བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་ཐོག་མ་ཀན་ལྷོའི་ལྟེ་བའི་གྲོང་ཁྱེར་གཙོས་ནས་སྤེལ་བ།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཀན་ལྷོ་ཁུལ་རིག་གནས་ཁང་གིས་གཙོ་སྒྲུབ་དང་། འཛོམས་ས་རིག་གནས་ལས་སྒྲུབ་ཁང་དང་ཚན་ཡ་ལས་སྒྲུབ་ཁང་གིས་རོགས་སྒྲུབ་བྱས་པའི་མཐུན་རྐྱེན་ལ་བརྟེན་ཏེ། ཇུས་འགོད་པ་རྩང་ཕུན་ཚོགས་དབང་རྒྱལ་གྱིས་ཇུས་འགོད་བྱས་པའི་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་ཐོག་མའི་བྱེད་སྒོ་ཀན་ལྷོ་ཁུལ་རིག་གནས་ཁང་གི་སུམ་ཐོག་ནས་སྤེལ།

འགྲེམ་སྟོན་གྱི་ཡུལ་དངོས་ལ་ཕེབས་པའི་བུ་མོ་ཆུང་ཆུང་བསྟན་འཛིན་དབྱངས་གསལ།

  ངེད་དྲ་བའི་གསར་འགོད་པས་སྤྱི་ཟླ་བདུན་པའི་ཚེས་7གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་བར་དུ་རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་འདིར་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་གཙོས་དང་ཐག་ཉེ་རིང་གང་རུང་ནས་ཕེབས་པའི་ཆེད་མཁས་པ་དང་། དགེ་འདུན་པ། རྩོམ་པ་པོ། སློབ་མ། སྲིད་གཞུང་གི་གཞུང་ཞབས་པ་སོགས་ལས་རིགས་མི་འདྲ་བའི་ལྟད་མོ་པ་བརྒྱ་ཡས་མས་ཞུགས་ཟིན་ལ། ཁོ་ཚོས་ཡུལ་དངོས་ནས་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་མཛེས་པ་ཉམས་སུ་མྱངས་ཤིང་ཚན་རྩལ་དང་བརྡ་འཕྲིན་གྱི་དུས་རབས་སུའང་བོད་ཡིག་གི་གློག་རྡུལ་ཡིག་གཟུགས་ཉིད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྣ་མང་ཕུན་སུམ་ཚོགས་པར་གྱུར་པའི་ལས་ངོ་མཚར་བ་དེར་རྗེས་སུ་ཡི་རངས་ཞུ་བའི་བསྔགས་ཚིག་སྣ་ཚོགས་ཕུལ་འདུག

སྐུ་མགྲོན་གྱིས་ཤིས་ཚིག་འབྲི་བཞིན་པ།

  འགྲེམ་སྟོན་འདི་ནི་བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཡིག་གཟུགས་ཀྱི་ཕྱོགས་བསྡུས་འགྲེམ་སྟོན་ཐོག་མའང་ཡིན་ལ། བོད་ཡིག་གི་ཡིག་གཟུགས་ལ་རྒྱུས་ལོན་དང་ཁྱབ་བསྒྲགས། རྩིས་འཁོར་ཡིག་གཟུགས་ཀྱི་སྣ་མང་རང་བཞིན་ལ་རོལ་མྱོང་བྱེད་ཆེད་བསྒྲུབས་པ་ཞིག་རེད། སྤྱིར་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཧ་ཅང་མང་པོ་འདུག་མོད། ཡིག་གཟུགས་དེ་དག་ཕྱོགས་བསྡུ་དང་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ། ཡིག་གཟུགས་འདེམ་སྐབས་ཟུར་ལྟ་བྱེད་ཆོག་པའི་ལག་དེབ་ཅིག་མི་འདུག་པས། རྩང་ཕུན་ཚོགས་དབང་རྒྱལ་གྱིས། ལོ་ངོ་གཉིས་ལྷག་གི་རིང་ལ་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་འཚོལ་བསྡུ་དང་དེ་འབྲེལ་གྱི་ཞིབ་འཇུག རྩིས་འཁོར་ཡིག་གཟུགས་ཀྱི་གནས་སྟངས་དང་རིགས། ཡིག་གཟུགས་རྣམས་ལ་ཞིབ་སྡུར་དང་དབྱེ་ཞིབ་བཅས་བྱས་ཏེ།བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་རྣམ་བཤད་༼Guide to Tibetan Typography༽ཅེས་པའི་བོད་དབྱིན་གཉིས་ཀྱི་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་ཟུར་ལྟའི་ལག་དེབ་གཉིས་སྒྲིག་གིན་ཡོད་འདུག

འགྲེམ་སྟོན་གྱི་ཡུལ་དངོས་ལ་ཕེབས་པའི་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་ཡོངས་དང་འགྲེམ་སྟོན་གཙོ་སྒྲུབ་ལས་མིའི་མཉམ་པར།

  རྩང་ཕུན་ཚོགས་དབང་རྒྱལ་གྱི་ཞིབ་འཇུག་གི་གྲུབ་འབྲས་ལྟར་ན། ད་སྔ་བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཡིག་གཟུགས་ ༡༣༨ འདུག་ལ། དེ་དག་ལ་ཡིག་ཚུགས་སྣ་ཁ་ ༢༥༨ ཙམ་འདུག དེ་རྣམས་རིགས་སུ་བཀར་ན། དབུ་ཅན་གྱི་ཡིག་གཟུགས་མི་འདྲ་བ་ ༨༥ དང་། དབུ་མེད་ཀྱི་ཡིག་གཟུགས་ ༤༧ ཡོད་པ་དང་།གཞན་ལཉྫ་དང་ཝརྟུ། ཞང་ཞུང་སྨར་ཡིག ཧོར་ཡིག་ལ་སོགས་བོད་ཡིག་གི་ཡིག་རིགས་ ༦ འདུག་གོ།

བོད་ཀྱི་རྩོམ་པ་པོ་རྒན་གྲས་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་དང་འཛོམས་ས་ལས་སྒྲུབ་ཁང་གི་འགན་འཛིན་པ་པདྨ་མཚོ་སྐྱིད་གཉིས་ཀྱིས་ཐེངས་འདིའི་འགྲེམ་སྟོན་གྱི་སྐོར་ནས་བགྲོ་གླེང་བྱེད་པ།

  རྩང་ཕུན་ཚོགས་དབང་རྒྱལ་གྱི་ད་སྔའི་དཔྱད་འབྲས་ཇི་སྙེད་ཅིག་ཀུན་གྱི་མཐོང་ལམ་དུ་འབུལ་བ་དང་། ཁོང་གིས་གཟུགས་རིས་ཇུས་འགོད་ཀྱི་ལམ་ནས་ཡིག་གཟུགས་ཀྱི་གནས་ཚུལ་དང་སྒྲོག་བྱང་ཇུས་འགོད་བྱས་ཡོད་པ་ནི། གསར་བཏོད་རང་བཞིན་དང་ཚོད་ལྟའི་རང་བཞིན་ཅན་ཞིག་ཡིན།གཅིག་ནས་ཁུངས་ལུང་དང་རིག་གཞུང་ཞིབ་འཇུག་གི་རྒྱབ་རྩ་བྱས་པའི་ཡིག་གཟུགས་སྐོར་གྱི་ཤེས་བྱ་ཀུན་ལ་སྒྲོག་པ་དང་། གཉིས་ནས་དེ་དག་སྒྱུ་རྩལ་དང་མཛེས་དཔྱོད་ཀྱིས་བརྒྱན་པས་ལྟ་བར་སྤྲོ་བ་ཞིག་ཡོང་ཆེད་ཡིན་པས། འདི་ནི་ཡིག་གཟུགས་ཞིབ་འཇུག་༼The Field of Typography༽དང་གཟུགས་རིས་ཇུས་འགོད་༼Graphic Design༽གཉིས་ཟུང་དུ་འབྲེལ་བའི་རིག་ཚན་བསྣོལ་མའི་བདག་ཉིད་ཅན་ཞིག་ཡིན། ཐེངས་འདིར་ད་དུང་བོད་ཀྱི་དེང་རབས་རྩོམ་པ་པོའི་སྙན་ངག་རེ་ཡང་ཡིག་གཟུགས་སྒྲོག་བྱང་ལ་སྦྱར་ཏེ་ཇུས་འགོད་བྱས་ཡོད།

《ཟླ་ཟེར》དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པ་གཞོན་པ་དང་། སྙན་ངག་པ་ནག་པོའམ་དགའ་བདེ་ཚེ་རིང་།

《ཟླ་ཟེར》དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པའམ་སྙན་ངག་པ་ཆས་པ་རྟ་མགྲིན་ཚེ་རིང་།

  ཐེངས་འདིའི་འགྲེམ་སྤེལ་གྱི་ལྟད་མོ་དངོས་བརྒྱུད་ནས། བོད་ཡིག་གི་གློག་རྡུལ་ཡིག་གཟུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་དེ་ཉིད་རིགས་དང་རྣམ་པ་མང་པོའི་སྒོ་ནས་གསར་གཏོད་བྱེད་པ། རྒྱལ་སྤྱིའི་གློག་རྡུལ་ཡིག་གཟུགས་ཀྱི་ཚད་གཞི་དང་ཐག་ཉེ་རུ་གཏོང་བ་བཅས་བྱས་ཚེ་མ་འོངས་མིས་བཟོས་རིག་སྟོབས་ཀྱི་དུས་སུའང་ཚད་གསུམ་འགུལ་བརྙན་སོགས་སུའང་བོད་ཡིག་གིས་ས་ངེས་ཅན་ཞིག་ཟིན་སྲིད་ལ། དེ་ནི་གནའ་བོའི་ཡི་གེ་འདིར་སྲོག་དབང་དང་མཛེས་སྡུག་གསར་པ་སྐྲུན་པའི་ཐབས་ལམ་འགངས་ཆེན་ཞིག་ཡིན་པ་ཤེས་ཐུབ་སྙམ།

སྐུ་མགྲོན་དག་གིས་བོད་ཡིག་གི་གློག་རྡུལ་ཡིག་གཟུགས་ཀྱི་སྐོར་ནས་བགྲོ་གླེང་བྱེད་པ།

རྩང་ཕུན་ཚོགས་དབང་རྒྱལ་ལགས་ནི། མདོ་སྨད་ཀྱི་གཙང་ཨ་རིག་ཟེར་བའི་འབྲོག་སྡེ་ནས་རེད། ཞི་ཨན་ཡིག་སྒྱུར་སློབ་ཆེན་ནས་ཚོང་དོན་དབྱིན་ཡིག་གི་ཆེད་ལས་སྦྱངས་པ་དང་། ཨ་མེ་རི་ཀའི་མཐོ་སློབ་རྩེ་གྲས་ཌཱུ་ཁི་གཙུག་ལག་སློབ་ཆེན་༼Duke University༽ནང་དུ་ཁར་ཞི་རྒྱལ་སྤྱིའི་སློབ་ཡོན་ཆ་ཚང་༼Karsh International Scholarship༽དང་བཅས་གཟུགས་རིས་དང་སྨྱན་མང་ཞིབ་འཇུག་༼Visual & Media Studies༽ཅེས་པ་ཆེད་ལས་གཙོ་བོ་དང་། གློག་བརྙན་སྒྱུ་རྩལ་༼Cinematic Arts༽ཆེད་ལས་ཕལ་བར་བྱས་ཏེ་སློབ་གཉེར་མཛད། ཞོར་དུ་ཟིན་འགོད་རིག་པའི་༼Documentary Studies༽ལག་རྟགས་ཀྱང་བླངས།

  ཐེངས་འདིའི་འགྲེམ་སྟོན་ཉིད་བསྟུད་མར་ཉིན་བཅུའི་རིང་ལ་སྤེལ་འཆར་ཡོད་ཅིང་སྒོ་འབྱེད་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་པའི་བར་དང་། ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་བར་ཡིན། འགྲེམ་སྟོན་བྱེད་སའི་ས་གནས་ཀན་ལྷོ་ཁུལ་ཟློས་གར་ཁང་གི་ལྟག་རྒྱབ་ཏུ་ཡོད་པའི་ཀན་ལྷོ་ཁུལ་རིག་གནས་ཁང་གི་སུམ་ཐོག་ཡིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་ཐོག་མ་ཀན་ལྷོའི་ལྟེ་བའི་གྲོང་ཁྱེར་གཙོས་ནས་སྤེལ་བ།

2023-07-07 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།