བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ཟི་ལིང་དུ་སྐུ་གཤེགས་པ།


གཅན་མེ་སྟག་མཆོག་2009ལོར་མཚོ་སྔོན་པོའི་འགྲམ་དུ་སྐབས་བཞི་པའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུར”ཞུགས་སྐབས་ཀྱི་སྐུ་བརྙན། (པར་དབང་། སྐྱབས་ཆེན་བདེ་གྲོལ)


དེ་སྔ་པར་དུ་བསྐྲུན་ཟིན་པའི་གཅན་མེ་སྟག་གི་བརྩམས་ཆོས་པོད་གསུམ།

 
  བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་གམ་དངོས་མིང་ལ་བསོད་ནམས་བསྟན་པར་འབོད་པ་གང་དེ་2022ལོའི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་སྙུན་གཞིའི་རྐྱེན་པས་དགུང་གྲངས་ང་གཉིས་སྟེང་ཟི་ལིང་དུ་སྐུ་གཤེགས། ཁོང་ནི་དེ་སྔ་ཟི་ལིང་གི་སྙན་ངག་ཚོགས་པ“གནའ་མཁར་འདྲེ་བཞིའི”གྲས་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྟོད་དུ་མིང་གྲགས་རྒྱས་པ་ཡིན་ནའང་སྙན་ངག་པའི་གདན་ཐོབ་ནི་འཇུ་སྐལ་བཟང་དང་། ལྗང་བུ། ཨོ་རྒྱན་རྡོ་རྗེ་སོགས་དང་མཉམ་པ་ཞིག་ཡིན།
  ཁོང་1970ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐུ་བལྟམས་ཤིང་། 1989ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བསྣོལ་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སུ་སྙན་ངག་300 ལྷག་དང་ལྷུག་རྩོམ་50 ལྷག  གླུ་ཚིག་20ལྷག་རྩོམ་སྤེལ་མཛད།  སྔ་ཕྱིར་མགོ་ལོག་དང་ཟི་ལིང་སོགས་སུ་བྱ་བ་བསྒྲུབས།  སྙན་དེབ《ལྷོ་བཞུད་ཀྱི་ཆུ་འཛིན》དང་《ཚེར་སིལ་སྐྱ་བོ》ལྷུག་རྩོམ་དེབ《བུ་མོ་གཡུ་ཆུང་ཟླ་བ》སོགས་དེབ་འགའ་པར་སྐྲུན་བྱས་ཤིང་ཀློག་མཁན་གྱི་དགའ་བསུ་དཔག་མེད་ཐོབ། ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་སྣ་ཚོགས་ཐོབ། སྙན་རྩོམ་སྟོང་ཕྲག་ལྷག་བྲིས་ཡོད་པ་ལས་འགའ་ཞིག་དབྱིན་ཇི་དང་ཧྥ་རན་སེ། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད།
  གཅན་མེ་སྟག་མཆོག་དགུང་གྲངས་ཉུང་ངུ་ལས་མ་ཟིན་པར་སྐུ་གཤེགས་པ་ནི་བོད་ཀྱི་རྩོམ་རིག་གི་སྡེ་དང་ལྷག་དོན་སྙན་ངག་གི་སྡེའི་གྱོང་གུན་ཆེན་པོ་ཞིག་ཡིན།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་བཀོད་པའི་གཅན་མེ་སྟག་གི་རྩོམ་ཡིག་ཆ་ཚང་གི་སྦྲེལ་ཐག https://www.tibetcm.com/e/search/result/?searchid=23

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་གཅན་མེ་སྟག་གི་ཆེད་ཞུས་དྲ་ངོས། https://www.tibetcm.com/specialist/canmedak/


རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ཟི་ལིང་དུ་སྐུ་གཤེགས་པ།

2022-09-21 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

གཅན་མེ་སྟག་མཆོག་2009ལོར་མཚོ་སྔོན་པོའི་འགྲམ་དུ་སྐབས་བཞི་པའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུར”ཞུགས་སྐབས་ཀྱི་སྐུ་བརྙན། (པར་དབང་། སྐྱབས་ཆེན་བདེ་གྲོལ)


དེ་སྔ་པར་དུ་བསྐྲུན་ཟིན་པའི་གཅན་མེ་སྟག་གི་བརྩམས་ཆོས་པོད་གསུམ།

 
  བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་གམ་དངོས་མིང་ལ་བསོད་ནམས་བསྟན་པར་འབོད་པ་གང་དེ་2022ལོའི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་སྙུན་གཞིའི་རྐྱེན་པས་དགུང་གྲངས་ང་གཉིས་སྟེང་ཟི་ལིང་དུ་སྐུ་གཤེགས། ཁོང་ནི་དེ་སྔ་ཟི་ལིང་གི་སྙན་ངག་ཚོགས་པ“གནའ་མཁར་འདྲེ་བཞིའི”གྲས་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྟོད་དུ་མིང་གྲགས་རྒྱས་པ་ཡིན་ནའང་སྙན་ངག་པའི་གདན་ཐོབ་ནི་འཇུ་སྐལ་བཟང་དང་། ལྗང་བུ། ཨོ་རྒྱན་རྡོ་རྗེ་སོགས་དང་མཉམ་པ་ཞིག་ཡིན།
  ཁོང་1970ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐུ་བལྟམས་ཤིང་། 1989ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བསྣོལ་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སུ་སྙན་ངག་300 ལྷག་དང་ལྷུག་རྩོམ་50 ལྷག  གླུ་ཚིག་20ལྷག་རྩོམ་སྤེལ་མཛད།  སྔ་ཕྱིར་མགོ་ལོག་དང་ཟི་ལིང་སོགས་སུ་བྱ་བ་བསྒྲུབས།  སྙན་དེབ《ལྷོ་བཞུད་ཀྱི་ཆུ་འཛིན》དང་《ཚེར་སིལ་སྐྱ་བོ》ལྷུག་རྩོམ་དེབ《བུ་མོ་གཡུ་ཆུང་ཟླ་བ》སོགས་དེབ་འགའ་པར་སྐྲུན་བྱས་ཤིང་ཀློག་མཁན་གྱི་དགའ་བསུ་དཔག་མེད་ཐོབ། ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་སྣ་ཚོགས་ཐོབ། སྙན་རྩོམ་སྟོང་ཕྲག་ལྷག་བྲིས་ཡོད་པ་ལས་འགའ་ཞིག་དབྱིན་ཇི་དང་ཧྥ་རན་སེ། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད།
  གཅན་མེ་སྟག་མཆོག་དགུང་གྲངས་ཉུང་ངུ་ལས་མ་ཟིན་པར་སྐུ་གཤེགས་པ་ནི་བོད་ཀྱི་རྩོམ་རིག་གི་སྡེ་དང་ལྷག་དོན་སྙན་ངག་གི་སྡེའི་གྱོང་གུན་ཆེན་པོ་ཞིག་ཡིན།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་བཀོད་པའི་གཅན་མེ་སྟག་གི་རྩོམ་ཡིག་ཆ་ཚང་གི་སྦྲེལ་ཐག https://www.tibetcm.com/e/search/result/?searchid=23

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་གཅན་མེ་སྟག་གི་ཆེད་ཞུས་དྲ་ངོས། https://www.tibetcm.com/specialist/canmedak/


རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།