འཚོ་བཅུད་རིག་པའི་འགྱུར་དེབ་ཅིག་གསར་ཐོན་བྱུང་བ།

སྒོ་ཡོན། 琼迈文学网 2022-11-29

སྔོན་འགྲོའི་གཏམ།   མཁན་པོ་ཚུལ་ཁྲིམས་བློ་གྲོས།   
རྩོམ་མཁན།    [ཨ་རི།]  ཞི་འབྱམས།
ལོ་ཙཱ་པ།  སྒོ་ཡོན།
ཡིག་འབྲུ།    272000
ཤོག་གྲངས།   670
ཐ་སྙད་གསར་པ།   1070
ཟུར་མཆན།   1190
དན་གྲངས་མཚོན་རིས།  48
དཔྱད་བསྡུར་ཡིག་ཆ།   1100

 གཅིག
  «སྐྱེས་ཐོབ་ཀྱི་གསོ་བྱེད»ཅེས་བྱ་བ་འདི་ཉིད་ནི། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཐུགས་བཀོད་གནང་བ་དང་། མ་ཡིག་གི་རྩོམ་པ་པོ་དང་པར་དབང་མཁན་གྱིས་དངོས་སུ་ཆོག་མཆན་བསྩལ་བ་ལྟར།  གུས་པས་ལོ་ངོ་གཉིས་ལྷག་གི་རིང་ལ་བོད་ཡིག་ཏུ་བསྒྱུར་ཅིང་ཞུ་དག་བྱས་པའི་ཕྱི་དར་འཚོ་བཅུད་རིག་པའི(Nutrition Science)འགྱུར་དེབ་གསར་པ་ཞིག་ཡིན།
དེ  བ་འདིར་རྩོམ་པ་པོས་ཚན་རིག་ཞིབ་འཇུག་གི་རྒྱབ་རྟེན་ཡིག་ཆ་དགུ་བརྒྱ་ལྷག་དང་ཚན་རིག་གི་དན་གྲངས(Data)ཆེས་གསར་ཤོས་རྣམས་ལ་གཞི་བཅོལ་ནས་འཚོ་བཅུད་ཀྱི་རྣམ་གཞག་རྒྱས་པར་བྲིས་ཡོད་པས་སྒྲུབ་བྱེད་ཁུངས་བཙན་པ་དང་། མ་ཡིག་བརྩམས་ནས་ལོ་ངོ་གསུམ་ཙམ་ལས་འགོར་མེད་པས་དུས་ཀྱིས་མ་དོར་བའི་གཞུང་ཞིག་ཀྱང་ཡིན།
  དེ་ཡང་འདི་ལྟ་སྟེ། དེབ་འདིར་བཟའ་བཏུང་སྤྱི་དང་། ཡང་སྒོས་སུ་འབྲུ་རིགས་དང་།  ལྡུམ་རིགས་དང་།  སིལ་ཏོག་དང་། ཤ་རིགས་དང་།  འོ་མ་དང་།  བྱ་སྒོང་སོགས་ལ་ལྡན་པའི་འཚོ་བཅུད་སྣ་ཚོགས་ཀྱི་ངོ་བོ་དང་རང་བཞིན། འཚོ་བཅུད་དེ་རྣམས་ཀྱིས་ལུས་སེམས་ལ་ཤུགས་རྐྱེན་བཟང་ངན་ག་འདྲ་ཐེབས་པའི་ཚུལ་ཞིབ་ཅིང་ཕྲ་བས་སྒོ་ནས་བརྗོད་ཡོད་པ་དང་།  ལྷག་པར་ཟས་སྤྱོད་འཇུག་ལྡོག་མ་ནོར་བ་ལ་བརྟེན་ནས་གཅིན་སྙི་དང་། ངན་སྐྲན་དང་། ཁྲག་ནད་དང་། ཚོ་ནད་དང་། དྲེག་ནད་སོགས་དེང་རབས་ཀྱི་ནད་ངན་མང་པོ་ཞིག་འགོག་ཚུལ་དང་བཟློག་ཐབས་གསལ་པོ་བསྟན་ཡོད་པས།  དེབ་འདི་ནི་སྐྱེས་ཕོ་མོ་དང་ལོ་ཆེ་ཆུང་གི་ཁྱད་མེད་པར་རང་ཉིད་ལུས་ཁམས་བདེ་ཐང་འབྱུང་བར་འདོད་པའི་སྐྱེ་བོ་སུས་ཀྱང་བཀླག་འོས་པར་སྙམ།
དེའི་དབང་གིས། གུས་པ་རང་ཉིད་ཀྱིས་ཀྱང་དེབ་འདི་ཉིད་བསྒྱུར་བའི་དངོས་གཞི་ལ་འཇུག་པ་ནས་བཟུང་ད་ལྟའི་བར་དུ། དེབ་འདིར་བསྟན་པ་ཇི་བཞིན་བཟའ་བཏུང་དང་སྤྱོད་ལམ་དག་ལག་ལེན་ཚང་ལ་མ་ནོར་བར་རང་ལུས་ལ་ཚོད་ལྟ་བྱས་པ་དང་། དུས་ཡུན་གང་འཚམས་ཤིག་འགོར་བ་ན་སྨན་ཁང་དུ་ཕྱིན་ཏེ་ཁྲག་ལ་བརྟག་པའི་ཚེ། ལུས་ཀྱི་ཁྲག་ཤེད་ཆེ་ཆུང་དང་།  ཁྲག་མངར་མང་ཉུང་དང་།  རིམས་ཁེགས་ཀྱི་ནུས་པ་སོགས་ལ་སྐྱོན་གང་ཡང་བྱུང་མེད་པ་མཐོང་བས། དེབ་འདིར་བསྟན་པའི་ཟས་སྤྱོད་དག་ཚུལ་བཞིན་ཉམས་སུ་བླངས་ན་ཉེན་ཁ་མེད་པར་མ་ཟད། ལུས་ཁམས་བདེ་ཐང་འབྱུང་བ་ལ་ཕན་ནུས་ཡོད་པ་མྱོང་བ་དངོས་ཀྱིས་རྟོགས་པར་གྱུར།
 
གཉིས།
 གུས་པས་དེབ་འདི་ཉིད་བོད་ཡིག་ཏུ་ལེགས་པོ་བསྒྱུར་ཐུབ་པའི་ཆེད་དུ། འདས་པའི་ལོ་ངོ་གཉིས་ལྷག་གི་རིང་ལ་རྗོན•རོ་བྷིན་སི(John Robbins)ལགས་དང་། ཁྲི•ཁོ་ལིན•ཁེམ་ཕོལ(T. Colin Campbell)ལགས་དང་། བྷི་རན་ཌ•ཌེ་ཝེ་སི(Brenda Davis)ལགས་དང་། མའེ་ཁལ•རྒི་ར་རྒེར(Michael Greger)ལགས་སོགས་རྩི་ཤིང་ཟས་རིགས་འཚོ་བཅུད་རིག་པའི(Plant Based Nutrition)མཁས་པ་རྣམ་པས་མཛད་པའི་གཞུང་ཆེན་པོ་རྣམས་དང་། དེ་བཞིན་དུ་རྒྱུད་བཞག་རིག་པ(Genetics)དང་།  ནད་རྐྱེན་རིག་པ(Etiology)དང་། ཆ་རྡུལ་སྐྱེ་དངོས་རིག་པ(Molecular Biology)དང་། ནུབ་ལུགས་གསོ་རིག་བཅས་ཀྱི་གཞུང་དང་། རང་རེའི«དཔལ་ལྡན་རྒྱུད་བཞི»(རྩ་འགྲེལ)སོགས་འབྲེལ་ཡོད་ཀྱི་དེབ་བརྒྱ་ཕྲག་ལྷག་མཇལ་ནས་རང་གི་བློས་ལྕོགས་ཚོད་ཀྱིས་སློབ་སྦྱོང་གང་མང་བྱས་པ་དང་།  དེ་ལ་བརྟེན་ནས་ད་གཟོད་དེབ་འདི་ཉིད“ཁ་ལོ་བསྒྱུར”ཕོད་པར་གྱུར།
གུས་པས་དེབ་འདིའི་མ་ཟིན་བསྒྱུར་བའི་འོག་ཏུ། ཐོག་མར་སྐད་ཡིག་བྱང་བའི་དགེ་རྒན་གྱི་གམ་དུ་བཅར་ཏེ་ཟླ་བ་གཅིག་ཕྱེད་ཀྱི་རིང་ལ་མ་ཡིག་གི་གོ་དཀའ་བའི་ཚིག་རྣམས་ཀྱི་སྒྲོ་འདོགས་བཅད་པ་དང་། སླར་ཡང་རྫས་འགྱུར་དང་ནུབ་ལུགས་གསོ་རིག་གི་ཆེད་ལས་མཁས་པ་གཉིས་ཀྱི་ཞབས་ལ་གཏུགས་ནས། ཟླ་བ་གཉིས་ཙམ་གྱི་རིང་ལ་མ་ཡིག་ནང་གི་རྫས་འགྱུར་དང་གསོ་རིག་གི་བརྡ་དོན་ཟབ་མོ་རྣམས་ཕུ་ཐག་བཅད་པ་དང་། དེའི་རྗེས་སུ་གླང་རབ་གཙུག་ལག་སློབ་ཆེན(Oxford University)གྱི་རབ་འབྱམས་པ་རེ་གཉིས་ཀྱི་གྲོགས་དན་ལ་བརྟེན་ནས་དེབ་འདིར་དྲངས་པའི་ལུང་ཚིག་གལ་ཆེན་དག་ལུང་ཁུངས་དངོས་ལ་གཤིབས་པ་དང་། མཐར་རྩོམ་པ་པོ་སྐུ་དངོས་ཀྱི་ཉེ་སར་བཏུད་དེ་ཟླ་བ་ལྔའི་རིང་དུ་མ་ཡིག་ཁྲོད་ཀྱི་དཀའ་གནད་དང་ཐེ་ཚོམ་ཅན་གྱི་རིགས་ཐམས་ཅད་ལ་གླེང་མོལ་ཡང་ནས་ཡང་དུ་བྱས་པ་དང་།  ཁོང་གི་བཀའ་འཁྲོལ་བ་བཞིན་བུ་ཡིག་ལ་འཕྲི་སྣོན་དང་ལེགས་བཅོས་ཀྱང་མང་པོ་བྱས་པ་ཡིན། 
 གཞན་ཡང་། དེབ་འདིར་བོད་སྐད་ནང་སྔོན་ཆད་མ་གྲགས་པའི་བརྡ་ཆད་དང་ཐ་སྙད་གསར་པ་ཆིག་སྟོང་ཙམ་བྱུང་བ་ཐམས་ཅད«དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད»ཀྱི་རྩོམ་སྒྲིག་པ་རྣམ་པའི་སྐུ་མདུན་དུ་ཕུལ་ནས། གུས་པས་བསྒྱུར་ཅིང་གཏན་ལ་ཕབ་པའི་མིང་ཚིག་རྣམས་དོན་ལ་གནས་ཡོད་མེད་བཀའ་འདྲི་ཞུས་པ་དང་། (དེབ་འདི་ནི«དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད»ཀྱི་དགོངས་པ་ཇི་བཞིན་བསྒྱུར་བའི་བོད་ཡིག་གི་འགྱུར་དེབ་སྔ་ཤོས་སུ་ཆགས་ཡོད།)
དེར་མ་ཟད། བོད་ཡིག་གི་ཀློག་པ་པོ་རྣམས་ཀྱི་རྒྱུད་ལ་གོ་བ་བདེ་བླག་ཏུ་བསྐྱེད་པའི་ཐབས་ལ་དམིགས་ཏེ། གུས་པས་འབྲེལ་ཡོད་ཀྱི་གཞུང་དང་། ཆེད་ཚན་ཚིག་མཛོད་དང་། དཔྱད་རྩོམ་སོགས་རྒྱུ་ཆ་ཁུངས་ཐུབ་པ་རྣམས་ལ་གཞི་བཅོལ་ནས། དེབ་འདིར་སྔར་མ་ཡིག་ཁྲོད་དུ་མེད་པའི་ཟུར་མཆན་གསར་པ་ཆིག་སྟོང་ཆིག་བརྒྱ་ལྷག་བཀོད་པ་དང་།  ད་དུང་རྒྱའི་མི་མིང་དང་ཡུལ་མིང་རྣམས་རྒྱ་སྐད་ལྟར་དང་།  ཉི་ཧོང་གི་མི་མིང་དང་ཡུལ་མིང་རྣམས་ཉི་སྐད་ལྟར་དང་། ཕྱི་རྒྱལ་གྱི་མི་མིང་དང་ཡུལ་མིང་རྣམས་དབྱིན་སྐད་ལྟར་བྲིས་ནས་ཡིག་རིགས་སོ་སོས་ཟུར་མཆན་ཡང་བཀོད་ཡོད།
 མདོར་ན།  འགྱུར་དེབ་འདི་ཉིད་མ་ཡིག་དང་ཐེངས་བཞི་ལ་གཤིབ་བསྡུར་བྱས་པ་དང་།  མ་ཡིག་གི“སེམས་ཀྱི་ས་བཀྲ”(Mind Map)དང་ཐེངས་གཉིས་ལ་བསྡུར་བ་སོགས། (གཅིག་བྱས་ན་དེབ་འདི་ནི“སེམས་ཀྱི་ས་བཀྲ”དང་བསྡུར་བའི་བོད་འགྱུར་དེབ་སྔ་ཤོས་ཡིན་སྲིད།) ཁྱོན་དག་བཅོས་ཐེངས་བཅོ་ལྔ་བྱས་པ་ཡིན་མོད། འོན་ཀྱང་། གུས་པ་ནི་སྐྱེས་སྦྱངས་ཀྱི་ཡོན་ཏན་རབ་ཏུ་དམན་པས།(ཚིག་འདི་ཉིད་ཁེངས་སྐྱུང་བྱེད་པའི་ཁུལ་གཏན་ནས་མིན།)  དེབ་འདི་བོད་ཡིག་ཏུ་བསྒྱུར་བ་ལ་ད་དུང་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་།  ཤེས་བཞིན་མ་ཡིན་པ་སོགས་ཀྱི་ཉེས་པ་མི་ཉུང་བ་ཞིག་ཤོར་ཡོད་སྲིད་ན། ད་ནི་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་སྡོམ་སེམས་བཅས་དཔར་ཐེངས་རྗེས་མ་རྣམས་སུ་རིམ་གྱིས་ལེགས་བཅོས་བྱེད་པའི་ལམ་ལ་འཇུག་གོ །
 
                                                                            སྒོ་ཡོན་གྱིས།
                                                                                       2022.11.25

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཚོ་བཅུད་རིག་པའི་འགྱུར་དེབ་ཅིག་གསར་ཐོན་བྱུང་བ།

2022-11-29 སྒོ་ཡོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།