མི་རབས་གསུམ་པར་ཕུལ་བ།


སྤྲིན་པ་བྲལ་བའི་ཉི་འོད་འདིའི་འོག་ཏུ
ཡིད་རྟོན་རུང་བའི་ངོ་བོ་ནི
ལུས་པོ་རྒྱགས་པའི་མི་ཤེས་ཤེས་མདོག་བྱེད་མཁན་གྱི
གཞུང་ལུགས་པ་དེ་ཚོ་མ་ཡིན་ཏེ
ཐ་ན། རང་གི་གཉེན་ཉེར་ངོས་བཟུང་བའི
སྐད་ཆ་མང་པོ་འཆད་དེ
དྲང་མདོག་སྟོན་མཁན་དག་ཀྱང་མ་ཡིན

ང་ཚོའི་མིག་མདངས་ནི་ཧ་ཅང་མག་མོག་ཡིན་ནའང
གཞན་ངོར་ཧད་དེ་སྐུ་མཁྱེན་ཟེར་དོན་མི་འདུག
ཇ་ཧུབ་གང་འཐུང་ཞོར་ངས་དེ་ལྟར་བསམ་བྱུང

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པར་ཕུལ་བ།

2009-08-08 སྒྲ་གཅན། ཀློག་གྲངས། མཆན ཡོད།


སྤྲིན་པ་བྲལ་བའི་ཉི་འོད་འདིའི་འོག་ཏུ
ཡིད་རྟོན་རུང་བའི་ངོ་བོ་ནི
ལུས་པོ་རྒྱགས་པའི་མི་ཤེས་ཤེས་མདོག་བྱེད་མཁན་གྱི
གཞུང་ལུགས་པ་དེ་ཚོ་མ་ཡིན་ཏེ
ཐ་ན། རང་གི་གཉེན་ཉེར་ངོས་བཟུང་བའི
སྐད་ཆ་མང་པོ་འཆད་དེ
དྲང་མདོག་སྟོན་མཁན་དག་ཀྱང་མ་ཡིན

ང་ཚོའི་མིག་མདངས་ནི་ཧ་ཅང་མག་མོག་ཡིན་ནའང
གཞན་ངོར་ཧད་དེ་སྐུ་མཁྱེན་ཟེར་དོན་མི་འདུག
ཇ་ཧུབ་གང་འཐུང་ཞོར་ངས་དེ་ལྟར་བསམ་བྱུང

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།