མ་བཅོས་པ་དང་མཉམ་འདྲེས་ཞེས་པའི་མིང་ཐོག་ནས་རྨ་ཆུའི་པར་ལེན་དུས་ཆེན་ཐོག་མ་དེ་མི་འགྱངས་པར་རྨ་སྡེ་ཆུ་ཁ་མ་ནས་བསྡུ་འཆར་ཡོད་པ།

རྨ་ཆུའི་པར་ལེན་མཐུན་ཚོགས་སོགས། 琼迈文学网 2023-07-26

     མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། རྨ་ཆུ་རྫོང་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མ་ཡུམ་ཆུ་བོ་རྨ་ཆུའི་མཚན་ས་མིང་ལ་ཐོགས་པའི་རྫོང་གཅིག་པུ་ཡིན་ལ། རྨ་ཆུ་རྫོང་ཁོངས་ཀྱི་རྨ་ཆུའི་ཁུག་པ་དང་པོ་དང་ཉེ་བའི་སར་མུ་ཏིག་གི་ཕྲ་རྒྱན་བཀོད་འདྲའི་གྲོང་རྡལ་གཉིས་ཆུ་བོའི་ཕར་ཚུར་གཉིས་སུ་ཆགས་ཡོད་པ་ནི་ཆུ་ཁ་མ་གྲོང་རྡལ་དང་མཚེ་རུ་མ་གྲོང་རྡལ་གཉིས་རེད། གྲོང་རྡལ་དེ་གཉིས་ཀྱིས་རྨ་ཆུའི་ཁུག་པ་དང་པོའི་སྤང་ལྗོངས་ཀྱི་མཛེས་པ་མཉམ་པོར་བསྲུངས་ཡོད་ལ། ཐུན་མོང་མ་ཡིན་པའི་ས་ཁམས་གནས་ཡུལ་གྱིས་གནས་འདིའི་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་ཡུལ་ལྗོངས་གྲུབ་ཡོད།

  2023ལོའི་ཟླ8ཚེས2ཉིན་ནས་ཚེས4ཉིན་བར། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་གྲོང་རྡལ་ཨུ་ཡོན་ལྷན་ཁང་དང་ཆུ་ཁ་མ་གྲོང་རྡལ་མི་དམངས་སྲིད་གཞུང་། མཚེ་རུ་མ་གྲོང་རྡལ་ཨུ་ཡོན་ལྷན་ཁང་དང་མཚེ་རུ་མ་གྲོང་རྡལ་མི་དམངས་སྲིད་གཞུང་། རྨ་ཆུའི་པར་ལེན་དུས་ཆེན་གྱི་རྩ་འཛུགས་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“མ་བཅོས་པ་དང་མཉམ་འདྲེས”ཞེས་པའི་རྨ་ཆུའི་པར་ལེན་དུས་ཆེན་རྨ་ཆུ་རྫོང་ཆུ་ཁ་མ་རྩྭ་ཐང་ཆེན་མོའི་སྦྲ་ནག་བརྙན་པར་གྲོང་དུ་འཚོགས་རྒྱུ་རེད།

  དབྱར་གྱི་དཔལ་ཡོན་རྒྱས་པའི་དུས་བཟང་འདིར། རྨ་ཆུ་རྫོང་གིས་ཐོག་དང་པོར་བོད་ཡུལ་གྱི་པར་ལེན་དུས་ཆེན་ཆེ་གྲས་འདི་འདྲ་ཞིག་སྤེལ་བ་ནི་དུས་དང་སྐལ་བ་བཟང་པོ་ཐོད་ཐུག་པའི་དོན་བཟང་ཞིག་ཅི་ལ་མིན། རྨ་ཆུའི་པར་ལེན་དུས་ཆེན་ནི་ཕྱོགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་དང་རོགས་འདེགས་ཀྱི་འོག་ཏུ་སྒྲུབ་པ་ཡིན་ལ། དུས་རབས་མི་འདྲ་བ་དང་རྣམ་པ་མི་འདྲ་བ་སྣ་ཚོགས་གཅིག་ཏུ་བསྡུས་ནས་བོད་ཡུལ་གྱི་སྤྱི་ཚོགས་རིག་གནས་ཀྱི་རྣམ་པ་མངོན་པའི་པར་རིས་བརྩམས་ཆོས400ལྷག་དེ་རུ་བཤམས་རྒྱུ་རེད། འགྲེམས་ཚོགས་དེར་ཞུགས་པའི་བརྩམས་ཆོས་ལ་སྣ་རྐྱང་རང་བཞིན་ཅན་དང་སྣ་མང་རང་བཞིན་ཅན་གཉིས་ཀའི་བརྩམས་ཆོས་ཡོད་པར། དེ་ལས་སྣ་རྐྱང་རང་བཞིན་ཅན་ཞེས་པ་ནི་བརྩམས་ཆོས་ནས་འགྲེམས་རའི་བར་དུ་ཐམས་ཅད་ཐོག་མའི་རྣམ་པ་ཡིན་པ་དང་། སྣ་མང་རང་བཞིན་ཅན་ཞེས་པ་ནི་འགྲེམས་བྱའི་བརྩམས་ཆོས་ཀྱི་ནང་དོན་ཐད་དུ་དུས་རབས་མི་འདྲ་བ་སྣ་ཚོགས་ཀྱི་བརྩམས་ཆོས་ཡོད་པར། ད་ཐེངས་ཀྱི་པར་ལེན་དུས་ཆེན་གྱི་བགྲོ་གླེང་བྱ་ཡུལ་འགྲེམས་སྟོན་བརྩམས་ཆོས་གྱི་རིག་གཞུང་བརྗོད་བྱ་མི་འདྲ་བ་དག་དང་མཉམ་དུ་སྣ་མང་རང་བཞིན་ལྡན་པར་གྱུར་ཡོད། པར་རིས་ཀྱི་སྣ་ཁ་ཚང་བའི་ཁྱད་ཆོས་ཀྱིས་བརྙན་པར་བྱ་སྤྱོད་སྤེལ་སྟངས་ལ་ལག་ལེན་གྱི་རྨང་གཞི་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཡོད་ལ། ཀྲུང་གོའི་དེང་རབས་པར་རིས་ཡང་དེའི་ཞིབ་བརྗོད་ཀྱི་ངང་ཚུལ་ཆེན་པོའི་ཁག་ཅིག་ཏུ་གྱུར་ཡོད། ཐེངས་འདིར་འགྲེམས་སྟོན་བྱ་རྒྱུའི་བརྙན་པར་བརྩམས་ཆོས་ཀྱི་ཁ་གྲངས་ཧ་ཅང་མང་མོད་ཀྱང་། དེའི་རྣམ་པ་ཡོངས་སུ་མཚོན་ཐབས་བྲལ་བར་གྱུར་ཡོད།

  རྨ་ཆུའི་པར་ལེན་དུས་ཆེན་གྱི་འགྲེམས་སྟོན་བྱེད་སྟངས་ཐད་དུ། ས་ཁོངས་དང་ཡུལ་དངོས་ཀྱི་འགྲེམས་སྟོན་དང་བར་སྟོང་གང་ཅིའི་ཐད་དུ་རང་ཉིད་ཡུལ་དངོས་སུ་ཟབ་ཞུགས་བྱས་པའི་ཚོར་བ་བླ་ལྷག་ཏུ་སྐྱེ། འགྲེམས་སྟོན་གྱི་གནས་ནི་རྒྱུན་ལྡན་གྱི་འཚོ་བ་རོལ་སའི་སྦྲ་ནག་གི་ནང་དུ་བཀོད་སྒྲིག་བྱས་ཡོད་ལ། འགྲེམས་རའི་ཕྱི་རོལ་ནི་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཡིན། ཐོག་མའི་རྣམ་པ་དངོས་མ་བོར་བའི་འཚོ་བ་རོལ་ཡུལ་དེ་ཡིས་འགྲེམས་སྟོན་གྱི་གནས་དང་བརྩམས་ཆོས་ཡོད་ཚད་ལ་སྐབས་འཕྲལ་དུ་མངོན་པར་བྱེད་པའི་ཞིབ་བརྗོད་ཀྱི་རྒྱབ་ལྗོངས་ཤིག་མཁོ་འདོན་བྱས་ཡོད།

  རྨ་ཆུའི་པར་ལེན་དུས་ཆེན་ཐོག་མ་འདི་ཉིད་ནི“གདན་ཞུའི་འགྲེམས་སྟོན”དང་། “དམིགས་བསལ་འགྲེམས་སྟོན།” “བརྗོད་དོན་གཙོ་བོའི་འགྲེམས་སྟོན།” “སྤེལ་རེས་འགྲེམས་སྟོན”སོགས་འགྲེམས་སྟོན་ཚན་པ་བཞི་ལ་དབྱེ་ཡོད། “གདན་ཞུའི་འགྲེམས་སྟོན”དུ《ཤེས་རབ་སྤྱན་གྱིས་ཁ་བ་ཅན་ལ་གཟིགས། བོད་ཀྱི་པར་ལེན་པ་དེ་མོ་བསྟན་འཛིན་རྒྱ་མཚོ་དང་དེ་མོ་དབང་ཕྱུག་རྡོ་རྗེ་ཡབ་སྲས་ཀྱི་མཐོང་ལམ་གྱི་བོད་ལྗོངས》ཞེས་པའི་ལོ་རྒྱུས་པར་རིས་རྩ་ཆེན་ཡོད་པ་མ་ཟད། ད་རུང་ཁྲེ་ཀང་དང་ཞུ་ཀྲི་ཀང་། ཧྥིན་ཅན་གའོ་སོགས་པར་ལེན་པ་གྲགས་ཅན་དག་གི་བརྩམས་ཆོས་གྲགས་ཅན་མང་པོ་དང་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་ཚུད་ཡོད་ལ་ཁྲེ་ཀང་དང་། སུའུ་ཀྲི་ཀང་། ཕུང་ཅན་གོ་སོགས་གྲགས་ཅན་པར་ལེན་མཁས་ཅན་གྱི་གྲགས་ཅན་བརྩམས་ཆོས་དང་“ཕ་ཡུལ་གྱི་ལམ་བུ”ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་པར་རིས་བྱ་དགའ་ཐོབ་མཁན་བོད་ཀྱི་པར་ལེན་མཁན་གྱི་ཕུལ་བྱུང་བརྩམས་ཆོས་ཀྱང་ཡོད། “དམིགས་བསལ་འགྲེམས་སྟོན”དུ་ད་ལྟ་སྐུ་གཤེགས་ཟིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན་པར་རིས་དང་མི་སྒེར་གྱི་པར་རིས་འགྲེམས་སྟོན་བྱས་ནས་ཁོང་ལ་རྗེས་དྲན་ཞུ་རྒྱུ་རེད། “བརྗོད་དོན་གཙོ་བོའི་འགྲེམས་སྟོན”དུ“མ་བཅོས་པ་དང་མཉམ་འདྲེས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ཀྲའོ་ཁང་དང་བསྟན་འཛིན་ཆོས་འཕེལ་སོགས་པར་ལེན་མཁས་ཅན13གྱི་ཉམས་འགྱུར་མི་འདྲ་བའི་བོད་ཡུལ་བརྗོད་གཞིར་བྱས་པའི་པར་རིས་བརྩམས་ཆོས་འགྲེམས་སྟོན་བྱ་རྒྱུ་རེད། “སྤེལ་རེས་འགྲེམས་སྟོན”དུ་རྨ་ཆུ་རྫོང་པར་ལེན་མཐུན་ཚོགས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་པར་ལེན་ཆེད་ལས་སློབ་མ། རྨ་ཆུའི་བརྙན་པར་ཚོགས་ཆུང་སོགས་བརྙན་པར་ཚོགས་པ་དང་ལས་ཁུངས་ཀྱི་ཐུན་མོང་བརྩམས་ཆོས་དགྲམ་རྒྱུ་རེད།

  པར་ལེན་དུས་ཆེན་གྱི་རིང་ལ། ད་དུང“བོད་ཡུལ་གྱི་པར་རིས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་གླེང་སྟེགས་འཚོགས་རྒྱུ་ཡིན་ལ། ཆེད་དམིགས་སུ་པེ་ཅིང་པར་ཡེན་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་དང་“ཕ་ཡུལ་གྱི་ལམ་བུ”ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་པར་རིས་བྱ་དགའི་སྲོལ་གཏོད་མཁན་ན་རི་སུང་ལགས་གདན་འདྲེན་ཞུས་ནས་གླེང་སྟེགས་ལ་མདོ་འཛིན་གནང་སྟེ། “མ་བཅོས་པ་དང་མཉམ་འདྲེས”ཞེས་པ་བརྗོད་གཞིར་བྱས་པའི་པར་རིས་འགྲེམས་སྟོན་ལས་མངོན་པའི་བོད་ཡུལ་གྱི་རགས་མཐོང་པར་རིས་ལ་བགྲོ་གླེང་དང་བོད་ཡུལ་གྱི་དེང་རབས་པར་ལེན་གྱི་གནས་བབ་དང་སྐྱེ་ཁམས་ཐད་དུ་སྔར་ལས་ལེགས་པའི་ལམ་བུ་འཚོལ་རྒྱུ་རེད།

  ཟླ་བརྒྱད་པར། རྨ་ཆུའི་རྩྭ་ཐང་དུ་སྤང་ལྗོངས་གཡུ་ཡི་མཎྜལ་ཕྱིས་འདྲར་སྔོ་ཞིང་། སྦྲ་གུར་ཚོམ་བུ་སྐར་ཚོགས་བཞིན་དུ་བཀྲ། སྐུ་ཉིད་རྨ་ཆུའི་པར་ལེན་དུས་ཆེན་ལ་ཕེབས་ཏེ། རྨ་ཀླུང་རིང་མོའི་མཛེས་ལྗོངས་ལ་གཟིགས་པ་དང་། རྩྭ་ཐང་ཆེན་མོའི་སྦས་ཡུལ་ཉུལ་བཞིན། པར་ལེན་གྱི་དགའ་སྟོན་ལ་རོལ་བར་དགའ་བསུ་ཞུ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མ་བཅོས་པ་དང་མཉམ་འདྲེས་ཞེས་པའི་མིང་ཐོག་ནས་རྨ་ཆུའི་པར་ལེན་དུས་ཆེན་ཐོག་མ་དེ་མི་འགྱངས་པར་རྨ་སྡེ་ཆུ་ཁ་མ་ནས་བསྡུ་འཆར་ཡོད་པ།

2023-07-26 རྨ་ཆུའི་པར་ལེན་མཐུན་ཚོགས་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།