རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེའང་རླབས་ཆེན་ཡིན།

                                                 ----སྐབས་གཉིས་པའི་མི་རབས་གསུམ་པའི་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད།   
                    དང་པོ།   སྲོལ་རྒྱུན་གྱི་ལྭ་བ་ཕུད་ཚུལ། 
       ང་ཚོ་མི་རབས་གསུམ་པ་བ་དག་གིས་བསྒྲུབ་དགོས་ལ་སྒྲུབ་ངེས་ཀྱང་ཡིན་པ། བསྒྲུབས་ཀྱང་ཟིན་པའི་བྱ་བ་རླབས་ཆེན་ཞིག་ནི་ལོ་ངོ་བདུན་བརྒྱའི་རིང་ལ་བོད་མིའི་བསམ་བློ་དང་སྣང་ཚོར་ལ་དགོས་ངེས་ཀྱི་ཡིད་ཆོས་བསྐྲུན་མྱོང་བའི་མེ་ལོང་མ་དེས་ང་ཚོའི་མི་རིགས་འདིའི་སྙན་ངག་ལ་འཇུག་པའི་རྩོལ་བོ་རྣམས་ཀྱི་འདོད་པ་ཡིད་བཞིན་དུ་སྐོང་མི་ཐུབ་པ་དང༌། སྐུ་ཞབས་རང་གྲོལ་སོགས་ཀྱིས་མཚོན་པའི་སྙན་ངག་གསར་བའི་རྡོ་རིང་སློང་མཁན་དག་གི་ན་ཟུག་མེད་པའི་འབོད་པའི་ཁ་གཡང་དེར་ང་ཚོ་ཡིད་མ་ཚིམས་པ་ཀུན་ལ་གསལ་བསྒྲགས་བྱས་པ་དེ་རེད། འདི་ཡིས་ཐད་ཀར་དུ་མཚོན་ཐུབ་པ་ནི་མི་རབས་སྔ་མ་དག་གི་མགྲིན་པ་ན་སྐག་པའི་ཀུ་ཅོ་ཆེན་པོ་དེ་ང་ཚོའི་ལག་ལེན་དུ་བསྟར་པའི་སྙིང་སྟོབས་མཚོན་ཡོད་ལ། འདི་ཡིས་ནི་སྙན་ངག་པ་དག་གི་མཁས་པའི་ཆོ་ལོ་མ་འཐོབ་སྔོན་གྱི་མི་གཤིས་ལ་བརྩི་བཀུར་བྱས་པ་ཡང་མཚོན་ཡོད། དེ་བཞིན་ལང་ཚོ་སྙེམས་རྫོགས་ཀྱི་བོད་ཀྱི་རིག་གནས་དེ་ཡི་ཕྱུག་ཆུང་གི་མངལ་སྒོ་གཏོར་བའི་ཤེས་རྨོངས་ཀྱི་ཨུ་ཚུགས་ཤིག་ཀྱང་བཏེགས་ནས་ཡོད།   ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་ཅིང་རིག་གནས་ཀྱིས་བདེན་དཔང་བྱས་པའི་བྱ་བ་འགའ་ཞིག་ཀྱང་ང་ཚོའི་སྔ་རོལ་དུ་འདས་ཚར་ལ། དེ་ལས་ཤེས་ཡོན་ཞེས་པའི་ཚད་ཤིང་ཞིག་གིས་ང་ཚོ་ལ་སོས་དལ་དུ་སྡོད་ཐབས་མེད་པའི་འགྲམ་ལྕག་གཞུ་གིན་འདུག
        འགྲམ་ལྕག་དེ་ལ་ཤས་ཀྱིས་ཧྥུ་ལོ་དབྱི་ཏིའི་ཡིད་རྣམ་འབྱེད་ཀྱི་རིག་པ་དེ་དང་པུས་ཁ་སོའི་འབུར་གཟུགས་རི་མོ་དེ་ལྟ་བུ་ཞིག་ལ་ངེས་འཛིན་གྱིན་ཡོད་ལ། ཡང་ལ་ཤས་ཀྱིས་བྷོ་ཏི་ལེར་གྱིས་ཉལ་ཐ་འཐེན་པ་དེ་དང་ལན་པོས་མཚན་མཐུན་དགའ་རོགས་བསྒྲིགས་པ་དེ་ལྟ་བུ་ཞིག་ལ་ངོས་འཛིན་མཁན་ཡང་ཡོད་མོད།  ང་ཚོར་དགོས་པའི་དམིགས་གསལ་ཅན་གྱི་གནས་བབས་དང་འགན་འཁྲི་ནི་མི་དེ་དག་གི་བླ་ན་མེད་པའི་སྒྱུ་རྩལ་གྱི་ཐོབ་འབྲས་ལ་གུས་པ་བྱ་རྒྱུ་ལས་ནུབ་ཕྱོགས་པ་དེ་དག་གི་རྗེས་སུ་རྒྱུགས་ནས་ནད་མེད་འཁུན་སྒྲ་འདོན་རྒྱུ་དེ་མ་རེད།
          དྲང་མོར་བཤད་ན་གོང་དུ་ཤོད་ཟིན་པ་བཞིན་ང་ཚོས《མེ་ལོང་མ》དོར་བ་ནི་རང་གི་ཤུན་པ་བཤུས་ཏེ་དུག་སྦྲུལ་ལ་ལད་མོ་བྱེད་མཁན་གྱི་གོ་སྐབས་ཤིག་ཏུ་འཕྲོས་ཡོད་པ་འདྲ་སྲིད་ནའང༌། ཁྱོད་ཀྱིས་སྙན་ངག་ཅེས་པའི་ལྟོ་མི་རྒྱག་ལ་རྒྱབ་མི་ཁེབས་པའི་སྤྲང་འཁྱམ་གྱི་ཡུགས་ས་མ་འདི་རང་ཉིད་ཀྱི་ཆུང་མར་ངོས་བཟུང་བ་ནས་བཟུང་སྟེ་ཁྱོད་ཀྱང་རང་ཉིད་ལ་དབང་བའི་ཏན་ཏིན་གྱི་ནགས་ཚལ་ལྟ་བུ་ཞིག་གི་ནང་དུ་འཛུལ་ཟིན་པ་ཚོར་ཐུབ
ཡང་དྲ་ཕབ་པར་མཁས་པའི་རིག་གནས་ཀྱི་གསར་བརྗེ་བ་ལ་ཤས་ཀྱིས་རང་གི་རྟོག་པ་འོག་མའི་རྒྱུན་ཤེས་ཀྱི་ཁྲོད་དུ་སིམས་པའི་སྒེར་དབང་གི་ཧམ་སེམས་དེ་ལ་ངོ་ལོག་གིས་སྙན་ངག་པའི་ནགས་ཚལ་ཆེན་པོར་ངོས་བཟུང་ཚར་བའི་གཞུང་ལུགས་ལྟ་བུ་དག་གི་ཁྲོད་དུ་ཁོ་ཚོའི་ཅི་ཞིག་མཐོང་མྱོང་བ་ལྟར་དང༌། ཡང་ན་ཅི་ཞིག་རྟོགས་སོང་བ་ལྟར་སྔ་མའི་ཉམས་མྱོང་རིམ་གསོག་གི་ཐོབ་བྱ་ལྟ་བུའི་བསྒྲགས་གཏམ་སྤེལ་མཁན་ཡང་ཡོད་མོད།  དེ་ཚོའི་ཤོད་ཀྱིན་པ་ནི་ནགས་ཚལ་ཆེན་པོ་དེ་དང་ཁ་བྲལ་དེ་ཕྱིར་ཡོང་མཁན་གྱི་སྐྲག་ཤོར་སྡར་མ་དག་གི་ཕྱི་ངོས་ཀྱི་སྣང་ཚུལ་འབྲི་བ་མ་ཟད་ཀྱི།  མུན་ནག་ལྟ་བུའི། དངངས་སྐྲག་ལྟ་བུའི། མགོ་ཡོམ་འཁོར་བ་ལྟ་བུའི། གྲིས་གཙགས་པ་ལྟ་བུའི། དབུགས་བཅད་པ་ལྟ་བུའི། སྐྱག་པ་ཤོར་བ་ལྟ་བུའི་སྙན་ངག་གི་ན་ཟུག་དེ་དང་ཚོར་བ་དེ་ལ་གདེངས་འཇོག་གཏན་ནས་བྱས་མི་འདུག  
          ང་ཚོས་ལོ་རྒྱུས་ཀྱི་མི་སྣར་ངོས་བཟུང་ཆོག་པའི་བོད་སྔ་མའི་སྙན་ངག་པ་དག་ལ་མཚོན་ནའང་ཁོ་ཚོའི་སྙན་ངག་གི་སྟོབས་ཤུགས་ཐ་དག་རྣམ་པའི་རིང་ལུགས་ཀྱི་ཕྱོགས་སུ་འཕྲོས་ནས།  གནའ་བོའི་རྒྱ་གར་བ་དག་གི་ལུས་རྒྱན་གཉིས་ཁོ་ནར་མཐོང་ཆེན་བྱས་པའི་མཛེས་གཙོ་རིང་ལུགས་ཀྱི་དྲི་མ་སྟུགས་པོ་ཞིག་གིས་བཅད་བཟུང་བྱས་པ་ནས་སྡུག་ཡུས་ཀྱིས་མནར་བའི་སྙན་ངག་གི་བླ་ན་མེད་པའི་ན་ཟུག་དེ་ཡང་ཆོས་ལུགས་སུ་གཞན་འགྱུར་དུ་འཕྲོས་པ་བཞིན་ཁོ་ཚོའི་གསར་དུ་བཏོད་པའི་ཆོས་གཞུང་རྣམས་སུ་ནང་དོན་དངོས་ལ་ཞུགས་པའི་སྙན་ངག་གི་གྲིབ་གཟུགས་མཐོང་ཐུབ་གི 
དེ་ལས་གསལ་བོ་ཤེས་ཐུབ་པ་ཞིག་ནི་ང་ཚོས་མེ་ལོང་མ་དོར་བ་ནི་མི་གཞན་གྱི་ངོས་ནས་བལྟས་ན་བོད་སྔ་མའི་མཁས་པ་དག་དོར་བ་དང༌།  བོད་སྔ་མའི་མཁས་པ་དག་དོར་བ་ནི་བོད་ཀྱི་རིག་གཞུང་དོར་བ་ལྟ་བུའི་སྣང་ཚུལ་མི་ལེགས་པ་འགའ་ཞིག་གི་དོགས་རྐྱེན་ལ་འཕྲད་སྲིད་མོད།   གང་ལྟར་དམག་ཤེད་ཅན་གྱིས་འཛམ་གླིང་ཧྲིལ་བོའི་རང་བྱུང་ཐོན་ཁུངས་ཀྱི་ཕྱིར་དུ་འཛམ་གླིང་འཁྲུག་ཆེན་གསུམ་པ་བཟོ་ཉེས་ཀྱི་དུས་འདི་འདྲ་ཞིག་ལ་ང་ཚོར་བོད་སྔ་མའི་མཁས་པ་དག་གི་བང་སོ་སྲུང་བའི་ཁོམ་པ་ཞིག་ཡེ་ནས་མི་བདོག་པས། སྐད་ཆ་འདི་དག་དང༌། ཐེ་ཚོམ་འདི་དག དྲི་གཞི་འདི་དག་ཚང་མ་ཚིག་མཛོད་ཀྱི་ཁྲོད་ལ་འཇོག་དགོས་རྒྱུའི་རྒྱུ་མཚན་མེད་པར་སྙམ།    
                 
གཉིས་པ།  ངོ་ལོག་པའི་ཕྱི་ནང་གི་ཉེས་དམིགས།
              དབྱི་ཐ་ལིའི་འབྱུང་འགྱུར་རིང་ལུགས་རྩོམ་རིག་གི་སྲོལ་གཏོད་པ་མ་ལི་ནེ་ཏིའི་བསྒྲགས་གཏམ་གྱི་ཁྲོད་དུ་ང་ཚོའི་འཛམ་གླིང་བདེ་ཐང་ཅན་དུ་འགྱུར་བའི་བྱ་ཐབས་ཉག་ཅིག་སྟེ་དམག་རྒྱལ་རིང་ལུགས་དང༌། རྒྱལ་གཅེས་རིང་ལུགས།  སྲིད་གཞུང་མེད་པའི་རིང་ལུགས་བཅས་ཀྱིས་ཡོད་ཚད་རྩ་གཏོར་གཏོང་བྱེད་ཀྱི་དཔུང་བ་ལྟ་བུའི་དམག་འཁྲུག་དང༌།   སྲོག་གཅོད་ཀྱི་མཛེས་པའི་བསམ་བློ།   བུད་མེད་ལ་མཐོང་ཆུང་བྱེད་པ་བཅས་ལ་བསྟོད་གླུ་ལེན་བཞིན་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང༌།   དགེ་རྒན་ཆེན་མོ་བཅས་རྩ་བརླག་གཏོང་དགོས།  ཞེས་དང༌།  
ཡང་ཏ་ཏ་རིང་ལུགས་ཀྱི་ཚོགས་མི་ཨ་ལ་ཀུང་གི་བསྒྲགས་གཏམ་གཉིས་པ་ལས་རི་མོ་མི་དགོས། རྩོམ་རིག་པ་མི་དགོས། ཆོས་ལུགས་མི་དགོས། དམག་དཔུང་མི་དགོས། ཉེན་རྟོག་པ་མི་དགོས། མེས་རྒྱལ་མི་དགོས། ཚར་སོང་འགྲིག་སོང༌། གླེན་པའི་བྱ་བ་འདི་ཐམས་ཅད་ལས་གཅིག་ཀྱང་མི་དགོས གང་ཡང་མེད།  མེད། མེད། མེད།  ཞེས་པ་དང༌།  པུའུ་ལེ་ཏུང་གི་དངོས་ཡོད་ལས་བརྒལ་བའི་རིང་ལུགས་ཀྱི་བསྒྲགས་གཏམ་གཉིས་པའི་ཁྲོད་དུ་ང་ཚོའི་སྒྲུབ་རྒྱུའི་ཆེས་ཐད་ཀའི་ལས་འགན་ནི་མེ་མདའ་ལག་ཏུ་ཐོགས་ནས་ཁྲོམ་གཞུང་དུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་མི་ཚོགས་ལ་མེ་མདའ་རྒྱག་རྒྱུ་དེ་རེད་ཅེས་པ་སོགས་ཀྱིས་མཚོན་པའི་དམར་རྗེན་རྗེན་གྱི་ཀུ་ཅོ་དག་ཚོགས་པ་ཞིག་གི་ཁ་གཡང་བེད་སྤྱད་དེ་འཛམ་གླིང་མི་དམངས་ཀྱི་རྣ་བར་བླུགས་མྱོང་ན་ཡང༌།  དེ་ནི་ཟང་ཟིང་གི་འཚོ་བར་གོམས་པའི་གཞོན་ནུ་སྐོར་ཅིག་གི་ཡ་ཡོ་བྲལ་བའི་སེམས་ཀྱི་སྣང་ཚུལ་རིགས་ཤིག་གི་བྱུང་བ་ཙམ་གྱི་སླད་མ་གོས་པའི་ཞི་བདེའི་ཚིམས་སྣང་ལ་རོལ་བའི་མི་རིགས་འདི་ལ་མཚོན་ན།   མཐོང་ཚད་འཛུམ་གྱིས་བསུ་བའི་གུས་ཞབས་ཆགས་ཡོད་པ་ཅན་ཞིག་ཡིན་པས།  ལོ་ངོ་བརྒྱ་ལྷག་གི་སྔ་རོལ་གྱི་གནའ་རྫས་དག་བསྟན་ནས་ང་ཚོའི་ཡང་ཅི་ཞིག་ཡིན་མདོག་དང་ཡང་ན་ཅི་ཞིག་ལ་གཏོགས་འདོད་ཀྱི་ཚུགས་ཀ་སྟོན་པ་ནི་མ་ཡིན་མོད། མི་རེ་གཉིས་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁུར་འབྱུང་གིན་ཡོད་པ་དང༌།  དེ་བཞིན་མི་གྲངས་ས་ཡ་ལྔའི་ཕྱེད་ཀ་ཡན་ཡིག་རྨོངས་པ་ཡིན་པའི་སྙིང་རྗེ་དགོས་རྒྱུའི་མི་རིགས་འདིའི་རྩོམ་རིག་གི་ངོས་ནས་ཤོག་ཁ་ཞིག་ཚུགས་རྒྱུ་ནི་དེ་ལས་ཀྱང་དགོད་བྲོ་བའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་མི་རིགས་འདིའི་ཤེས་ཡོན་ཅན་ལ་རློམ་པ་རེ་གཉིས་ཀྱིས་ད་དུང་ཡང་ང་ཚོས་བཟོས་པའི་དོན་བྱ་དེ་གོང་གི་ཚོགས་པ་དེ་དག་ལས་ཀྱང་ཚབས་ཆེ་བར་བལྟས་ཡོད་པས་ན།  ང་ཚོ་མི་རབས་གསུམ་པ་བ་དག་གིས་ཀྱང་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་ལྷུར་བླངས་ནས་མནོ་སེམས་ལ་རོལ་བ་ལྟ་བུའི་ཁུ་སིམ་དང༌།  བླ་འཁྱམས་ཡིད་མྱོས།  མགོ་རྟིང་སློག་པ། དུས་ཡུལ་བསྣོལ་བ། ངོ་ལོག་བྱེད་པ་བཅས་ལ་བསྟོད་གླུ་ལེན་བཞིན་དུས་ལས་འདས་པའི་མཁོ་མེད་རུལ་སུངས་ཀྱི་སྲོལ་རྒྱུན་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ལ་འབྲེལ་ཐག་གཙང་བཅད་བྱས་ཏེ་རང་ཉིད་སྙན་ངག་གི་ལྟོས་མེད་ཀྱི་ཁྲོད་དུ་འཚོ་བ་རོལ་རྒྱུ་ཡིན་ཞེས་སྒྲོགས་རྒྱུ་ཡིན་ལ།   བོད་སྔ་མའི་སྙན་ངག་པ་དག་ལ་ཚད་བརྒལ་གྱི་འུད་བསྟོད་བྱེད་པ་དེ་མཆིལ་མ་ལྟར་དོར་ནས་འགན་ཁུར་མེད་པའི་མི་དེ་དག་གི་བསམ་བློ་དང་རྒྱབ་འགལ་གྱིས་རང་གི་མི་རིགས་འདིའི་རིག་གནས་ཀྱི་ཆེད་དུ་ཆང་ཞིམ་མཛེས་མ་དང་ནད་མེད་འཁུན་འབྱིན་བྱེད་པ་རྩ་བ་ནས་སྤངས་རྒྱུ་དང༌།  ཤོག་ཁ་ཞིག་གི་ཁ་གཡང་འཕྱར་ཏེ་དངོས་ཡོད་ལས་བརྒལ་བའི་རིང་ལུགས་ཀྱི་ཚོགས་མི་ཁོ་ལ་ཝན་བཞིན་དྲིལ་སྒྲོགས་ཀྱི་ཆེད་དུ་ཁྲོམ་ནས་གཅེར་བུ་འབུད་མཁན་ཞིག་དང༌། ཡང་ན་རི་མོ་བ་ཧྥན་གོ་བཞིན་འཚོ་སྡོད་ཀྱི་ན་ཟུག་གིས་སྨད་འཚོང་མའི་མདུན་སར་རྣ་བ་ཡ་གཅིག་བཅད་པ་ལྟ་བུའི་འཁྲུག་རྐྱེན་སློང་བའི་བརྟན་བཤིག་གི་རང་གཤིས་མངའ་བ་ཅན་དག་དག་ནི་མ་ཡིན་པར།  ང་ཚོ་ནི་ཚན་རིག་དང་ཤེས་རབ་ཀྱིས་མདུན་དུ་འདྲུད་པའི་དུས་རབས་ཀྱི་འཕུར་གྲུ་ཞིག་གི་ནང་དུ་བསྡད་ཡོད་ཕྱིར། ང་ཚོས་གང་ཞིག་བསྒྲུབས་དགོས་ལ། གང་ཞིག་ལེན་དགོས་པའང་གསལ་བོར་ཤེས་ཡོད།
              གསུམ་པ། མི་རབས་གསུམ་པ་ལྕགས་ཡིན། ལྕགས་ལ་བསྒོས་པའི་རྩི་མིན།  
འདས་པའི་ལོ་ངོ་གཅིག་ཙམ་གྱི་སྔོན་དུ་ང་ཚོ་མི་རབས་གསུམ་པ་ཞེས་པའི་ཤོག་ཁ་ཞིག་སྨྱོ་ཧམ་དང་ཆགས་སྲེད་ཀྱི་སྒོ་ནས་ཡར་ལ་ལངས་ཐུབ་པ་བྱུང་མོད།  གནས་ལུགས་ལ་བརྩི་བཀུར་མེད་པའི་མི་འགའ་རེས་ང་ཚོ་ནི་བོད་ཀྱི་རྩོམ་རིག་གསར་བའི་ནོར་བུའི་གཞོང་བ་རུ་ཁྱི་སྐྱག་ཕོར་བ་གང་བྱོས་པ་དང་འདྲ  ཞེས་སྡུག་དམོད་གཏོང་གིན་ཡོད་ལ།   སྐུ་ཞབས་གངས་ཞུན་དང་བྱང་སྐར་སོགས་ཀྱིས་མཚོན་པའི་མཁས་པ་འགའ་རེས་ཀྱང༌། 
ཁྱོད་ཚོ་མི་རབས་གསུམ་པས།  རྗེ་ཙོང་ཁ་པས་བརྗོད་ཡོད་པ་ནོར་འདུག་སྟེ། རྒྱུ་མཚན་ནི་བྷོ་ཏི་ལེར་གྱིས་དེ་སྐད་གསུང་གི་མེད་ཅེས་ཟེར་གྱིན་འདུག  ཅེས་དང༌།
མི་རབས་གསུམ་པ་ནི་བོད་ཀྱི་སྐད་ཡིག་ལ་དོ་སྣང་མེད་མཁན་ཞིག་ཏུ་འདུག་པས།     སྐབས་རྗེས་མའི་ཚོགས་འདུ་བསྡུ་དུས་ཕལ་ཆེར་ཚང་མའི་རྒྱ་སྐད་ཀྱི་ལམ་ནས་བགྲོ་གླེང་བྱེད་དགོས་ངེས།  
མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་དུའང་སྒེའུ་སྟེང་ཚང་ལྟ་བུའི་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཡང་བདོག་ན་ཁོ་ཚོའི་སྙན་ངག་དེ་གང་ཞིག་གི་ཁུངས་སུ་བསྡུས་ན་འགྲིག   ཅེས་པ་སོགས་ཀྱིས་མཚོན་པའི་ཤ་ཚ་ཅན་གྱི་བསམ་འཆར་འདོན་མཁན་ཡང་ཤིན་ཏུ་ནས་མང་མོད། 
         རིག་གནས་མང་པོ་འདྲ་འཛིང་འདྲེས་འཛིང་གི་སྤྱི་ཚོགས་ཧྲིལ་བོ་འདིའི་ནང་དུ་འདི་ལྟར་གྲངས་ཉུང་མི་རིགས་ཤིག་གི་སེམས་ཁ་མཐུན་པའི་གྲོགས་པོ་སྐོར་ཞིག་འཛོམས་པ་འདི།   སྲིད་གཞུང་གི་ཆེད་དུ་བསྐོ་བཞག་བྱས་པའི་འཐུས་མི་ཚོགས་ཆེན་དང་ཡང་མི་འདྲ་ལ། སྦྱིན་བདག་མང་བོ་སྣ་རུབ་སྒོས་ཅི་ཞིག་གི་བྱ་དགའི་རྟགས་མ་བསྩལ་བ་དེ་དག་དང་ཡང་བསྡུར་ཐབས་མེད་པར།  ངོ་བོ་ཉི་ཚེ་བ་ཞིག་གིས་མཚོན་བརྗོད་ཐུབ་པ་ནི།  མི་རབས་གསུམ་པའི་འདུ་ཚོགས་འདི་རྩ་བའི་ཆ་ནས་བལྟས་ན་སྙན་ངག་ལ་དགའ་མཁན་ཞིག་དང༌། བརྩེ་དུང་དངོས་མ་ཡོད་མཁན་ཞིག དད་པ་རྣམ་དག་འཛིན་མཁན་དག་རེད་པས། རོལ་རྩེད་ཀྱི་ཁྲོད་དུ་དུས་འདའ་བའི་མི་དམངས་མང་ཚོགས་སྐོར་ཅིག་གི་ངོས་ནས་བརྗོད་ན་ཤིན་ཏུ་ནས་ལག་རྗེས་བླ་ན་མེད་པ་རེ་བཞག་ཡོད་པར་ཐག་གིས་ཆོད། 
ཡང་ཁ་ཕྱིར་འཁོར་ནས་བལྟས་ན་ང་ཚོའང་སྐྱེས་མ་ཐག་ནས་གཤོག་རྩལ་རྒྱས་པ་ཅན་ ཞིག་མ་ཡིན་པར། ཁྱ་ཁྱོར་གྱི་གོམ་པ་སྤོ་བས་དུས་དེ་ཀ་ནས་བཟུང་སྟེ། རྐང་བརྫི་ཐེབས་པའི་མེ་ཏོག་མང་པོ་ཞིག་ང་ཚོའི་ཤུལ་དུ་རུལ་ཚར་ལ།  ཉེས་མེད་ཀྱི་འབུ་ནག་ཉམས་ང་བ་རེ་ཡང་ང་ཚོའི་རྐང་འོག་ནས་སྡུག་ཤི་བརྒྱབ་པར་ཐེ་ཚོམ་མེད་མོད། དེ་ནི་ས་སྒང་རིལ་མོ་འདིའི་ལྡོག་ཏུ་མེད་པའི་རང་བྱུང་གི་ཆོས་ཉིད་ཅིག་ཏུ་འཕྲོས་པས་ན།  ང་ཚོའི་སུ་ལའང་བཟོད་གསོལ་དང་ངོ་དགའ་བཤད་དགོས་དོན་མེད་ལ།   ཐ་ན་བྱེད་རྩིས་ཀྱང་མེད།  
               བཞི་བ། ང་ཚོས་ཅི་ཞིག་བསྐྱུར་ནས་གང་ཞིག་སྙེག་གིན་ཡོད།
      བྱིས་དུས་སུ་ཡར་ངོས་ཟླ་བ་ཤིང་གྲུ་ཆུང་ཆུང་འདྲ་ཞེས་འདོན་པའི་དུས་སྐབས་དེ་ནས་བཟུང་སྟེ་སྙན་ངག་ཅེས་པའི་མཛེས་རྟོགས་ཀྱི་ངོ་བོ་ཞིག་ངོས་ཟིན་ཁ་མདོག་གིས་གླུ་དབྱངས་ཀྱི་ཚུལ་དུ་གྱེར་མྱོང་ནའང༌།   ལྗང་བུ་ཟེར་མཁན་གྱི་སྙན་ངག་པ་ཞིག་གིས་ཨེ་ཤ་ཡའི་སྤྱི་གཙུག་གི་འོད་ཟེར་རག་ཐུབ་སོང་ཞེས་བསྙད་པའི་དུས་སྐབས་དེ་ནས་བཟུང་སྟེ་ང་ཚོའི་ མི་རབས་འདིའི་ཁྲག་རྒྱུན་གྱི་འཁོར་བསྐྱོད་དེ་ཡང་དེ་ལྟའི་བདེ་ཐང་གིས་རྒྱུ་མ་ཐུབ་མོད། མི་རབས་འདི་མགོ་ཚུགས་ཚུན་གྱི་ཕྱི་རོལ་ནས་འཇུ་སྐལ་བཟང་གི་རྩོམ་རིག་གི་ནུ་མ་བསྐམ་སོང་ཞེས་པའི་ཐ་ཚིག་བསྒྲགས་པ་ནས་བཟུང་སྟེ་ང་ཚོས་ཀྱང་ཡུན་རིང་སེམས་སུ་ཉར་བའི་ལྗང་བུའི་ཨེ་ཤ་ཡ་སྤྱི་གཙུག་གི་འོད་ཟེར་དེ་ཡང་ཕྱི་རྒྱལ་བ་དེ་དག་གི་གོ་སྦྱོར་ལྟར་གནའ་བོའི་རྒྱ་གར་གྱི་ནང་བའི་ཆོས་ལུགས་ཀྱི་སྲོལ་འབྱེད་པོ་ཤཀྱཱ་ཐུབ་པ་ལྟ་བུ་ཞིག་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས་ཡོང་ལ།  དེ་ལྟ་བུ་ཞིག་ཏུ་འཕྲོས་སུ་འཇུག་རྒྱུའི་ཧམ་སེམས་ཀྱང་བཅངས་ཡོད།
ང་ཚོ་མི་རབས་འདིའི་སྒྱུ་རྩལ་གྱི་འཚོལ་སྙེགས་དེ་ཧམ་སེམས་ཅན་ཞིག་ཡིན་པའི་ངོས་ནས་ང་ཚོ་ཡང་མི་རབས་གོང་མ་རྣམ་དང་ཡང་འདྲ་བར་བྷོ་ཏི་ལེར་གྱི་མཚོན་རྟགས་དང་མ་ཡ་ཁོ་ཧྥུ་སི་ཅིས་རང་ངོས་ཀྱི་བསམ་བཀོད་དག་ལ་གོང་བཀུར་སྒོས་ལེགས་སོ་འབུལ་བ་ལྟ་བུ་ཞིག་ཏུ་འབྲི་མཁན་དང་བལྟ་མཁན་ཡང་མང་མོད། དེ་ནི་ལྷ་ཡི་སྣང་ངོར་བདུད་བརྩི་དང༌། ཡི་དག་གི་སྣང་ངོར་སྣག་ཁྲག་གི་དཔེ་བཞིན་ཁོ་ཚོའི་རྙེད་པའི་བྷོ་ཏི་ལེར་དེ་ཏ་ཧྥུན་ཆི་དང་ཨན་འགར་སོགས་ཀྱིས་མཚོན་པའི་བཤོར་ལུགས་ཀྱི་མཛེས་པའི་སླར་མཚོན་ཁོ་ནར་ཟད་ཡོད་ཅིང༌། ང་ཚོས་ནི་དེ་དག་ལས་རིང་བོར་བརྒལ་བའི་ངོ་ལོག་གི་ཟིང་ཆ་སློང་བར་སྤྲོ་བའི་ཟར་བ་རྡོ་ཏ་ལིས་དང་འཇེབ་ཁུ་ཞོན་སྦོ་ལོ་ཁུ་སོགས་ཀྱི་གཏོར་བརྒལ་གྱི་མཛེས་རྟོགས་དེ་མཚོན་རྟགས་རིང་ལུགས་ཀྱི་ཁུངས་སུ་རིག་འདེད་བྱས་པ་ཞིག་ཡིན་ཙང༌།  རྩ་བའི་ཆ་ནས་རང་བཞིན་གྱི་ཁྱད་པར་ཤིན་ཏུ་ཆེའོ། །
དེ་བཞིན་མི་རབས་འདིའི་མགོ་ཚུགས་ཚུན་ནས་བཟུང་སྟེ་ང་ཚོ་མི་རབས་གསུམ་པ་བ་དག་གིས་ཁ་བ་རི་བའི་རིག་གནས་ཀྱི་ལྗོངས་ཆེན་འདི་ལ། ཧྥུ་ལོ་དབྱི་ཏེ་དང་ནེ་ཁྲེ། བྷོ་ཨར་ཤོ་སི།  ཆའོ་དབྱི་སི།  ཁུ་ལེ་སུ་ཐའོ་ཧྥུ། ཡིག་ནེ་སུ་ཁུའུ།  ཧེ་མང་ཝེ།  ཡང་ན་ཇེ་ཁུ་ལོ་ལུན་དང་ཀྲའོ་ལིས་ཧ་སོགས་ཀྱིས་མཚོན་པའི་མིང་བརྡ་གསར་བ་རེ་ཡང་རང་ཅག་བོད་མིའི་ཚིག་མཛོད་ཀྱི་ཁྲོད་དུ་འཇུག་རྒྱུའི་སྤོབས་སེམས་ ཀྱིས་ཁེངས་ཡོད་ལ། འཇུག་རྒྱུའི་སྐྱབས་འཇུག་ཀྱང་ཞུ་གིན་ཡོད་དོ། །  
མཇུག་མཐར།
 སྙན་ངག་བསྐལ་བརྒྱར་བརྟན་གྱུར་ཅིག 
བོད་ཀྱི་རིག་གནས་སྐལ་བརྒྱར་བརྟན་གྱུར་ཅིག
མི་རབས་གསུམ་པ་སྐལ་བརྒྱར་བརྟན་གྱུར་ཅིག
བཀྲ་ཤིས་བདེ་ལེགས་ཞུ།
                                                               ༢༠༠༧ལོའི་ཟླ་༣པར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེའང་རླབས་ཆེན་ཡིན།

2009-06-18 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།