རྙིང་ཞེན་གྱི་ཀླད་ཞོ་གསར་གཏོད་ཀྱིས་བཀྲུས་པའི་མི་རབས་གསུམ་པ།

     རྙིང་ཞེན་མེད་ཚེ་གསར་གཏོད་ཅེས་པ་ཞིག་ཀྱང་འབྱུང་ངེས་མིན་པས། རྙིང་ཞེན་གྱི་ཀླད་ཞོ་གསར་གཏོད་ཀྱིས་བཀྲུས་པའི་མི་རབས་གསུམ་པ་ཟེར་ན། མཁས་ཆེན་སྒམ་ཚིགས་དོད་པ་འགའ་རེ་དང་སྣང་བ་ཟ་ཟི་སྐྲ་རྩེ་ན་འཕྱོ་བའི་དེང་རབས་ཀྱི་ན་གཞོན་དཔྱད་བརྗོད་པ་རེ་གཉིས་ཀྱིས་དམོད་པའི་འཛུམ་ཆུང་སྒལ་ཚིགས་ལས་མངོན་ཞིང་འཕྱ་བའི་ལུད་པ་སྐེ་ཚིགས་ལས་འཕེན་སྲིད་ཀྱང། ངས་ནི་དུང་ཞེན་དང་ཕྱོགས་ལྷུང་གི་མིག་ཟུང་ཕར་ལ་གཡུགས་ཏེ་དོན་དངོས་དང་གནས་ལུགས་ཀྱིས་ལྗིད་པའི་མྱུ་གུ་དམ་དུ་བཅངས་ནས་མི་རབས་འདིའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཐུན་མིན་གྱི་རྩོམ་གཤིས། མི་གཤིས་ཀྱི་ཁྱད་ཆོས་དང་འགྲོ་འདུག་གི་སྤྱོད་ལམ་སོགས་རེ་ཞིག་གླེང་ན་ནི།  
     ཉེ་ལམ་བོད་ཀྱི་དུས་དེབ་དང་ཚགས་པར། གློག་ཀླད་དྲ་རྒྱ་བཅས་ཀྱི་ངོས་སུ་ཚ་ཚ་འུར་འུར་གྱི་རྣམ་པའི་ཁེངས་ཡོད་པ་ནི། མི་རབས་གསུམ་པ་ཞེས་པའི་ཚོགས་པ་ཞིག་གིས་འཆད་གཏམ་དང་ངོ་ཚ་བྲལ་བའི་སྙན་ངག་ཉ་ཉོག་འབྲི་བ་ལས་སྙན་ངག་གི་འགན་ཁྲི་དང་འདུ་ཤེས་ཡོད་ཚད་སྨག་མེད་དུ་བཟོས་འདུག་ཚུལ་སོགས་ཀྱི་བབ་ཅོལ་གང་སར་སྒྲོག་པས་ན། བལྟ་རིན་དང་ཉན་རིན་གྱི་དོན་གལ་ཞིག་ཡོད་རེད་བསམ་ནའང༌། སྲིད་པ་རྒན་པོའི་ཁ་དཔེ་ལ་“བཤད་པ་མཐའ་དག་ལ་ཉན་རྒྱུ་མེད་ཅིང༌། སྦྱིན་པ་ཡོད་ཚད་ཟ་རྒྱུ་མིན་པའི”དཔེ་བཞིན་འགའ་ཞིག་ནི་ཚོགས་པ་དེ་ལ་ཕྲག་དོག་གི་རྐྱེན་ནམ་དཀྲོག་གཏམ་འབའ་ཞིག་བཟོ་བའི་ཕྱིར་དུ་ངུ་ཟུག་བྱས་པ་ཡིན་པ་ར་གསལ་བོར་འཕྲོད་ནའང༌། ཚོགས་པ་དེ་སྙན་ངག་གི་དོན་གྱིས་འཕྱུར་བ་ཅན་ཞིག་ཡིན་ན་ཁོ་ཚོའི་བརྩམས་ཆོས་དག་ལ་མ་བལྟས་བར་རང་གི་ཞེན་ས་དེ་གཟུགས་ཡོད་གཟུགས་མེད་གང་འདྲ་ཞིག་ཏུ་འདུག་བརྗོད་དཀའ་བས་ན། ཆེད་དུ་ཟླ་ངོ་གཅིག་ལྷག་གི་དུས་ཚོད་ཕུད་དེ། དཔེ་དེབ་《མི་རབས་གསུམ་པ》དང་ཚགས་པར་《མི་རབས་གསུམ་པ》གཞན་ཡང་མི་རབས་གསུམ་པའི་རྐང་འཛིན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་དང་ཨ་རྡོར་གཉིས་ཀྱི་སྙན་ངག་རྩོམ་དེབ《མི་ཁོམས་པའི་གནས་དང་དེའི་བདག་པོ》སྐྱབས་ཆེན་གྱི་སྒྲུང་རྩོམ་དེབ《གླུ་སྐད་སྐྱ་བོ》མདའ་བཙན་པོའི་སྙན་དེབ《སྒྱུ་འཕྲུལ་གྱི་མཆོད་མེ》《མི་རྐྱང་གི་ཕྱི་ནང》《སྐད་ཆ་བསོར་མོ་རེ་བཤད་ན》 རྨོག་རུ་ཤེས་རབ་རྡོ་རྗེ་ཡི་སྙན་དེབ《ཁྱོད་རང་ཀློག་སྤྲོ་བའི་སྙན་ངག》རེ་རྐང་གླིང་དང་མར་ཁུ་རྒྱལ་མཚན་གྱི་པོད་ཁུག འབྲོང་ཕྲུག་དང་ལྡོང་བུའི་པོད་ཁུག ཚེ་རིང་སྐྱིད་ཀྱི་པོད་ཁུག དུས་དེབ་གངས་རྒྱན་མེ་ཏོག་སོགས་སུ་བཀོད་ཟིན་པའི་མི་རབས་གསུམ་པའི་སྙན་ངག་པ་དག་གི་སྙན་ངག་བརྩམས་ཆོས་དག་བཀླགས་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཚོར་བ་འཚུབ་པོ་ཞིག་བྱིན་པ་ནི། བོད་པའི་སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་སྲབ་སྐྱོགས་དེ་སྙན་ངག་པ་འདི་དག་གིས་བཟུང་འདུག་སྙམ་པའི་སྐྲག་དངངས་ཤིག་བསྩལ་ལ། ཁོ་ཚོར་སྡིགས་སྨྲེ་འདོན་པ་དེ་དག་ཀྱང་རྩོམ་རིག་གི་མིག་འབྲས་རུལ་ཚར་བའི་མི་ཆུང་ཁ་བདེ་ལྕེ་བདེ་ཅན་རྣམས་དང༌། ཀླད་ཞོ་བྱེ་ཁུག་ཅིག་ཏུ་མདོག་ལོག་ཚར་བཞིན་མིག་ཤེལ་ཏུའུ་མཐོན་པོ་གྱོན་མཁན་གྱི་དགེ་བའི་བཤེས་གཉེན་རེ་ཟུང༌། གཞན་ཡང་འབྲས་བུ་དམར་རྗེན་དེ་ངུ་སྐད་མཐོ་བའི་བྱིས་པ་འབའ་ཞིག་ཏུ་བལྟས་ནས་ཡོད་མཁན་གྱི་བུད་མེད་འགྱིག་གི་ངོ་གདོང་ཅན་དག་ཡིན་པ་ར་གསལ་བོར་འཕྲོད་སོང༌།
སྐབས་འདི་ལ་ངས་གླེང་འདོད་པ་ནི་ཕ་རན་སིའི་གྲགས་ཅན་སྙན་ངག་པ་པོ་ཏེ་ལའེ་ཨེར་གྱིས་བརྩམས་པའི་《སྡུག་པའི་མེ་ཏོག》ཅེས་པ་དེ་རེད། “སྒྱོགས་མདེལ་གཅིག་དང་འདྲ་བའི”དཔེ་དེབ་དེ་ཐོན་མ་ཐག་ཕ་རན་སིའི་ཨེ་ཧྥར་ལྕགས་ཀྱི་མཆོད་རྟེན་དེ་སའི་གོ་ལའི་རྩིབ་རིས་ཡིན་བསམ་མཁན་གྱི་སྐམ་པ་བཟུང་བའི་སྒྱུ་རྩལ་བ་དག་ལ་དངོས་ཡོད་ནི་ཅི་ཞིག་དང་སྒྱུ་རྩལ་ནི་ཡང་སྙིང་ཅི་ཞིག་ཡིན་པའི་ཡང་ཏིག་སྙིང་བོ་དེ་ཤེས་སུ་བཅུག་པས། སྨད་འཚོང་ཁང་གི་ཆགས་ཞེན་གྱིས་མནར་བའི་འདོད་གླུ་ཁོ་ནས་ཆོས་ཁང་གི་ཅོང་ཆེན་དག་ལ་སེར་ཁ་ཤོར་དུ་བཅུག་ཅིང༌། ཆང་འཐུང་གི་ཁ་རླུང་ཧྲིལ་བོའི་ཕ་རན་སིའི་གནམ་ངོ་ལྡིབ་ཏུ་བཅུག་པས། དཀོན་མཆོག་དེ་ཡང་ཕག་ཚང་དུ་ལྷུང་ནས་དགྱ་ནག་གི་ཤོད་རྒྱུན་ཁྲོད་ཀྱི་ཀྲུའུ་པ་ཅེ་ལྟ་བུ་ཞིག་ཏུ་བསྟན་པས་ན། སྐབས་དེའི་བླུན་རྨོངས་པ་དག་གིས་རང་ཉིད་མི་ཡིན་པ་ཤེས་བཞིན་དུ་མི་ཡི་རང་གཤིས་སྙེགས་པའི་བླ་མེད་ཀྱི་ཐུགས་དགོང་དེ་ལ་དགག་པ་ཅི་འདྲ་ཞིག་བརྒྱབ་ཡོད་གི མཐའ་ན་སྙན་ངག་པ་ཆེན་པོ་གང་དེ་ཚེ་ཡི་འཕེན་པ་རྫོགས་པའི་དུས་སུའང་རྣ་ལམ་དུ་གྲགས་བཞིན་པ་ནི་རང་གི་བརྩམས་ཆོས་ལ་ཁ་རྡུང་ གཏོང་མཁན་བླུན་རྨོངས་པ་དག་གི་སྐད་སྒྲ་འབའ་ཞིག་མ་ཡིན་ནམ།
  ངས་འདི་ལྟར་བརྗོད་དོན་གང་ལེགས་ཟེར་ན། དེ་ཡང་བོད་ཀྱི་དེང་རབས་སྙན་ངག་གི་དཔུང་སྡེ་གསར་བ་མི་རབས་གསུམ་པ་དག་གིས་ཚུལ་འཆོས་ཀྱི་གདོང་འབག་སྤྱོད་ཁང་དུ་གཡུགས་ཏེ་སྒམ་ཚིགས་ཀྱི་སྐྲ་ལོ་མེར་ནང་དུ་བསྲེག་གིན《མེ་ལོང་མ》བཞིན་གྱི་ཚིག་རྒྱན་ཁོ་ནར་འཇུག་པ་དང་སྐུ་ཞབས་རང་གྲོལ་སོགས་ཀྱིས་ན་ཟུག་མེད་པའི་དབྱངས་རྟ་རྐྱང་རྐྱང་གི་སྙན་ངག་དེ་འདྲའི་དུས་རབས་དང་སྤྱི་ཚོགས། མི་རིགས་བཅས་ཀྱི་འདོད་བློ་སྐོང་ཐུབ་བྲལ་ཞིང་བྲག་རི་ལྟར་བརྩིགས་པའི་གླེགས་བམ་མོད་པའི་བདེན་དོན་གྱི་འོ་དོད་འབྱིན་དཀའ་བའི་ཐ་ཚིག་གསལ་བསྒྲགས་བྱས་པ་མ་ཟད། འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་མི་ཚིམ་པ་དང་བོད་ལ་ངེས་པ་དོན་གྱི་བུད་མེད་སྙན་ངག་པ་ཞིག་མེད་པས་ཁོ་ཚོས་ཅི་ཞིག་བསྐྱུར་ནས་གང་ཞིག་སྙེགས་ཀྱིན་པའི་སྙིང་སྟོབས་བཟུང་སྟེ། མི་རབས་སྔོན་མ་དག་ལས“གཏོར་བརླག”གི་ཀུན་སྤྱོད་དང་མི་ཆོས་ཀྱི་གནས་ལུགས་ཚལ་བར་གཤེགས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་གི་ཁྲོད་དུ་“ཐོལ་བརྒལ”གྱི་རྣམ་པ་གཟེངས་སུ་བཏེགས་ཡོད་པ་ནི།  རེ་རྐང་གླིང་གིས“རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིན”ཞེས་བརྗོད་ཡོད་ལ། སྐྱབས་ཆེན་བདེ་གྲོལ་གྱིས“ང་ནི་པད་མར་ཆགས་པའི་བུང་བ་དེ་མིན། ང་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན།  ང་ཚོ་ནི་རྒྱུགས་ཤིག་དང་མཆོངས་ཤིག་ཟེར་མཁན་དེའང་མིན། ཐ་ན་ང་ཚོ་ནི་《མེ་ལོང་མའི》དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་མིན་ཟེར་ཞིང༌། མར་ཁུ་རྒྱལ་མཚན་གྱིས”གཞན་ལ་ཅི་ཟེར་ན་ཟེར་དུ་ཆུགས“ཞེས་དང་མདའ་བཙན་པོས”ངས་སྙན་ངག་ཅེས་པ་ནི་རྒྱ་ཆེན་པོ་ཞིག་འཚོལ་བ་དེ་མ་ཡིན་པར་ཉག་ཕྲ་མོ་ཞིག་མ་རྙེད་པར་རྟོགས་པས་ཡིན“ཟེར་བ་ལ་སོགས་པའི་སྐད་ཆ་གསོན་པོ་མང་པོ་ཞིག་དང་སྙན་ངག་གི་མཛེས་པ་རྒྱ་ཆེན་པོ་ཇི་སྙེད་ཅིག་གིས་ཁོ་ཚོའི་རླབས་ཆེན་གྱི་དམིགས་པ་དང་ཡིད་གཤིས། འཚོལ་སྙེགས་སོགས་མངོན་པར་མཚོན་ནས་འདུག་ལ།   ལྷག་དུ་ཐ་སྙད་བྲག་རྡོ་འདྲ་རེ་སྐྱུག་གི་ཡོད་པའང་”དུར་ཁྲོད“”རོ་སྒམ“  ”ཡུགས་ས་མ“  ”སྨད་འཚོང་མ“  ”མཚན་མ“  ” ཁུ་བ“   ”སྐྱག་པ“  ”འཁྲིག་སྤྱོད“སོགས་དམངས་བྱིང་གི་སེམས་སུ་ཐག་ཉེ་ལ་འཚོ་བའི་སྤྱོད་སྒོ་དང་རྒྱང་ཐག་གིས་ཕྱེ་བའི་རྣམ་ཤེས་ཅན་གྱི་ཐ་སྙད་མང་པོ་ཞིག་བཙོ་སྦྱངས་བྱས་ཡོད་པ་དེས་ཀྱང་ཁོང་ཚོའི་རྐང་རྗེས་རེ་རེ་འོད་ཟེར་གྱི་སྐུད་པ་རེ་རེའི་འཐག་སྐུད་རེ་ཡིན་པ་གསལ་བོར་བསྟན་འདུག་གོ།
 
རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྙིང་ཞེན་གྱི་ཀླད་ཞོ་གསར་གཏོད་ཀྱིས་བཀྲུས་པའི་མི་རབས་གསུམ་པ།

2009-11-24 ཐོ་རེངས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།