《འཛམ་གླིང་རྩོམ་རིག》དེབ་གསུམ་པ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ།

《འཛམ་གླིང་རྩོམ་རིག》གི་འཕྲིན་སྟེགས 琼迈文学网 2022-02-20འཛམ་གླིང་རྩོམ་རིག་སྐོར་གྱི་བོད་ཡིག་གི་ལོ་དེབ་ཐོག་མ།
སྔོན་བོད་དུ་མ་འགྱུར་བའི་བརྩམས་ཆོས།
དབྱིན་བོད་རྩོམ་རིག་ལོ་ཙཱའི་དཔེ་གཞི།

རྩོམ་རིག་གསར་རྩོམ་དང་ལོ་ཙཱ།
ཉམས་ཞིབ་པ་དག་གི་དན་གྲོགས།
《འཛམ་གླིང་རྩོམ་རིག》དེབ་གསུམ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

IRISH SHORT STORY WRITERS
ཆེད་བསྒྲིགས།  ཨེར་ལན་གྱི་སྒྲུང་ཐུང་།
དེབ་འདིའི་ཆེད་བསྒྲིགས་ལེ་ཚན་གྱི་ནང་དུ།   ཨེར་ལན་གྱི་རྩོམ་པ་པོ་སྐད་གྲགས་ཅན་དགུ་ཡི་སྒྲུང་ཐུང་དགུ་བདམས་ནས་བོད་ཡིག་ཏུ་བསྒྱུར་ཡོད།  དེའི་ཁྲོད་དུ་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་རྩོམ་པ་པོ་གལ་ཆེ་ཤོས་ཀྱི་གྲལ་དུ་འཁོད་པར་བྱེད་པའི་ཇོའེ་སི་དང་།   བྷེ་ཁེད་ལྟ་བུ་ཡོད་ལ།   སྒྲུང་ཐུང་གིས་སྐད་གྲགས་ཆོད་པའི་ཨོ་ཁོན་ནོར་དང་།   ཐྲེ་ཝོར་ལྟ་བུ་ཡོད།  ཕྱི་མ་ཁོང་ལ་ཨེར་ལན་གྱི་ཆེ་ཧྭོབ་ཅེས་མཚན་སྙན་གསོལ་ཡོད་པ་རེད།  ད་དུང་མག་གྷ་ཧེན་དང་།   མག་ཁན།    ཋོ་བྷིན།    ཨོ་ཁ་ལ་ཧན་དང་།  བུད་མེད་རྩོམ་པ་པོ་ཁི་གྷན་བཅས་ཀྱང་།   ཨེར་ལན་གྱི་རྒྱལ་ཁོངས་ཙམ་དང་དབྱིན་ཡིག་སྤྱོད་པའི་རྒྱལ་ཁབ་ཁག་ལས་བརྒལ་ཏེ་འཛམ་གླིང་རྩོམ་རིག་གི་ཁྱབ་ཁོངས་སུ་སྙན་གྲགས་རྒྱས་ཡོད་པ་ཁག་ཅིག་ཡིན།   སྒྲུང་ཐུང་འདི་དག་ནི་བརྗོད་བྱ་སྣ་གཅིག་མ་ཡིན་པར་དུ་མ་ཅན་དང་།    སྒྱུ་རྩལ་གྱི་ཁྱད་ཆོས་དང་མཚོན་ཐབས་སོགས་ཀྱང་སོ་སོ་བ་དང་བྱེ་བྲག་ཅན་དུ་སྣང་བ་འབའ་ཞིག་ཡིན།   བརྩེ་དུང་དང་འདོད་པ།    ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ནི་ཨེར་ལན་གྱི་སྒྲུང་ཐུང་གི་བརྗོད་གཞི་གཙོ་བོ་ཞིག་ཡིན།  ཆེད་བསྒྲིགས་འདི་ཡིས་ཨེར་ལན་གྱི་སྒྲུང་ཐུང་སྒྱུ་རྩལ་གྱི་ཕུན་སུམ་ཚོགས་ལ་སྣ་མང་བའི་རང་བཞིན་ཞིག་མཚོན་ཐུབ་ཀྱི་ཡོད་ལ།    ཆེད་བསྒྲིགས་འདི་ལ་བརྟེན་ནས་ཁྱེད་རང་ཨེར་ལན་གྱི་སྒྲུང་ཐུང་ལ་ངེས་ཤེས་རགས་རིམ་ཙམ་སྐྱེ་ཐུབ་པའི་ཡིད་ཆེས་ཡོད།

James Joyce “The Sisters”
Samuel Beckett “Walking Out”
Frank O’Connor “My Oedipus Complex” 
John McGahern “My Love, My Umbrella”
Colum McCann “Fishing the Sole-Black River”
William Trevor “The Piano Tuner’s Wives”
Colm Tóibín “A Song”
Claire Keegan “Dark Horses” 
Billy O’Callaghan “Zhuangzi Dreamed 
He was a Butterfly”

SHORT STORY WRITERS
སྒྲུང་ཐུང་ཁག་ལྔ།
དེབ་འདིའི་སྒྲུང་ཐུང་ལེ་ཚན་གྱི་ནང་དུ།   བྷར་ཛིལ་གྱི་རྩོམ་པ་པོ་ཨ་ཞི་སི་དང་།    ཉི་ཧོང་གི་རྩོམ་པ་པོ་ཌ་ཛ་ཨི་དང་།   མུ་ར་ཁ་མི།    ཕོ་ལན་གྱི་བུད་མེད་རྩོམ་པ་པོ་ཐོ་ཁར་ཆུག  ཨི་སི་རེལ་གྱི་རྩོམ་པ་པོ་ཁེ་རེད་བཅས།  འཛམ་གླིང་ཀློག་མཁན་གྱི་དགའ་བསུ་ཐོབ་ཡོད་པའི་རྩོམ་པ་པོ་ལྔ་ཡི་སྒྲུང་ཐུང་ཁག་ལྔ་བཀོད་ཡོད།     དེ་དག་ལས་བྷར་ཛིལ་གྱི་རྩོམ་པ་པོ་དེ་ནི་དུས་རབས་སྔོན་མའི་རྩོམ་པ་པོ་ཞིག་ཡིན་ནའང་ཁོང་གི་བརྩམས་ཆོས་ལ་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་ཡོད་ལ།    ཉི་ཧོང་གི་རྩོམ་པ་པོ་གཉིས་ལས་ཌ་ཛ་ཨི་ནི་འཇིག་རྟེན་ལ་ཞེན་ལོག་གིས་ལོ་གཞོན་དུས་རང་སྲོག་བཅད་ཅིང་བརྩམས་ཆོས་ལ་སྐྱོ་སྣང་གིས་གོས་པའི་རང་རྣམ་གྱི་ཁྱད་ཆོས་དོད་པ་ཞིག་དང་།   མུ་ར་ཁ་མི་ནི་ད་ལྟ་འཛམ་གླིང་དུ་བརྩམས་ཆོས་ཆེས་བྲིན་ཞིང་རྒྱུགས་ཆེ་བའི་རྩོམ་པ་པོ་ཞིག་ཡིན་པ་ཀུན་ལ་གསལ་ཆ་ཆེ།   ཕོ་ལན་གྱི་བུད་མེད་རྩོམ་པ་པོ་ཁོང་ནི་ལོ་འདི་གའི་རིང་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཞིག་ཡིན་ལ།    སྒྲུང་ཐུང་འདི་ནི་མོའི་བརྩམས་ཆོས་གསར་ཤོས་ཤིག་ཡིན།   ཨི་སི་རེལ་གྱི་རྩོམ་པ་པོ་ཁེ་རེད་ནི་སྤྲོ་གར་དང་རྩེད་མཚར་གྱི་ཉམས་དང་ལྡན་པའི་ངང་འཚོ་བ་དང་མངོན་སུམ་གྱི་གནད་དོན་ལྗིད་ཆེ་བ་དག་བརྗོད་མཁན་ཞིག་ཡིན་ལ།    ཁོང་གི་བརྩམས་ཆོས་ནི་ཚིག་ཉུང་དོན་འདུས་ཐོག་དགོད་བྲོ་ཞིང་ཟུར་ཟའི་ཉམས་ཅན་ཞིག་ཡིན།

Machado de Assis “Admiral’s Night”
Osamu Dazai “One Snowy Night”
Haruki Murakami “Men without Women”
Olga Tokarczuk “The Ugliest Woman in the World”
Etgar Keret “Suddenly, a Knock on the Door”

POETS & ESSAYIST
སྙན་ངག   དཔྱད་པ།   བཅར་འདྲི།
དེབ་འདིའི་སྙན་ངག་གི་ལེ་ཚན་གྱི་ནང་དུ།    གྷི་རིག་གི་དེང་རབས་སྙན་ངག་པ་ཁ་ཝ་ཧྥི་དང་།    ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཝལ་ཁོད།    རོ་མ་ནི་ཡ་ཡི་སྙན་ངག་པ་སོ་རེ་སི་ཁུ་བཅས་སྙན་ངག་པ་གསུམ་གྱི་སྙན་ངག་ཁག་ཅིག་དབྱིན་བོད་ཤན་སྦྱར་གྱི་ཚུལ་དུ་བཀོད་ཡོད།  ཀློག་མཁན་དག་གིས་ཁ་ཝ་ཧྥི་ཡི་སྙན་ངག་ལས་གོ་བདེ་ནའང་གཏིང་ཟབ་པའི་སྙན་ངག་རྩོམ་སྟངས་ཤིག་དང་།    ཝལ་ཁོད་ཀྱི་སྙན་ངག་ལས་མཚོན་བྱེད་དང་དཔེ་ཡི་ཕ་རོལ་དུ་གནས་པའི་མི་སེར་སྤེལ་ཡུལ་གྱི་གནས་སྟངས་ཤིག    སོ་རེ་སི་ཁུ་ཡི་སྙན་ངག་ལས་ཀུ་རེ་རྩེད་མཚར་འདྲེས་མའི་ཟུར་ཟ་རིགས་ཤིག་རྟོགས་ཐུབ་ཀྱི་ཡོད།   དཔྱད་ཞིབ་ལེ་ཚན་གྱི་ནང་དུ།   དབྱིན་ཇིའི་སྙན་ངག་པ་ཆེན་པོ་ཨེ་ལིའོ་ཋི་ཡི་དཔྱད་རྩོམ་གྲགས་ཅན《སྲོལ་རྒྱུན་དང་སྐྱེས་བུ་སྒེར་གྱི་རྣམ་དཔྱོད》ཅེས་པ་དང་།    འཇར་མན་གྱི་མཚན་ཉིད་རིག་པ་དང་རྩོམ་རིག་མཁས་ཅན་བྷེན་ཇ་མིན་གྱི་རྩོམ་རིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་གྲགས་ཅན《ལོ་ཙཱ་བའི་འོས་འགན》ཞེས་པ་གཉིས་བོད་ཡིག་ཏུ་བསྒྱུར་ཏེ་བཀོད་ཡོད་ཅིང་།  ཞོར་དུ་ཨ་རིའི་ཞིབ་འཇུག་པ་ཁོ་ཧེན་གྱི་རྩོམ་རིག་ནང་གི་ཟུར་ཟ་བརྗོད་བྱར་བྱས་པའི་རྩོམ་ཐུང་ཞིག་དང་།   བྷོབ · ཌི་ལན་གྱིས་ནོ་བྷེལ་རྩོམ་རིག་བྱ་དགའི་གསོལ་སྟོན་ལ་གནང་བའི་གཏམ་བཤད་བཅས་བསྒྱུར་ཡོད།  དཔྱད་ཞིབ་འདི་དག་གི་བརྗོད་བྱ་ནི་རང་རེའི་རིག་གནས་དང་རྩོམ་རིག    རྩོམ་རིག་ལོ་ཙཱའི་སྐོར་གྱི་བརྗོད་གཞི་གལ་ཆེན་ཁག་ཡིན་པས།འདི་དག་བོད་ཡིག་ཏུ་བསྒྱུར་བ་འདིས་རང་རེའི་རྩོམ་རིག་ཞིབ་འཇུག་དང་སྐྱོན་བརྗོད།    རྩོམ་རིག་ལོ་ཙཱའི་ཉམས་ཞིབ་དང་སྐྱོན་བརྗོད་ལ་ཕན་ཐོགས་ཅུང་ཟད་འབྱུང་བ་ནི་གདོན་མི་ཟ་སྙམ།   བཅར་འདྲིའི་ལེ་ཚན་གྱི་ནང་དུ།   ཆི་ལི་ཡི་སྙན་ངག་པ་ཆེན་པོ་ནེ་རུ་ཌ་ཡི་བཅར་འདྲི་ཞིག་དང་།  མེག་སི་ཁོ་ཡི་སྙན་ངག་པ་ཆེན་པོ་ཕ་སི་ཡི་བཅར་འདྲི་ཞིག་བཀོད་ཡོད།  ཁོང་གཉིས་ནི་སོ་སོའི་སྐད་ཡིག་རིག་གནས་ཀྱི་ཁྱབ་ཁོངས་ཙམ་མ་ཡིན་པར་འཛམ་གླིང་རྩོམ་རིག་གི་སྡེ་ལ་སྐད་གྲགས་ཆེ་བའི་སྙན་ངག་པ་གཉིས་ཡིན་ལ།   ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཡང་ཡིན་པས།    ཁོང་གཉིས་ཀྱིས་རང་ཉིད་སོ་སོའི་རྩོམ་རིག་གསར་རྩོམ་དང་མི་ཚེའི་བརྒྱུད་རིམ་ལ་སྦྲེལ་ཏེ་སྨྲས་པའི་སྐད་ཆ་འདི་དག་ནི་རྩོམ་རིག་ལ་འཇུག་མཁན་དག་གི་ལེགས་བཤད་ལྟ་བུ་དང་ལམ་སྟོན་ལྟ་བུ་རུ་འགྱུར་ངེས་ཤིང་།  ཁྱད་པར་དུ་ལས་དང་པོ་བ་དག་མཚོན་ན་ཡང་ཡང་ཀློག་པའི་རིན་ཐང་ཆེན་པོ་ཡོད་སྙམ།

C. P. Cavafy “Candles”
Derek Walcott “The Castaway”
Marin Sorescu “Carbon Paper”

T. S. Eliot “Tradition and the Individual Talent”
Walter Benjamin “The Task of the Translators”
Richard Cohen “The Power of Irony”
Bob Dylan “Banquet Speech”

Pablo Neruda “An Interview”
Octavio Paz “An Interview”

ཆེད་དུ་ཞུ་དགོས་པ་ཞིག་ལ།
《འཛམ་གླིང་རྩོམ་རིག》དེབ་གསུམ་པའི་འགྲེམས་སྤེལ་བདག་དབང་ཆ་ཚང་གཙུག་ལག་ཕྲེང་བ་དཔེ་ཁང་ལ་དབང་བས། ཀློག་མཁན་དག་གིས་གཙུག་ལག་ཕྲེང་བ་དཔེ་ཁང་བརྒྱུད་ནས་《འཛམ་གླིང་རྩོམ་རིག》དེབ་གསུམ་པ་མངག་ཉོ་གནང་བར་ཐུགས་རྗེ་ཆེ་ཞུ།གཙུག་ལག་ཕྲེང་བ། དཔེ་ཀློག་ལ་བརྟེན་ནས།
ལྟ་བའི་རྒྱ་བསྐྱེད་ཅིང་། ཐོས་པའི་བོགས་འདོན།
གོ་བའི་གཏིང་ལོངས་ལ། རིག་པའི་སྟོབས་སྐྱེད་ཅིག
གཙུག་ལག་ཕྲེང་བ། དཔེ་ཀློག་ལ་བརྟེན་ནས།
འཚོ་བའི་སྙིང་བོ་ལེན་ཞིང་། བདེན་པའི་ལམ་ཁ་འཚོལ།དཔེ་དེབ་ཉོ་མཁན་དག་གིས་གཙུག་ལག་ཕྲེང་བ་དཔེ་ཁང་ལ་འབྲེལ་བ་གནང་རོགས། སིལ་ཚོང་དང་སྡེབ་ཚོང་གཉིས་ཀ་བྱེད་ཀྱི་ཡོད།

ཟུར་བཀོད། མི་སྣ་གྲགས་ཅན་ཁག་ཅིག་གིས་བརྙན་ལམ་ནས《འཛམ་གླིང་རྩོམ་རིག》གླེང་བ། https://mp.weixin.qq.com/s/jRM_ECGueAW_sbOb6KVS8Q

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《འཛམ་གླིང་རྩོམ་རིག》དེབ་གསུམ་པ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ།

2022-02-20 《འཛམ་གླིང་རྩོམ་རིག》གི་འཕྲིན་སྟེགས ཀློག་གྲངས། མཆན ཡོད།འཛམ་གླིང་རྩོམ་རིག་སྐོར་གྱི་བོད་ཡིག་གི་ལོ་དེབ་ཐོག་མ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།