མི་རབས་གསུམ་པའི་གྲོགས་པོ་ཚོར་གྲོས་ཀྱི་ཚུལ་དུ་ཕུལ་བ།

      ཐོག་མར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་སོ་སོ་ན་རང་རང་གི་ལས་ལ་འབད་ཀྱིན་པའི་མི་རབས་གསུམ་པའི་ཚོགས་མི་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག  རྩོམ་རིག་གི་གཞིས་ཁྱིམ་ལ་འདུས་ཏེ་ཕ་སྐད་ནོར་བུའི་ཕྲེང་བ་རྒྱུ་བ་དག་གི་སྙན་ལམ་དུ་ཁོ་བོའི་བསམ་ཚོད་ཙམ་ཞུས་ན། མི་རབས་གསུམ་པ་ཞེས་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་ཚོགས་པ་འདི་ནི་དུས་རབས་གསར་བའི་མི་རབས་ཀྱི་སྙིང་ཁམས་ལས་མཆེད་པའི་འཕར་སྒྲའམ་ཀི་ཅོ་གསལ་བོ་ཞིག་ཏུ་ངོས་འཛིན་ཆོག་ལ།  ཁོ་བོས་ཀྱང་ཁོ་བོ་ཅག་གི་རུས་པ་དང་བླ་སྲོག   མིག་ཆུ་དང་རེ་བ་ཡིས་བཙས་ཤིང་གངས་རི་དང་སྒྱུ་འཕྲུལ།  མར་རྩམ་དང་སྦྲ་ནག་གིས་བསྐྱངས་པའི་བརྩམས་ཆོས་ལེགས་པོ་འགའ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་རྡོ་རིང་ཤིག་ཏུ་བཞེངས་ནས་གྲུབ་ཡོད་པ་རྟོགས།   ངལ་རྫིའི༼འདོད་ཁམས༽དང་སྐྱབས་ཆེན་གྱི༼གླུ་སྐད་སྐྱ་བོ༽   རེ་རྐང་གླིང་གི༼སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ༽སོགས་ཀྱིས་མཚོན་པའི་བརྩམས་ཆོས་དེ་དག་ནི་དུས་རབས་ཀྱི་བརྡབ་གསིག་དང་གོད་ཆག  ཉམས་རྒུད་དང་རྨ་ཁ་ལས་བྱུང་བའི་སེམས་ཀྱི་རི་མོ་དང་ཆགས་སྡང་ཡིན་པ་གོར་མ་ཆག་ལ།  གཞན་ལ་དངོམ་དུ་རུང་བ་ཞིག་དང་ཀློག་པ་པོར་ལེན་རྒྱུ་ཡོད་པ་ཞིག་ཡིན་པའང་སྨྲས་མ་དགོས།  འདི་ནི་ཁོ་བོ་ཅག་གི་ང་རྒྱལ་དང་རིན་ཐང་དུ་བརྩི་ཆོག་ལ་འདི་ནི་ཁོ་བོ་ཅག་གིས་མི་རབས་སྔོན་མ་གཉིས་ལ་རྩེད་མཚར་རམ་ཟུར་ཟའི་ཚབ་ཏུ་བྲིས་པའི་ཁཱ་ཐུང་རི་མོ་ཁྱད་མཚར་བ་ཞིག་ཏུ་རློམ་མི་ཆོག་པ་ག་ལ་ཡོད།  གཞན་དུ་རང་རེའི་ཚོགས་མི་སྐོར་ཞིག་གིས་སྔོན་མ་ནས་འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་བ་འབད་ཀྱིན་ཡོད་པས་ན།  ཁོ་བོའི་བསམ་པར་ཚོགས་མི་དག་གིས་གྲོས་བྱས་ཏེ་བསྒྱུར་གྱིན་པའི་བརྩམས་ཆོས་དག་དཔེ་ཚོགས་ཀྱི་ཚུལ་དུ་དཔར་བསྐྲུན་བགྱིས་ཚེ་རིན་ཐང་ཆེ་བསམ།  དཔེར་ན་མར་ཁུ་རྒྱལ་མཚན་གྱིས་ཉེ་ལམ་ཐེ་ཀོར་གྱི་སྙན་ངག་བསྒྱུར་བ་མཐོང་བས་ཁོས་ཐེ་ཀོར་གྱི་སྙན་ངག་དེབ་གཅིག་དང༌།   རེ་རྐང་གླིང་གིས་མཱར་རྒེ་སིའི་སྒྲུང་གཏམ་དེབ་གཅིག་ལྟ་བུར་རང་རང་གིས་འཛམ་གླིང་ཤར་ནུབ་ཀྱི་རྩོམ་པ་པོ་གང་རུང་གི་བརྩམས་ཆོས་དེབ་གཅིག་བསྒྱུར་ཏེ་འགྲེམ་ཐུབ་པ་བྱུང་ན།  རྩོམ་རིག་མཚམས་སྦྱོར་ཁོ་ན་ཙམ་མིན་པར་མི་རབས་རྗེས་མ་དག་གིས་རྒྱ་འགྱུར་མ་ཀློག་མི་དགོས་པར་བོད་འགྱུར་མ་བཀླགས་པས་ཆོག༼སྤྱིར་ན་བོད་འགྱུར་མ་ཕལ་ཆེ་བ་རྒྱ་འགྱུར་མ་ལས་འགྱུར་བ་ཡིན་ཡང༽ལ་ཕན་པ་མེད་ནའང་གནོད་པར་མི་འགྱུར་གྲང་སྙམ། སྤྱིར་ལོ་ཙཱའི་ཕན་གནོད་གཉིས་ཀའི་ཆ་ལ་རིག་པ་མང་དུ་འདྲེན་རྒྱུ་ཡོད་ནའང་དེ་དག་གི་ངལ་བར་འཐམ་དོན་ཡེ་ནས་མི་འདུག་ལ།  སོ་སོའི་ལྟ་ཚུལ་ཙམ་གྲོགས་པོ་དག་གི་སྤྱན་ལམ་དུ་བསྟར་བ་ཡིན་པས་ན།   ཀུན་ཡང་བློ་སེམས་ཞིབ་མོས་ཞུགས་པར་མཛོད་ཅེས་ཞུའོ།  །

                                                             ཞེས་མི་རབས་གསུམ་པ་བ་ལྡོང་བུ་ནས།
                                                                             ཕྱི་ལོ༢༠༠༨ལོའི་ཟླ༡༡པའི་ཚེས༢༩ཉིན་པེ་ཅིན་ནས་གུས་ཕུལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་གྲོགས་པོ་ཚོར་གྲོས་ཀྱི་ཚུལ་དུ་ཕུལ་བ།

2008-11-30 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།