2022ལོའི་ནོ་བྷེལ་གྱི་རྩོམ་རིག་བྱ་དགའ་ཧྥ་རན་སེའི་བུད་མེད་རྩོམ་པ་པོ་ཨན་ཉི•ཨེག་ནཱོ་ལ་ཐོབ་པ།


   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། པེ་ཅིང་གི་ཡུལ་རྩིས་ཀྱི2022ལོའི་ཟླ10བའི་ཚེསགྱི6གི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2022ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཧྥ་རན་སེ་ཡིན་ཞིང་དགུང་གྲངས་82ཟིན་པའི་བུད་མེད་རྩོམ་པ་པོ་ཨན་ཉི•ཨེག་ནཱོ(Annie Ernaux) ལགས་ལ་ཕུལ་འདུག ཁོང་མོར་འཛམ་གླིང་གི་རིམ་པ་མཐོ་ཤོས་ཀྱི་རྩོམ་རིག་བྱ་དགའ་དེ་ཐོབ་པའི་རྒྱུ་མཚན་ནི། “ཁོང་མོའི་སྤོབས་པ་དང་ཚོར་བ་སྐྱེན་པོས་མི་སྒེར་གྱི་དྲན་པའི་རྩད་པ་དང་། གྱེས་འཐོར། སྤྱི་བའི་འཆིང་སྡོམ་བཅས་ཀྱི་རང་བཞིན་ཐེར་འདོན་བྱས་པ”ཡིན་པར་བརྗོད། ཁོང་མོ་དེ་སྔ་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། ཕྱིས་སུ་ཧྥ་རན་སེའི་རྒྱང་སྲིང་སློབ་གསོའི་ལྟེ་བ་ནས་ལས་ཀ་བསྒྲུབས། ལས་འཁྱུར་ངལ་གསོ་བྱས་རྗེས་མུ་མཐུད་རྩོམ་པའི་ཕྱག་ལས་མཛད།
  ཨེག་ནཱོ་ལགས་1974ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་པ་དང་། ད་ལྟའི་བར་དུ་བརྩམས་དེབ་བཅོ་ལྔ་ཡོད། 《གནས》དང《བུད་མེད་ཅིག》སོགས་བརྩམས་སྒྲུང་དུ་ཞིབ་ཆ་ལྡན་ཅིང་ཡིད་སེམས་སྐྱོམ་པའི་རྩོམ་ཐབས་ཀྱིས་འཚོ་ཚིས་ཞན་པའི་ཕ་མ་ཚོས་ཇི་ལྟར་མི་རབས་ཕྱི་མའི་མི་ཚེའི་བདེ་སྡུག་ཐད་འབད་པ་ལྷུར་ལེན་བྱས་པའི་བརྒྱུད་རིམ་བྲིས་ཏེ་ཧྥ་རན་སེའི་སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བའི་མིའི་སེམས་ཁམས་དང་འཚོ་བའི་གོམས་སྲོལ། དགའ་ཕྱོགས་དང་མོས་པ་ཐ་དད་པ་མཚོན་ཡོད།   ཁོང་མོའི་རང་རྣམ་གྱི་རྩོམ་ལས་བཅོས་པའི་གློག་བརྙན《དོན་རྐྱེན》ཞེས་པར་དེ་སྔ་སྐབས་དོན་བརྒྱད་པའི་ཝེ་ནེ་སི་གློག་བརྙན་དུས་སྟོན་གྱི་གསེར་གྱི་སེངྒེའི་བྱ་དགའ་ཐོབ་མྱོང་།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

2022ལོའི་ནོ་བྷེལ་གྱི་རྩོམ་རིག་བྱ་དགའ་ཧྥ་རན་སེའི་བུད་མེད་རྩོམ་པ་པོ་ཨན་ཉི•ཨེག་ནཱོ་ལ་ཐོབ་པ།

2022-10-06 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། པེ་ཅིང་གི་ཡུལ་རྩིས་ཀྱི2022ལོའི་ཟླ10བའི་ཚེསགྱི6གི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2022ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཧྥ་རན་སེ་ཡིན་ཞིང་དགུང་གྲངས་82ཟིན་པའི་བུད་མེད་རྩོམ་པ་པོ་ཨན་ཉི•ཨེག་ནཱོ(Annie Ernaux) ལགས་ལ་ཕུལ་འདུག ཁོང་མོར་འཛམ་གླིང་གི་རིམ་པ་མཐོ་ཤོས་ཀྱི་རྩོམ་རིག་བྱ་དགའ་དེ་ཐོབ་པའི་རྒྱུ་མཚན་ནི། “ཁོང་མོའི་སྤོབས་པ་དང་ཚོར་བ་སྐྱེན་པོས་མི་སྒེར་གྱི་དྲན་པའི་རྩད་པ་དང་། གྱེས་འཐོར། སྤྱི་བའི་འཆིང་སྡོམ་བཅས་ཀྱི་རང་བཞིན་ཐེར་འདོན་བྱས་པ”ཡིན་པར་བརྗོད། ཁོང་མོ་དེ་སྔ་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། ཕྱིས་སུ་ཧྥ་རན་སེའི་རྒྱང་སྲིང་སློབ་གསོའི་ལྟེ་བ་ནས་ལས་ཀ་བསྒྲུབས། ལས་འཁྱུར་ངལ་གསོ་བྱས་རྗེས་མུ་མཐུད་རྩོམ་པའི་ཕྱག་ལས་མཛད།
  ཨེག་ནཱོ་ལགས་1974ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་པ་དང་། ད་ལྟའི་བར་དུ་བརྩམས་དེབ་བཅོ་ལྔ་ཡོད། 《གནས》དང《བུད་མེད་ཅིག》སོགས་བརྩམས་སྒྲུང་དུ་ཞིབ་ཆ་ལྡན་ཅིང་ཡིད་སེམས་སྐྱོམ་པའི་རྩོམ་ཐབས་ཀྱིས་འཚོ་ཚིས་ཞན་པའི་ཕ་མ་ཚོས་ཇི་ལྟར་མི་རབས་ཕྱི་མའི་མི་ཚེའི་བདེ་སྡུག་ཐད་འབད་པ་ལྷུར་ལེན་བྱས་པའི་བརྒྱུད་རིམ་བྲིས་ཏེ་ཧྥ་རན་སེའི་སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བའི་མིའི་སེམས་ཁམས་དང་འཚོ་བའི་གོམས་སྲོལ། དགའ་ཕྱོགས་དང་མོས་པ་ཐ་དད་པ་མཚོན་ཡོད།   ཁོང་མོའི་རང་རྣམ་གྱི་རྩོམ་ལས་བཅོས་པའི་གློག་བརྙན《དོན་རྐྱེན》ཞེས་པར་དེ་སྔ་སྐབས་དོན་བརྒྱད་པའི་ཝེ་ནེ་སི་གློག་བརྙན་དུས་སྟོན་གྱི་གསེར་གྱི་སེངྒེའི་བྱ་དགའ་ཐོབ་མྱོང་།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།