མི་རབས་གསུམ་པ་ཚང་གི་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་གསར་བ་ཁག་གཉིས།

 

                           འབྲོག་པ་འདི་ཚོའི་འབུར་རིས།
འབྲོག་པ་འདི་ཚོར  སློག་པ་མི་འདུག
ཞོན་རྟ་མི་འདུག  མགོ་སྦྲའང་མི་འདུག

འབྲོག་པ་འདི་ཚོས  ཉི་མ་འཁྱོལ་དཀའ་རབས་བཤད་ཀྱིན
ཕག་པ་འགའ་དང་གྲོག་མ་མང་པོ་ཞིག་འཚོས་འདུག

འབྲོག་པ་འདི་ཚོའི   ཨོང་བ་ཚར་སོང་བས
རྡོ་སོལ་ཉོ་ཡི་འདུག

འབྲོག་པ་འདི་ཚོའི
ཆ་སྙོམས་ཀྱི་ཚེ་ཚད་ནི་མི་ལོ༤༨ཡིན་འདུག

འབྲོག་པ་འདི་ཚོར  མགོ་བ་ཞིག་ཡོད་དམ
འབྲོག་པ་འདི་ཚོར  ལྟོ་བ་ལས་མགོ་ཡོད་དམ

ཆར་བ་ཟམ་ཟིམ་དུ་འབབ་པའི་དུས་སུ
རྡོ་གསེང་ལ་བཙན་གྱིས་འཛུལ་བའི་འབྲོག་པ་འདི་ཚོ

དེ་རིང་ཕ་ཡུལ་ལ་ལོག་མ་ཐག
གྲོགས་པོ་དེ་ཁ་ཕྱིར་འཁོར་བྱུང
ཨོ   ཁོ་ངའི་གྲོགས་པོ་མ་རེད
ཁོ་འབྲོག་པ་ཞིག་རེད

དོན་དུ   འབྲོག་པ་འདི་ཚོ་འབྲོག་པ་ཡིན་མིན་ལའང
དོགས་པ་ཟ་དགོས་པར་འདུག
                   2010/7/5


                              གྲོགས་པོ།
                                                         —སྙན་ངག་འདི་སྐད་ཤུགས་ཡོད་རྒུས་བཀླག་དགོས།
ཁྱོད་གང་ན་ཡོད
ང་ཡི་གྲོགས་པོ
ངས་ཁྱོད་མཐོང་གི་མི་འདུག
ལག་པ་བསྲིངས་པས་ཟིན་པ་མི་འདུག
རྨི་ལམ་ནས་ཀྱང་འཇལ་བ་མི་འདུག
གྲོགས་པོ  སེམས་ཀྱི་གྲོགས་པོ
ཁྱོད་ཀྱི་ཁ་པར་ནི་མི་གཞན་གྱིས་བཟུང་འདུག
ཁྱོད་ཀྱི་སྡོད་ཁང་ལ་མི་གཞན་པ་སྤོས་འདུག
ཁྱོད་ཀྱི་ཆུང་མའང་མི་གཞན་པར་འགྲོག་འདུག
ཁྱོད་ཀྱི་མཛའ་མོར་བྱིས་པ་བཙས་འདུག
ཁྱོད་ཀྱི་ཆང་ཤེལ་དག་ཀྱང་སྒོར་ཟུར་འགར་བརྗེས་འདུག
གྲོགས་པོ  སྤུན་ཟླ  ང་ཡི་གྲོགས་པོ
ཁྱོད་ལ་འཕྲིན་ཡིག་མི་འཕྲོད་པ་འདི་ཅི
ཁྱོད་ཀྱིས་ཅི་ཡང་མི་ཐོས་པ་འདི་ཅི
གཞན་གྱིས་ཁྱོད་རང་ཨམ་ཕྲག་གི་ཤོག་བུ་བཞིན
གཏན་དུ་བོར་བར་བྱས་ནའང
ངས་ནི་གསེར་སྒོར་ཅིག་འཚོལ་བ་བཞིན
ཁྱོད____འཚོལ____གྱིན___ཡོད
                                          2010/7/5
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་ཚང་གི་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་གསར་བ་ཁག་གཉིས།

 

                           འབྲོག་པ་འདི་ཚོའི་འབུར་རིས།
འབྲོག་པ་འདི་ཚོར  སློག་པ་མི་འདུག
ཞོན་རྟ་མི་འདུག  མགོ་སྦྲའང་མི་འདུག

འབྲོག་པ་འདི་ཚོས  ཉི་མ་འཁྱོལ་དཀའ་རབས་བཤད་ཀྱིན
ཕག་པ་འགའ་དང་གྲོག་མ་མང་པོ་ཞིག་འཚོས་འདུག

འབྲོག་པ་འདི་ཚོའི   ཨོང་བ་ཚར་སོང་བས
རྡོ་སོལ་ཉོ་ཡི་འདུག

འབྲོག་པ་འདི་ཚོའི
ཆ་སྙོམས་ཀྱི་ཚེ་ཚད་ནི་མི་ལོ༤༨ཡིན་འདུག

འབྲོག་པ་འདི་ཚོར  མགོ་བ་ཞིག་ཡོད་དམ
འབྲོག་པ་འདི་ཚོར  ལྟོ་བ་ལས་མགོ་ཡོད་དམ

ཆར་བ་ཟམ་ཟིམ་དུ་འབབ་པའི་དུས་སུ
རྡོ་གསེང་ལ་བཙན་གྱིས་འཛུལ་བའི་འབྲོག་པ་འདི་ཚོ

དེ་རིང་ཕ་ཡུལ་ལ་ལོག་མ་ཐག
གྲོགས་པོ་དེ་ཁ་ཕྱིར་འཁོར་བྱུང
ཨོ   ཁོ་ངའི་གྲོགས་པོ་མ་རེད
ཁོ་འབྲོག་པ་ཞིག་རེད

དོན་དུ   འབྲོག་པ་འདི་ཚོ་འབྲོག་པ་ཡིན་མིན་ལའང
དོགས་པ་ཟ་དགོས་པར་འདུག
                   2010/7/5


                              གྲོགས་པོ།
                                                         —སྙན་ངག་འདི་སྐད་ཤུགས་ཡོད་རྒུས་བཀླག་དགོས།
ཁྱོད་གང་ན་ཡོད
ང་ཡི་གྲོགས་པོ
ངས་ཁྱོད་མཐོང་གི་མི་འདུག
ལག་པ་བསྲིངས་པས་ཟིན་པ་མི་འདུག
རྨི་ལམ་ནས་ཀྱང་འཇལ་བ་མི་འདུག
གྲོགས་པོ  སེམས་ཀྱི་གྲོགས་པོ
ཁྱོད་ཀྱི་ཁ་པར་ནི་མི་གཞན་གྱིས་བཟུང་འདུག
ཁྱོད་ཀྱི་སྡོད་ཁང་ལ་མི་གཞན་པ་སྤོས་འདུག
ཁྱོད་ཀྱི་ཆུང་མའང་མི་གཞན་པར་འགྲོག་འདུག
ཁྱོད་ཀྱི་མཛའ་མོར་བྱིས་པ་བཙས་འདུག
ཁྱོད་ཀྱི་ཆང་ཤེལ་དག་ཀྱང་སྒོར་ཟུར་འགར་བརྗེས་འདུག
གྲོགས་པོ  སྤུན་ཟླ  ང་ཡི་གྲོགས་པོ
ཁྱོད་ལ་འཕྲིན་ཡིག་མི་འཕྲོད་པ་འདི་ཅི
ཁྱོད་ཀྱིས་ཅི་ཡང་མི་ཐོས་པ་འདི་ཅི
གཞན་གྱིས་ཁྱོད་རང་ཨམ་ཕྲག་གི་ཤོག་བུ་བཞིན
གཏན་དུ་བོར་བར་བྱས་ནའང
ངས་ནི་གསེར་སྒོར་ཅིག་འཚོལ་བ་བཞིན
ཁྱོད____འཚོལ____གྱིན___ཡོད
                                          2010/7/5
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།