཀོན་ཞིང་རང་དགར་མཇལ་དུ་མེད་པས། ཆོས་འབྱུང་གྲགས་ཅན་འདིའི་བྱེད་པོ་ཁོང་ལ་དེ་མཚུངས་ཀྱི་རྒྱུས་མངའ་མི་བདོག་པ་ནི་ཅུང་ཟད་ཕངས་པའི་གནས་སུ་མཆིས་པ། ད་རེ་ཁོང་གི་རྣམ་ཐར་འདི་ཉིད་དཔེ་སྐྲུན་བྱས་པ་དང་བསྟུན་ནས། སྐྱེ་བོ་ཀུན་རྗེ་འདི་ཉིད་ཀྱི་མཛད་པ་རྣམ་ཐར་ལ་ཆ་ཡོངས་ནས་ཤེས་རྟོགས་འབྱོངས་པ་དང་། དང་བའི་ཡིད་ཀྱིས་གང་གི་རྗེས་སུ་སློབ་པ་ལ་ཕན་རླབས་ཆེ་བའི་ལེགས་བྱས་ཤིག་ཏུ་འགྱུར་བར་ངེས། དེ་བཞིན་སྒོ་མང་མཁན་སྤྲུལ་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་འདི་པའང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་གྱིས་ཀུན་ནས་ཕྱུག་ཅིང་། གཞན་ཕན་གྱི་འཕྲིན་ལས་ལ་མངའ་བརྙེས་པའི་ངེས་དོན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། ལྷག་པར་འདི་པ་རྗེ་བྲག་དགོན་པའི་དངོས་སློབ་དང་རྣམ་ཐར་གྱི་ཡི་གེའི་བྱེད་པོ་ལགས་པས། ཅི་ནས་ཀྱང་དོ་གལ་ནན་ཏན་བྱར་འོས་མོད།ཐོས་པའི་ཁ་སྟབས་ཞན་པའི་སྐྱེ་བོ་རྣམས་ལ་ནི་འདི་པའི་མཛད་རྣམ་གྱི་རིམ་པ་དག་ཀྱང་ཤིན་ཏུ་ལྐོག་གྱུར་གྱི་དངོས་པོར་སོང་འདུག་པས། ད་རེ་འདི་པའི་རྣམ་ཐར་རྒྱས་བསྡུས་གཉིས་རྗེ་བྲག་དགོན་པའི་རྣམ་ཐར་དང་ལྷན་དུ་དཔེ་སྐྲུན་བྱས་པའང་མཁོ་གལ་དང་དགོས་པ་ཤིན་ཏུ་ཆེ་བར་སེམས།”

                                                   མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོས།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར》ཞེས་པ་པར་སྐྲུན་དང་འགྲེམས་སྤེལ་མཛད་པ།

2020-10-17 ཤེར་དོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།