བདེ་སྐྱིད་སྒྲོལ་མ།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-29

མཚན། བདེ་སྐྱིད་སྒྲོལ་མ།
འཁྲུངས་ཡུལ། རྨ་ལྷོ་སོག་རྫོང༌།
འཁྲུངས་སྐར། དྲུག་པའི་ཚེས་བཞི
ད་ལྟའི་ལས་ཀ སྲིད་འཛིན།
ཡོན་ཚད། སློབ་ཆེན།
ལས་ཐོབ། རྫོང་གཞོན།
རྩོམ་འབྲི་མགོ་རྩོམ་དུས། སློབ་འབྲིང་སློབ་མའི་དུས།
དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) རྩོམ་འབྲི་བ་དང་སྤང་ཐང་ཡངས་པོར་རྐང་རྗེན་གྱིས་བསྐྱོད་པ།
ཚབ་མཚོན་བརྩམས་ཆོས།(གཅིག་ནས་གསུམ་པར་གང་རུང་འབྲི་ཆོག) ཀློག་པ་པོས་ལྟོས།
ཉེ་བའི་འཆར་གཞི། དཔེ་སྐྲུན་མ་དངུལ་དཀོན་པས་མུ་མཐུད་དུ་རྩོམ་འབྲི་བ་ལས་ཐབས་ཅི་ཡོད།
དད་པ་བྱེད་སའི་མི།(མང་དུ་བསྐང་ཡང་ཆོག) མེས་པོ། ཨ་ཕ་དང་ཁོའི་རྩ་བའི་བླ་མ།
ཆེས་ཀློག་སྤྲོ་བའི་དཔེ་དེབ།(མང་དུ་བསྐང་ཡང་ཆོག) འཛམ་གླིང་རྩོམ་རིག་ཕྱོགས་ཀྱི་དཔེ་ཆ་ལ་ངེས་གཏན་མེད།
སོང་མྱོང་བའི་ས་ཆ། པེ་ཅིན ཧྲང་ཧེ། ཁྲིན་ཏུའུ། ལྷ་ས།
ཆེས་བརྗེད་དཀའ་བའི་བྱ་བ། ཐོག་མའི་བརྩེ་དུང་གི་འདུ་བྲལ།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། ཡོད་ཅིང་ཡོད་ལ་མེད་ཅིང་མེད།
སྐྱེས་པ་ཕོས་བཞག་པའི་ཚོར་བ་ནི། སྐྱེས་པ་ཚོ་ལ་ཕྱི་ཚུལ་གྱི་ལ་རྒྱ་ཤིན་ཏུ་མཁོ།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། ལུའུ་ཞུན།
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། 普希金、卡夫卡
འདང་ཆེ་བའི་གྲོགས་པོ།(མང་དུ་བསྐང་ཡང་ཆོག) ད་ལྟ་ངའི་ཁོར་ཡུག་ཏུ་འདང་ཆེ་བའི་གྲོགས་པོ་ཧ་ཅང་མང་མོད། ནམ་ཞིག་འགལ་འགྲོ་བར་
ཚོད་ཐུག་དཀའ་བས་རེ་རེ་མི་བརྗོད་པར་བྱ། 
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ཁྱེད་ཚོས་བརྩམས་ཆོས་ཤིག་ཀློག་སྐབས་ཡིད་ལ་བརྩམས་ཆོས་ཁོ་ན་བཟུང་ནས་ཀློག་པ་ལས་རྩོམ་པ་པོའི་
རྒྱབ་ལྗོངས་དམིགས་ནས་ཀློག་པའམ་མདོག་ལྡན་མིག་ཤེལ་ཐོགས་ནས་ཀློག་ག་ལ་རུང༌།
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་སྲིད་ཅེས་ན། འཇིག་རྟེན་ན་དེའི་ཚབ་བྱེད་རུང་བ་གཞན་ཞིག་མེད།
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། ད་ལྟ་བོད་ཀྱི་རྩོམ་རིག་དེ་འཕེལ་རྒྱས་ཀྱི་ལམ་བཟང་དུ་འགྲོ་བཞིན་ཡོད་མོད།
དོན་མེད་ཀྱི་ཚད་བཀག་དང་ཕྱོགས་ཞེན་ཞིག་གིས་ནང་དམེ་གསར་བ་ཞིག་སློང་བཞིན་པ་འདྲ་བས། ངས་བལྟས་ན་རུས་དཀར་བདུད་
མོས་རྡོ་བ་བླངས་ནས་རང་གི་རྐང་བར་བརྒྱབ་པ་དང་ཀུན་ནས་མཚུངས་སོ་སྙམ། 
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། མིའི་སེམས་ན་ངན་ངོན་དུ་གནས་པའི་སྙིང་རྗེ་དེ་རེད།
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། སེམས་ལ་མི་རིགས་བཟུང་ནས་མིག་གིས་འཛམ་གླིང་ལ་ལྟ་བའི་སྤོབས་
པ་ཞིག་ལྡན་རྒྱུ་དེ་རེད།
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ཆང་རག་སྤྱད་དེ་ཆང་རག་ལས་རྒྱལ་ན་ལེགས་ཉེས་གང་ཡང་མེད།
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། དངུལ་ལོར་གྱིས་རྩོམ་རིག་ཁྱུད་མིད་གཏོང་བཞིན་ཡོད།
རྩོམ་རིག་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། རྩོམ་རིག་དེ་སྤྱི་ཕྱོགས་ལ་ཧ་ཅང་བློ་དཀར་མོད་སྤྱི་ཚོགས་ཀྱིས་རྩོམ་རིག་ལ་ཁ་ཡ་བྱེད་འདོད་མེད་པ་འདྲ།
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། གློག་ཀླད་བཀོལ་ནས་སྨྱུ་གུ་འཕེན་མི་རུང་ལ་སྨྱུ་གུ་བཟུང་ནས་གློག་ཀླད་དང་ལེན་མ་བྱས་
ནའང་སྟབས་བདེ་མི་ཡོང་བས། གཉིས་ཀ་ཟུང་འབྲེལ་གྱིས་བཀོལ་ན་ལེགས། 
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། བཏང་མྱོང་ལ་གཏིང་མི་ཟབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད་སྒྲོལ་མ།

2009-04-29 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།