མི་རབས་གསུམ་པའི་སྐོར།

      ༡ གལ་སྲིད་འུ་བུ་ཅག་གིས་རང་ཉིད་ཀྱི་མིག་གི་ལོངས་སྤྱོད་དུ་བསྟར་བའི་བོད་ཀྱི་རྩོམ་རིག་དེ་ལ་ནང་བྱན་ཆུད་པའི་ཉམས་ཚོད་རེ་བླངས་ཡོད་ཕྱིར། སྔ་མ་སྔ་མ་བའི་སྙན་ངག་པ་དེ་ཚོ་ནི་མི་དམངས་ཤོག་སྒོར་དང་ཡང་ཁྱད་མེད་པར། རང་གྲོལ་ཉིད་བརྒྱ་ཤོག་དང༌། འཇུ་སྐལ་བཟང་ཉིད་ལྔ་བཅུ་ཤོག་ཅེས་བོད་ཀྱི་སྙན་ངག་གསར་མའི་ཁྲོམ་ར་ན་རྒྱུགས་ཤར་གློད་ཀྱིན་ཡོད་ལ། ཁོ་ཚོ་རང་ངོས་ནས་བཏོན་པའི་སྙན་ངག་གི་བླ་ན་མེད་པའི་ཐོབ་འབྲས་དེ་ཡང་རྒྱུན་སྲོལ་དུ་ཆགས་པ་ནས་གནས་ལུགས་ཤིག་ཏུ་གྲུབ་ཡོད་ལ། གནས་ལུགས་དེ་ལ་དོགས་སློང་བྱེད་པ་ནི་མི་འོས་པའི་དོན་ཏེ། དུས་གང་ཞིག་གི་ཚེ་ནའང་སྲོལ་རྒྱུན་པ་ཚོའི་སྙན་ངག་གི་མཆོད་བརྗོད་དུ་འཇམ་དབྱངས་དང་དབྱངས་ཅན་མ་འཇོག་སྤྲོ་བ་དེ་བཞིན་ཁོ་ཚོ་ཡང་མི་རབས་དེ་གཉིས་ཀྱི་མིང་གིས་འབོད་རྒྱུར་ལོབས་ཡོད་པ།

    ༢ བོད་ཀྱི་ཆེད་མཁས་པ་ཟེར་མཁན་གྱི་མི་སྣ་དེ་དག་ནམ་ཞར་ཡང་ལོ་རབས་བརྒྱད་ཅུའི་སྙན་ངག་བགྲེས་སོང་དག་ལ་གུས་འདུད་ཞུ་མཁན་དག་ཡིན་ཕྱིར། བོད་ཀྱི་སྙན་ངག་གི་དངོམ་སོ་དེ་དུས་ད་ལྟའང་ལོ་རབས་བརྒྱད་ཅུའི་སྨད་ཙམ་གྱི་སྙན་ངག་པ་འགའ་ཞིག་གིས་བཅད་བཟུང་བྱས་ཡོད་པ། 
   ༣ སྔོན་གྱི་མི་རབས་ཤིག་ང་ཚོའི་མགོ་ཐོག་ནས་རྡོ་རྒྱང་བ་བཞིན་འཕུར་སྐྱོད་ལ་བྲེལ་གྱིན་ཡོད་ལ། ཁོ་ཚོར་རང་ཚོད་ཀྱི་ཁ་མལ་རེ་ཐོབ་རྗེས་རྒྱ་མིན་བོད་མིན་གྱི་ཕུང་གསུམ་པ་དག་ལས་ད་བར་དུ་ཧ་ལས་དགོས་པའི་སྨྱུག་རྩལ་ཡོད་མ་མྱོང་ཞེས་སྙན་ངག་མཁན་པོར་གྱུར་བ་ནི་སྲིད་པ་རྒན་པོར་གྱུར་བའི་བློ་སྐྱེད་འབྱུང་མཁན་ཡང་མང་པོ་ཞིག་བྱུང་ཡོད་ཕྱིར། ངེས་པ་དོན་གྱི་སྙན་ངག་པ་རྣམས་ལ་ཚད་བརྒལ་གྱི་ཁྱད་གསོད་བྱས་ཡོད་པ་ལ། ཐ་ན་བལྟར་མི་བཟོད་པའི་ལོ་རྒྱུས་ཀྱི་གོད་ཆག་ཅིག་ཀྱང་སློང་སྐྲུན་བྱས་ཡོད་པ།
   ༤ ང་ཚོས་ད་སྔ་ཡན་ཆད་དུ་སྙན་ངག་གི་རོ་བྲོ་ཕུན་སུམ་ཚོགས་པའི་སྙན་ངག་རིང་མོ་འཇིག་ཉེན་གྱི་ཚོར་བ་ཐོག་མ་དང་ང་དང་འབྲོང་རྒོད་ཀྱི་རུས་བྲང་ཐོར་བའི་མྱ་ངན་སྐོར་སོགས་མི་རབས་སྔ་མའི་རྩོམ་རྩལ་ལས་རིང་དུ་འགོངས་པའི་བརྩམས་ཆོས་མང་པོ་ཞིག་བརྩམས་གྲུབ་ཐུབ་ཡོད་ཕྱིར། རང་ཉིད་ཀྱི་མེ་ལྕེ་ལྟ་བུའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་གདེང་འཇོག་བྱས་ཡོད་པ།
    ༥ ང་ཚོས་མི་རབས་འདིའི་རླབས་རྒྱུན་གྱི་ང་རོས་འཇུ་སྐལ་བཟང་སོགས་ཀྱིས་མཚོན་པའི་མི་ཆེན་དེ་དག་ལ་མཁས་པ་ཞེས་པའི་གོ་མིང་འོས་འཚམ་ཞིག་མཚམས་སྦྱོར་བྱས་ཏེ། རང་ཉིད་སྙན་ངག་གི་སྡེ་ཆེན་པོ་འདི་ན་རྗེས་སུ་ལུས་ཡོད་པ་ངེས་ལེན་བྱེད་དུ་བཅུག་ཡོད་པ།
    བར་ལམ་གངས་ལྗོངས་གཞོན་ནུ་སོགས་ཀྱིས་མཚོན་པའི་དྲ་བ་རུ་མི་རབས་གསུམ་པའི་ཆེད་ཁུངས་དེ་རྒྱ་ནག་དང་ཡང་ན་མི་ཅིག་ཤོས་ཀྱིས་རྩ་འཛུགས་ཡོད་པའི་སྒོ་ནས་བཙུགས་པ་སོགས་གཏམ་བྱུང་རྒྱལ་བ་གང་མང་ཞིག་ལབ་ཡོད་ན། འདིར་ཆེད་དམིགས་ཀྱིས་མི་རབས་གསུམ་པ་ཞེས་པ་དེ་ངོ་སྤྲོད་ཙམ་ཞུས་ན།ཤོག་ཁ་འདི་ཐོག་དང་པོར་སྐབས་གཉིས་པའི་ལང་ཚོའི་རྦབ་ཆུའི་སྙན་ངག་འདུ་ཚོགས་ཀྱི་སྟེང་དུ་ན་གཞོན་སྙན་ངག་པ་རྐྱང་རྐྱང་གིས་གཏན་ལ་ཕབ་པའི་ཤོག་ཁ་ཞིག་གི་མིང་ཡིན་ཞིང་འདུ་ཚོགས་ལ་དངོས་སུ་ཞུགས་མི་སྐྱབས་ཆེན་བདེ་གྲོལ་དང་མཛེས་སེ། མདའ་བཙན་པོ། མཚོ་བུ་དགའ་བདེ། རེ་རྐང་གླིང༌། ཨ་རྡོར། འབྲོག་བསམ་གཏན། རི་སྔོན་བླ་མ་ཐར། གཟི་མིག་གསུམ་པ། ལྷ་མགོན་བཅས་མི་བཅུ་ཡོད། སྐབས་དེར་དགོས་ངོས་ཀྱི་གྲ་སྒྲིག་སོགས་ཀྱིས་མ་འདངས་སྟབས་འདུ་ཚོགས་ཀྱི་སྟེང་དུ་སྐྱབས་ཆེན་བདེ་གྲོལ་གྱིས་མི་རབས་གསུམ་པའི་ཚབ་བྱས་ཏེ་གྲོས་ཚོགས་ཀྱི་ནང་དོན་སྐོར་ཞིབ་འཇུག་པ་དང་སྙན་ངག་པ་མང་པོ་སྟེ།ནོར་སྡེ་དང་ཆབ་འགག་རྡོ་རྗེ་ཚེ་རིང༌།ཧུམ་ཆེན།ལྗང་བུ།གཅན་མེ་སྟག རྡོ་སྦིས་རྡོ་རྗེ།ཁྱུང་ཐར་རྒྱལ།གེ་སར།ཆོས་སྐྱོང༌།དཔལ་མོ།རྒྱ་གྲོལ།གཅོད་པ་ཀླུ་རྒྱལ།ཆོས་ཉིད་དབང་མོ།གཉའ་གོང་ལྷ་པེ།ལྷ་འབུམ་རྒྱལ་སོགས་ལ་ངོ་སྤྲོད་བྱས་ཤིང༌།རེ་རྐང་གླིང་གིས་མི་རབས་གསུམ་པའི་ཚབ་བྱས་ཏེ་སྙན་ངག<<རྐང་གླིང་འཁུར་བའི་ཡུགས་ས་མ>>ཞེས་པ་གྱེར་འདོན་བྱས།

 དང་པོ།འདུ་ཚོགས་ཀྱིས་ཐག་བཅད་པའི་ཆོད་དོན་གསུམ།
       ༡གྲྭ་བས་རང་མོས་སྙན་ངག་བྲིས་ཆོག་གམ། ལན་དུ། ཆོག 
 ༢བོད་ལ་ངེས་པ་དོན་གྱི་བུད་མེད་སྙན་ངག་པ་ཡོད་དམ་མེད། ལན་དུ། མེད། 
 ༣འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་ཚིམ་མམ།
 ལན་དུ།མི་ཚིམ། 
 གཉིས་པ། དྲི་ཚིག
   དྲི་བ་འདོན་མཁན།
   ཧྥ་རན་སིའི་ཤར་ཕྱོགས་ཀྱི་སྐད་དང་རིག་གཞུང་སློབ་གྲྭ་ཆེན་མོའི་དགེ་རྒན་མ་ཧྥ་རན་སོ་ཝ་ཟི་རོ་པིན།
   དྲིས་ལན་འདེབས་མཁན།
   མི་རབས་གསུམ་པའི་ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ།
   དྲི་བ།ཁྱེད་ཅག་གི་ཤོག་ཁ་འདིའི་མིང་ལ་མི་རབས་གསུམ་པ་ཞེས་འདོགས་དོན་ཅི།
   དྲི་ལན།མི་རབས་གསུམ་པ་ཞེས་པ་དེ་ཕྱོགས་གཅིག་ནས་ང་ཚོས་ན་ཚོད་ལ་ངོས་འཛིན་པ་དང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་ཕྱོགས་དང་སེམས་ཀྱི་ཁ་གཏོད་ས་མི་འདྲ་བ་ཞིག་ལ་ངོས་འཛིན་གྱིན་ཡོད།
      གསུམ་པ། རང་མོས་གླེང་སྟེགས།
 ༡ན་གཞོན་སྙན་ངག་པ་ཞིག་གིས་རང་ཉིད་མི་རབས་དང་པོ་ཡིན་ཞེས་སྒྲོག་པ།
 ༢གྲྭ་བཙུན་ཞིག་གིས་མི་རབས་ཞེས་པ་དེ་རྔ་མོང་གི་རྐང་རྗེས་བྱེ་མའི་སྟེང་ལ་བཞག་པ་དེ་འདྲ་ཞིག་ལ་དཔེ་སྦྱར་ཏེ་རང་ཉིད་མི་རབས་དང་པོ་དང༌། གཉིས་པ། གསུམ་པ་ཚང་མ་ཡིན་ཞེས་སྒྲོག་པ།
 ༣བུད་མེད་ཅིག་གིས་ཤོག་ཁ་ཞེས་པའི་བརྡ་ཆད་ལ་སྙད་བརྐོ་བཞིན་བུད་མེད་ཀྱི་རྒྱལ་ཁབ་འཛུགས་རྒྱུ་ཞེས་སྒྲོག་པ། 
       བཞི་བ། མཇུག་རྫོགས་ཁའི་རོལ་རྩེད་དང་གཏམ་གླེང༌།
  ༡སྙན་ངག་འཚོང་རེས་བྱས་པ། 
  ༢གླེང་བརྗོད།
  གླེང་བརྗོད་མཁན།རྡོ་སྦིས་རྡོ་རྗེ།
  ནང་དོན།སྤྲོ་སྣང་དང་བཅས་ཁོ་རང་གི་སྙན་ངག་གི་གོང་ཚད་དེ་མི་རབས་གསུམ་པའི་སྙན་ངག་པ་གཉིས་ཀྱི་སྙན་ངག་གི་གོང་ཚད་ཀྱི་རྗེས་སུ་ལྷུང་ཡོད་པར་གནས་ལུགས་དང་བཅས་བསྟོད་ར་འཐེན་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྐོར།

2009-08-14 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།