འབྲོང་ཕྲུག་མི་རབས་གསུམ་པ་ལས་ཕྱིར་མི་འབུད་པའི་དམ་བཅའ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-25

དེ་ཡང༌། བྱ་དངོས་ཤིག་དར་ཞིང་རྒྱས་པའི་བར་སྐབས་གང་རུང་ཞིག་ཏུ། དེ་ལ་ཡིན་མིན་དང་དགོས་མེད་ཀྱི་བར་ཆད་རབས་དང་རིམ་པར་འབྱུང་བ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་གྲུབ་པས།ཆོས་ཉིད་དེར་སུ་ཡང་མ་བརྒྱུད་ན་མི་ཆོག་པ་ཞིག་དང་ཆོས་ཉིད་དེ་ཅིས་ཀྱང་བཟློག་པའི་དགོས་བ་ཡང་མེད་པ་ཞིག་སྟེ།  བར་ཆད་ནི་རྒྱལ་ཁའི་ལག་བརྟེན་དང་དགྲ་བོ་ནི་བླ་མའི་མཆོག་ཡིན་པའི་ཆ་ནས་ཀྱང༌།ཕམ་ཁའི་ཁྲོད་ནས་རྒྱལ་ཁར་སྙེག་པ་ལས་སེམས་ཤུགས་ཉམས་དམས་སུ་འགྲོ་བའི་རིགས་དེ་ནི་དུས་ནམ་ཡང་སྡར་མ་ཞིག་ཏུ་བདག་གིས་སེམས། 

ཉེ་སྔོན།  ང་རང་སྐྱབས་ཆེན་བདེ་གྲོལ་དང་ཁྲི་སེམས་དཔའ་གཉིས་ཀྱིས་རྩ་འཛུགས་བྱས་ཀྱང༌།  སོ་སོའི་བསམ་བློ་དང་བརྩེ་དུང༌།  རང་གཤིས་དག་ཁ་ཁར་ཡོད་པའི་མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་ཚོགས་པ་འདིར་རང་འགུལ་གྱིས་ཞུགས་པ་ཡིན་མོད།  ང་རང་ཉིད་ཀྱི་སེམས་ནས་འདི་ནི་སྙན་ངག་དར་འཕེལ་གྱི་མཚོན་རྟགས་ཤིག་ལས།སྙན་ངག་གི་གྲུབ་མཐའ་ཞིག་གམ་ཡང་ན་ཚོགས་པ་ཞིག་ཏུ་ཡེ་ནས་བསམ་མ་མྱོང༌།  ཡིན་ནའང༌།  ང་ཚོས་རྒྱུན་པར་སྙན་ངག་ནི་གཞུང་ལུགས་ཤིག་དང་བསྟུན་དགོས་པ་མ་ཡིན་ལ།   སྙན་ངག་པ་ཡང་སྲོལ་རྒྱུན་དང་ཆབ་སྲིད་ལ་སོགས་སྒེར་གཤིས་ཤིག་གིས་དབང་དུ་བསྒྱུར་ཆོག་པ་མ་ཡིན་པའི་ལངས་ཕྱོགས་བརྟན་སྲུང་བྱེད་ཅི་ཐུབ་བྱས་མྱོང༌།  དེས་ནི་མི་མང་པོ་ཞིག་གི་སྙིང་ཁར་ཚེར་མ་ལྟ་བུའི་དགོས་མེད་ཀྱི་ན་ཟུག་བསླངས་ཟིན་པས།  ང་ཚོའི་ཕྱི་ནང་ཀློག་ཡོད་སྙམ་པའི་མི་བུ་ཁ་ཤས་ཤིག་གིས་ཚིག་གི་མདའ་མདུང་ང་ཚོར་གཏད་པ་མ་ཟད།  ད་དུང་རང་ཉིད་ཀྱི་ཀུན་སྤྱོད་བོར་ནས་མི་སྡུག་པའི་ཐ་སྙད་རེ་རེ་ཕྲག་དོག་གི་མེ་ལྕེར་སྦར་འགོ་བརྩམས་ཟིན་པ་འདི་རེད། 

བར་སྐབས་འདིར་ཁྱི་རྒན་ཀུ་ཅོ་འདོན་པ་ན་རྒྱུ་མཚན་མེད་པར་ཟུག་མཁན་ཁ་ཤས་ཡང་རི་བོང་ཅལ་འདྲོགས་ཀྱི་ཟོལ་གྱིས།  དུས་དེབ་དང་ཚགས་པར།  དྲ་རྒྱའི་ཟུར་ཁ་གང་རུང་ནས་འཇུར་ཡོང་སྟེ་འགན་ཁུར་དཀའ་བའི་སྐད་ཆ་མདོ་མེད་དུ་བཤད་ཀྱིན་འདུག  དེ་ལ་སྐྱབས་ཆེན་དང་རྐང་གླིང་གཉིས་ཀྱིས་ཐ་ཚིག་བསྒྲགས་ཡོད་པ་དང༌། མི་རབས་གསུམ་པའི་སྙན་ངག་པ་གཞན་དག་གིས་ཀྱང་རྒྱ་ཡན་དུ་གཏོང་དཀའ་བའི་ཚོད་དུ་འདུག་པས་ན།  བདག་གིས་ཀྱང་སྔ་མོ་ནས་ཁྱོད་ཀྱིས་དཔྱིད་ཀྱི་རླུང་བུ་དང་དབྱར་གྱི་མེ་ཏོག  སྟོན་གྱི་ཆུ་འཛིན།  དགུན་གྱི་ཁ་བ་དག་གི་རང་དབང་ལ་རྒོལ་དཀའ་བ་ཇི་བཞིན།  སྙན་ངག་པར་ཡང་ཕྱི་གསལ་ནང་གསལ་གྱི་སེམས་པ་རང་དབང་གིས་སྟོན་དུ་འཇུག་རོགས་ཅེས་བརྗོད་མྱོང༌། 

རྩོམ་རིག་ནི་ང་ཚོ་སུ་ལ་ཡང་དབང་ཞིང་ང་ཚོ་སུའི་ཀྱང་ཡིན་པའི་རང་དབང་གི་ཁྲོད་ནས། ང་ཚོ་སུས་ཀྱང་གཞན་གྱི་རང་དབང་ལ་འགོག་རྒོལ་བྱེད་དགོས་མ་མཆིས་ཤིང༌།  རྩོམ་གཤིས་དང་མི་གཤིས་རང་རྐྱ་འཕེལ་བར་བརྩོན་བཞིན་པའི་མི་རབས་ཤིག་ལ།  ཁྱོད་ཀྱི་དགོས་མེད་ཀྱི་དངངས་འཚབ་དེ་དང་འོས་མེད་ཀྱི་འགོག་རྒོལ་དེས་ཅི་ཞིག་བྱ་ཨང༌།  ལྷག་པར་དུ།  སྒྱུ་རྩལ་དེ་སྒྱུ་རྩལ་ཞིག་ཏུ་བསམ་ནས་དང་ལེན་དང་བཀུར་བསྟི་བྱེད་པའི་འོས་འགན་མི་བུ་སུ་ལ་ཡང་ཡོད་བཞིན་དུ།  ཁྱོད་ཀྱིས་སྒྱུ་རྩལ་གྱི་ཡང་སྙིང་མི་སྡུག་པ་ཞིག་དང་སྐྱུག་རྫོབ་ཅིག་ཏུ་མཐོང་དོན་མི་འདུག  ངའི་བསམ་ཚུལ་ཞིག་ལ་མི་བུ་རང་ཉིད་གཅེར་བུར་བུད་པ་དང་མི་བུའི་བརྩམས་ཆོས་གཅེར་བུར་བུད་པ་གཉིས་ལ་འགལ་བ་ཅི་ཡང་མེད་ལ།  ནག་ཉེས་ཀྱང་ཡོད་དོན་མི་འདུག

འདང་ཞིབ་མོ་ཞིག་བརྒྱབ་ན།  འདི་ནི་ཁྱོད་ཀྱི་མི་གཤིས་རྫོབ་མ་དེ་དང་བརྩམས་ཚོས་རྫུན་མ་དེར་རྒོལ་ལན་སྤྲད་པ་ཙམ་ལས་ཅི་ཡང་མ་ཡིན།  འདི་ཡང་འཇིག་རྟེན་ལ་སྐྱུག་བྲོ་དང་ཡིད་ཆད་ནས་ཚེ་སྲོག་གིས་རྒོལ་ལན་སྤྲོད་པ་ལྟ་བུའི་ཆེས་མཐོ་བའི་སྒྱུ་རྩལ་ཞིག་ལས་མ་འདས།  ཡིན་ནའང༌།  ཤེས་མེད་ངང་ལད་མོ་དང་ཧོལ་རྒྱུག་བྱེད་མཁན་ཁ་ཤས་ཤིག་ཀྱང་མེད་དུ་མི་སྲིད་པས་ན།  དེ་དག་ཡོད་ཚད་ཀྱི་ནག་ཉེས་མི་རབས་གསུམ་པར་བགྲང་བར་ག་ལ་རིགས། 

        མདོར་ན།  མི་རབས་གསུམ་པ་ནི་ཞུགས་འདོད་དུས་ཞུགས་ཆོག་པ་ཞིག་དང༌།  འབུད་འདོད་དུས་འབུད་ཆོག་པའི་གྲུབ་མཐའ་འམ་ཚོགས་པ་ཞིག་ཏུ་ངོས་འཛིན་པ་ནི་ནམ་ཡང་ནོར་འཁྲུལ་ཞིག་སྟེ།མི་རབས་གསུམ་པར་རྟོགས་མིན་ནི་མི་བུ་རང་ཉིད་ཀྱི་སྒེར་གཤིས་ཤིག་སྲུང་བ་ནས་སྒེར་གཤིས་དེ་འདོར་བའི་བར་གྱི་གོ་རིམ་ཁོ་ན་ངོས་བཟུང་ན་འགྲིག་གི  དེ་བས།  གལ་ཏེ།  མི་བུ་སུ་ཞིག་གིས་རང་ཉིད་མི་རབས་གསུམ་པར་གཏོགས་པར་འདོད་དུས་གཞན་དང་མི་མཐུན་པའི་རང་གཤིས་ཤིག་སྲུང་འཛིན་གྱིས་ཤིག  ལྡོག་སྟེ།  གལ་ཏེ།  མི་བུ་སུ་ཞིག་མི་རབས་གསུམ་པ་ལས་རྒྱང་དུ་གྱེས་སོང་ཟེར་དུས་སུ།  དེའི་སྒེར་གཤིས་ཀྱི་སྙིང་སྟོབས་ཉམས་དམས་སུ་གྱུར་བའི་སྔོན་བརྡའོ།།

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་ཕྲུག་མི་རབས་གསུམ་པ་ལས་ཕྱིར་མི་འབུད་པའི་དམ་བཅའ།

2008-11-25 འབྲོང་ཕྲུག་ལྷ་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།