མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༣

    དུས་སྐབས་རེ་རེ་དང་མི་རིགས་རེ་རེ་བཞིན་ཚང་མར་རང་ཉིད་ཀྱི་མཛེས་པ་དང་ཀུན་སྤྱོད་མཚོན་ཚུལ་རེ་ཡོད།

                                                     __བྷོ་ཏི་ལེར།

གསུམ་པ། ད་ཡོད་ཀྱི་གནས་བབ་དང་མི་རབས་གསུམ་པའི་ཁ་ཕྱོགས།

 བརྡ་འཕྲིན་གྱིས་ཕྱེ་བའི་དུས་རབས་འདིའི་ནང་དུ་བརྙན་འཕྲིན་དང་གློག་ཀླད། ཁ་པར་སོགས་དུས་རབས་སྔོན་མའི་སྔོན་མར་སྐད་གྲགས་ཆོད་མྱོང་བའི་སྒྱུ་རྩལ་པ་དང་ཤེས་ཡོན་པ་རྣམས་ཀྱིས་ལོངས་སྤྱོད་མ་ཐུབ་པའི་སེམས་ཀྱི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་དངོས་སུ་མཐོང་རེག་ཐུབ་པས་ན། མི་རྣམས་ཀྱི་སེམས་གཤིས་དེ་ཡང་རྒྱ་ཡན་དུ་སོང་བ་ནས་ཡ་མ་བརླའི་ཐེབས་ཆག་གིས་གང་སར་ལག་བསྙབ་བྱེད་འདོད་ཀྱི་འདུན་པའི་བརྟས་ཤིང༌། དོན་ལས་མིང་གལ་ཆེ་བའི་འདྲ་གཟུགས་ཀྱི་རིག་པའི་གཞུང་ལུགས་ཤིག་ཀྱང་རང་རང་ལ་རང་ཚོད་ཀྱིས་གྲུབ་ཡོད་པས་རང་ཉིད་ནི་ཀུན་གྱི་མཆོག་ཡིན་པའི་ཐུན་མོང་གི་འདོད་འདུན་ཞིག་ཀྱང་ཐག་ཞོར་འབྲེང་དྲུད་དུ་ཐོན་ཡོད་ལ། ཐ་ན་སྟོང་སྣང་གི་ཚོར་བ་རྐྱེན་པ་ཞིག་གིས་རང་ཉིད་དུས་དང་རྣམ་པ་ཀུན་ཏུ་སོས་དལ་དུ་སྡོད་ཐབས་མེད་པའི་ཟུག་གཟེར་འདྲ་སྐྱེས་ཀྱིན་ཡོད།

   ཡང་སྐབས་རེར་ཚོར་བ་འདིས་མི་སེམས་ཀྱི་ཆེས་ཟབ་སའི་བག་ཆགས་དེ་ཡི་རིགས་གནས་དབྱུངསབཏང་པས་སྔར་གཤིས་སུ་གོམས་པའི་སེམས་ཀྱི་དགེ་བ་དེ་དག་རྩ་མེད་དུ་བཏང་ཡོད་ལ།རང་ཉིད་ནི་ཀུན་གྱི་མཆོག་ཏུ་འདོད་པའི་བསམ་གཞིགས་དེ་ཡང་ཆེས་ཁ་ཚ་བའི་སྒེར་གྱི་ལྟ་ཚུལ་ཞིག་ལ་ངོས་འཛིན་ཆགས་ཐུབ་ཀྱི་ཡོད། སྔ་ཕྱི་འགལ་འབྲེལ་གྱི་ལྟ་ཚུལ་འདིས་རྗེས་སྙེགས་ཀྱི་བསམ་བློ་ཐ་དག་ཐལ་བའི་རྡུལ་དུ་བརླགས་པས་མི་མང་པོ་ཞིག་ལ་ཅིའི་ཕྱིར་སྒྱུ་རྩལ་གྱི་ལས་ཀ་གཉེར་བ་དང་ཡང་ན་སྙན་ངག་སོགས་ལ་འཇུག་པའི་ལམ་མདོའི་བྱང་བུ་མཐོང་དཀོན་པའི་གནས་ཚུལ་དག་འབྱུང་གིན་སེམས་ཤུགས་ཉམས་པའི་སྔ་ལྟས་འབྱུང་གི་ཡོད་པ་རེད།

  དྲང་མོར་བཤད་ན་དངུལ་ལོར་ནི་ཅི་བྱེད་ནུས་པར་དཔེ་བལྟ་བྱེད་པའི་དཔལ་འབྱོར་གྱི་དུས་རིམ་འདིའི་ནང་དུ་སྙན་ངག་སོགས་ལ་ཐོབ་རྒྱུ་ཅན་གྱི་འབྲས་བུ་ལྡོག་ལྡོག་ཅིག་སྟོན་རྒྱུ་མེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དུ་ཟད་པས་མི་རེ་གཉིས་ལ་མཚོན་ན་དུས་ཐུང་གི་ཁ་གཡར་ས་རེ་ཡོད་ཀྱང༌། དུས་རབས་དང་ལོ་རྒྱུས་ཀྱི་རྟོགས་སད་ཆེན་པོ་གང་འབྱུང་གི་དུས་ནའང་མི་ཡི་སེམས་གཤིས་དང་ཆགས་སློང་མ་ཉམས་པས་སྒྱུ་རྩལ་གྱི་ཚོར་བ་དེ་འཚོ་བ་དང་ཁ་ཐག་ཕྱེ་བའི་གོ་སྐབས་འབྱུང་མི་སྲིད་པ་ཆོས་ཉིད་དུ་འཕྲོས་ཡོད་ཕྱིར། སྙན་ངག་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་མཚོན་ཐབས་དེ་ཡང་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་དུ་སྔར་ལས་སྤྱི་མཚོན་ཅན་དང་བདེ་ཐང་ཅན་གྱི་ལམ་ཁར་སྙེག་བཞིན་ཡོད། སྣང་ཚུལ་འདིས་སྒང་བ་བོད་ཀྱི་སྙན་ངག་གསར་བའི་སྐོར་ལའང་གནད་ཀྱི་དོད་པོར་ཁས་ཆེ་བའི་ནང་དོན་གསར་བ་སྐོར་ཞིག་ཁ་སྣོན་བྱས་ཡོད་པ་ནི་ལོ་ངོ་སུམ་ཅུའི་ནང་དུ་དར་བའི་རིག་རྩལ་རྣམ་གྲངས་ཤིག་ཇི་ལྟར་མི་རིགས་གཞན་གྱི་རྩ་ཆེ་བའི་རིག་པའི་གཞུང་ལུགས་ཅན་དག་གི་མདུན་སར་དགྲམ་རྒྱུར་ཐེ་ཚོམ་སྐྱེས་སུ་བཅུག་འདུག་ལ། ལྷག་ཏུ་རང་ཉིད་རང་ལ་ཡིད་མི་ཆེས་པའི་བསམ་ཚུལ་རེ་ཡང་སྐྱེས་ཀྱིན་ཡོད་མོད། དོན་དུ་འདྲེས་འཛིང་གི་རིག་གནས་མང་པོ་ཞིག་འཐབ་འཁྲུག་ལ་གཡེང་བའི་དུས་སུ་ཕ་གཞིས་ཀྱི་བཙན་རྫོང་སྲུང་བའི་དཔའ་བོ་དག་ཀྱང་འཇོར་དང་འུར་ཆ་ཐོགས་པའི་ལས་དབང་འབའ་ཞིག་གཉེར་མཁན་གྱི་འཐབ་མོ་བ་དག་ནི་ཡིན་མི་སྲིད་པར་ཁོ་ཚོས་ཀྱང་དུས་རབས་དང་འཚམས་པའི་ལག་ཆ་ཞིག་གྲ་སྒྲིག་བགྱིས་ཚར་ཡོད་ལ། ཐ་ན་མི་རིགས་གཞན་གྱི་གཞུང་ལུགས་ཆེན་པོ་དག་དང་བསྡུར་བའི་ཚུལ་གྱིས་རང་ཡུལ་གྱི་གནམ་གཤིས་དང་འཚམ་པའི་གཞུང་ལུགས་ཤིག་འཕེལ་སྐྱེད་འབྱུང་ཐུབ་པའི་ཧམ་སེམས་ཀྱང་མངོན་ཐུབ་ཀྱིན་ཡོད། མི་འདི་དག་གིས་སྐད་ཡིག་སྣ་མང་ཞིག་ཤེས་ཐུབ་ཀྱི་ཡོད་པས་ཁོ་ཚོར་མཚོན་ན་སྤང་བླང་གི་དབྱེ་བ་ཧ་ཅང་གསལ་ལ་དཔེ་བལྟ་བྱེད་སའི་ལས་ཀ་མང་པོ་ཞིག་གང་ལ་གང་འཚམ་གྱིས་ཐོབ་ཏུ་རེག་པས་ཁོ་ཚོ་ནི་དུས་རབས་སྔོན་མའི་ཧྥ་རན་སེར་དར་ཤེད་ཆེ་བའི་མཚོན་རྟགས་རིང་ལུགས་པ་ཚོ་དང་ཤིན་ཏུ་འདྲ་བོ་ཡོད། ཁོ་ཚོའི་སྲོལ་རྒྱུན་སྙན་ཚིག་གི་བཀག་རྒྱ་ཡོངས་སུ་གཏོར་ནས་མུན་ནག་གི་ལོག་སྤྱོད་དང་རིམ་པ་དམའ་བའི་འཚོ་བ། མི་གྱོང་བོ།སྨད་འཚོང་མ། འཁོས་ཁ་ཞན་པའི་གྲོང་མི་ཐ་མལ་བ། གབ་སྦེད་ཀྱི་མཚན་མ་དང་སྐྱི་གཡའ་བའི་གདོན་འདྲེ་ཡི་རིགས་སོགས་དོ་སྣང་བྱ་ཡུལ་དུ་འཇོག་པ་ནི་ཕྱོགས་གཅིག་ནས་མཚོན་རྟགས་རིང་ལུགས་ཀྱི་གྲིབ་གཟུགས་རོ་ལངས་རྒྱག་པའི་ཚུལ་རྟོགས་འདྲ་ཡོད་ནའང་ཕྱོགས་གཞན་ཞིག་ནས་བལྟས་ན་ཁོ་བ་ཚོས་ཀྱང་བོད་ཡུལ་ལུང་བ་ཆེན་པོ་འདིའི་ནང་གི་ཐ་མལ་བའི་གནས་སུ་འཁོད་པའི་མི་དེ་དག་གི་རོལ་མྱོང་ངོ་མ་དང་ཡ་མ་བརླའི་སེམས་ཚུལ་དག་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོག་འདོན་བྱེད་པའི་འདུན་པ་དེ་ངོམ་ཡོད། དེ་ལྟར་ཁོ་ཚོའི་མདུན་ལྗོངས་དེ་སྐྱེས་སྟོབས་དང་བདེན་དོན་གྱིས་ཕྱུག་ཡོད་འདུག་པ་ཅན་ཞིག་ཡིན་མོད། ཐ་མལ་ཙག་ཙིག་གི་ལས་ཀ་འདི་དག་གིས་མི་མང་པོ་ཞིག་གི་སེམས་ཁ་བློང་བློང་བོར་བཏང་བས། མི་འགའ་ཞིག་གིས་སྙན་ངག་སྒྱུ་རྩལ་དང་ཁྱོན་ནས་འབྲེལ་མ་ཆགས་པའི་སྐད་ཆ་མང་བོ་ཞིག་གཞོན་ནུ་འདི་དག་གི་རྣ་སྒོར་བླུགས་ལ། སྙན་ངག་གི་བྱ་བ་དེ་ཡང་ཉེན་རྟོག་པ་དང་སྨན་པ་སོགས་ཚེ་སྲོག་ལ་འཇིགས་སྐུལ་བའི་ཐ་སྙད་དག་གི་བྱེད་པ་པོ་རེ་ཡི་ལུང་ཚིག་བགྲང་གིན་དངོས་ཡོད་འཚོ་བ་ལྟ་བུ་ཞིག་ཏུ་ཤོད་འདོད་ཡོད་མོད།  མཚར་མེད་འཆར་ཅན་ཙམ་གྱི་འཚོ་བའི་འཆིང་རྒྱ་ལས་ཐར་བཞིན་གསོབ་རྫུས་མ་སླད་པའི་འགོག་ཐབས་བྲལ་བའི་རང་དབང་རིང་ལུགས་ཀྱི་འཚོ་བའི་འཇིག་རྟེན་ཞིག་ཏུ་གསང་འཛུལ་བྱེད་པར་གཞོན་ནུ་འདི་དག་བྲེལ་བས་འདུར་གྱིན་པས་ན།  ཤུགས་མེད་པའི་ཁ་ལ་དེ་དག་ནི་སྐྱེས་བོ་རང་རང་གི་ཁ་ལྕེ་ངལ་བས་གཞི་ལས་དམར་བོ་ཁྲག་གི་སེམས་འགྱུ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ། །

  ཡང་གཅིག་བཤད་ན་གཞོན་ནུ་འདི་དག་གིས་བོད་ཡུལ་ལུང་བ་འདིའི་སྐྱུག་བྲོ་བའི་བྱང་ཁོག་ལས་རོལ་དབྱངས་ཀྱི་བདེན་ཁ་གསལ་བའི་མཛེས་པ་ལྷག་མ་ཞིག་སྔོག་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པ་བ་ཞིག་གི་མིག་གིས་བོད་ཀྱི་སྙན་ངག་གསར་བར་བལྟས་པ།༣

2008-11-25 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།