སྐབས་གཉིས་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་རེབ་ཀོང་ནས་བསྡུས་པ།

མི་རྒོད་དང་སྐྱ་བོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-09

      ཚོགས་འདུའི་ནང་དོན་རགས་པ།
     
  སྐབས་གཉིས་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་སྙན་ངག་ཚོགས་འདུ་དེ་རྨ་ལྷོ་གསར་འགྱུར་ཁང་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གཉིས་ཀྱི་གཙོ་སྐྱོང་འོག་༢༠༠༧ལོའི་ཟླ་༨པའི་ཚེས་༣ནས་༦ཉིན་བར་རེབ་ཀོང་རིག་པ་འབྱུང་པའི་གྲོང་ཁྱེར་དུ་འབོད་པའི་སར་ཞི་བདེ་དང་ལྷུན་ཆགས་ངང་སྐོང་ཚོགས་བྱས། ཚོགས་ཐོག་ཏུ་རེབ་འདིའི་དང་བླངས་ལས་མི་རེ་རྐང་གླིང་དང་ཚོགས་མི་གཙོ་བོ་སྐྱབས་ཆེན་བདེ་གྲོལ་གཉིས་ནས་སོ་སོར<<རླབས་ཆེན་གྱི་བྱ་བ་སྒྲུབ་དུས་སུ་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིན>> ཞེས་པ་དང་<<བོད་ཀྱི་དེང་རབས་རྩོམ་རིག་གི་མཐའ་དཔྱོད་ཀྱི་སྔོན་འགྲོ>>ཞེས་པའི་ཚོགས་གཏམ་སྒྲོགས་འདོན་བྱས་ཏེ་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིས་བོད་ཀྱི་རྩོམ་སྟེགས་ལས་བླ་འཁྱམས་ཡིད་མྱོས་དང༌། མགོ་རྟིང་སློག་པ། དུས་ཡུལ་བསྣོལ་བ། ངོ་ལོག་བྱེད་པ་སོགས་ཀྱིས་མཚོན་པའི་རྩོམ་རྩལ་སྣ་མང་ལ་བསྟོད་གླུ་ལེན་བཞིན་དུས་ལས་འདས་པའི་མཁོ་མེད་རུལ་སུངས་ཀྱི་རྩོམ་ཐབས་དང་འབྲེལ་ཐག་གཙང་བཅད་བྱས་ཏེ་སྙན་ངག་གསར་བའི་ཕུན་ཚོགས་ཀྱི་མཛེས་པ་དེས་མི་རིགས་ཀྱི་བླ་མེད་སེམས་གཤིས་ཉམས་སུ་ལེན་རྒྱུའི་ཆོད་སེམས་བརྟན་པོར་བཙུགས་ཏེ་ཚོགས་འདུའི་མདུན་སྒོ་རེ་བ་དང་ང་རྒྱལ་གྱི་དབུ་འཕངས་མཐོ་རུ་བཏེགས་ནས་ཕྱེ་བྱུང་ལ། མི་རབས་གསུམ་པའི་ཚོགས་མི་གཙོ་བོ་མདའ་བཙན་པོ་དང༌།འབྲོང་ཕྲུག མར་ཁུ་རྒྱལ་མཚན་བཅས་ནས་སྙན་ངག་གྱེར་འདོན་བྱས་ཤིང༌།གསར་ཞུགས་ཚོགས་མི་བསྒྲལ་རྡོ་དང་གུ་རུ་དོན་གྲུབ།  ས་དཀྱིལ་ཚེ་བཀྲ། བྱང་སྒྲ་སྙན། མེ་ལོང་བཅས་ཀྱིས་རང་རང་གི་སྙན་ངག་གྱེར་འདོན་བྱས། ཚོགས་འདུའི་སྐབས་སུ་ཟུར་ཞུགས་སྙན་ངག་པ་ཁྱུང་ཐར་རྒྱལ་དང་རོང་བོ་
དགེ་འདུན་ལྷུན་གྲུབ། ཕ་ཡུལ་ཀན་སུའུ་ནས་ཕེབས་པའི་སྙན་ངག་པའམ་རྡུང་ལེན་པ་རྨ་ཁྲག་སོགས་ཀྱིས་བཏོན་པའི་དྲི་བར་ལྷག་བསམ་རྣམ་དག་གིས་དྲིས་ལན་བཏབ་ཅིང༌། མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པ་མདའ་བཙན་པོ་ལགས་ཀྱི་ལུས་སྨད་སྙན་ངག་གི་གོ་སྦྱོར་སྐོར་ལ་སླར་ཡང་གླེང་ཚུལ་བཟོས་པ་ནས་མི་རབས་གསུམ་པས་ཁྱོན་ནས་ལུས་སྨད་སྙན་ངག་དེ་ཚོགས་པ་འདིའི་སྙན་ངག་གི་མཚོན་བྱེད་མིན་པ་ཐག་བཅད་པ་དང་མཉམ་དུ་མི་སྒེར་སོ་སོ་ནས་ཁོའི་སྙན་ངག་དེའི་སྐོར་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་པ་བསྟན།  ཚོགས་འདུའི་སྐབས་སུ་མི་རབས་གསུམ་པའི་སྙན་ངག་པ་མར་ཁུ་རྒྱལ་མཚན་གྱི་མི་སྒེར་གྱེར་འདོན་ཚོགས་འདུ<<གཟའ་ཉི་མ་ནག་པོ>>ཞེས་པ་དེ་སྔར་གྱི་རེབ་གོང་དགེ་འདུན་ཆོས་འཕེལ་མཛེས་རིས་གླིང་ནས་རི་མོ་བ་གསེར་བྲག་དོན་གྲུབ་ཚེ་བརྟན་གྱི་ཁྱིམ་ལ་སྤར་དེ་མི་རབས་གསུམ་པ་ཐོག་དང་པོར་མང་ཚོགས་དང་ཉེ་བར་འབྲེལ་བའི་བྱ་འགུལ་ལྟ་བུ་ཞིག་སྤེལ་ཅིང༌། ཁྱིམ་དེ་གར་སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས་ཀྱིས་སྙན་ངག་<<གཟའ་ཉི་མ་ནག་པོ>>གཙོས་སྙན་ངག་བརྩམས་ཆོས་ལྔ་གྱེར་འདོན་བྱས་པར། ཁོང་གི་སྙན་ངག་གི་མཚོན་བྱའི་གནད་དུ་མངོན་པའི་གདོང་འབག་ཅེས་པའི་མཚོན་དོན་ལས་འཕྲོས་ཏེ་ལྕགས་སྒྲོག་ཅེས་པའི་ཐ་སྙད་ཅིག་ཀྱང་ཞར་བྱུང་དུ་ཐོན་པར་ཚོགས་མི་ཀུན་གྱིས་བགྲོ་གླེང་སྣ་ཚོགས་བྱས་པ་དང༌།མི་རབས་གསུམ་པའི་སྙན་ངག་པ་འབའ་སེང་སྨྱོན་ལ་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་དུ་སྙན་ངག་པ་ཁོང་གི་ནུ་བོ་མེ་ལོང་ལགས་ནས་ཁོ་ཚང་གི་བཟའ་མི་ཡོངས་ཀྱི་ཚབ་བྱས་ནས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིའི་བྱ་བྱེད་བཟང་བོར་མིག་ཆུ་ཕུད་ཀྱིན་བཀའ་དྲིན་སྙིང་ནས་ཞུས་པར་དེར་ཡོད་མི་རབས་གསུམ་པའི་ཚོགས་མི་དག་གིས་ཕྱིན་ཆད་ནས་ཀྱང་མི་རབས་གསུམ་པའི་ཚོགས་མི་ཡིན་མིན་སུ་ཡིན་ཡང་མི་རིགས་འདི་ལ་སྙིང་ནས་ཤ་ཚ་ཞིང༌། སྙན་ངག་གི་མཛེས་རྟོག་འཚོལ་མཁན་ཞིག་ཡིན་ཕྱིན་ཁོང་གི་བཞུད་པའི་ཚེ་སྲོག་དེ་ཕལ་བ་ཞིག་མིན་པའི་དན་རྟགས་སུ་མྱ་ངན་ཚོགས་འདུ་རེ་བསྡུ་རྒྱུར་ཡང་མོས་མཐུན་བྱུང་ཏེ་ཚོགས་པ་འདིའི་རྩ་དོན་ཞིག་ཏུ་ཐག་བཅད། མཇུག་མཐར་ཚོགས་མི་གཙོ་བོ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་མི་རབས་གསུམ་པའི་ཚོགས་མི་ཁྲི་སེམས་དཔའི་གསལ་བསྒྲགས་ཐུང་ངུ་དེ་དང་སྙན་ངག་པ་གཉན་ལགས་ཀྱི་
བསྒྲགས་ཚིག་གཉིས་ལས་འཕྲོས་ཏེ་མི་རབས་གསུམ་པ་ཞེས་པ་དེ་དུས་ད་ནས་བཟུང་སྔོན་ཆད་ཀྱི་སུ་ཡང་ཡིན་ཆོག་ལ་མིན་ཀྱང་རུང་བའི་རྩོམ་རིག་གི་ལོ་རྒྱུས་ཆེན་པོའི་དམིགས་གཞི་དེ་ཡོངས་སུ་ནས་དོར་བཞིན་འདི་ཉིད་སྒེར་གྱི་ཚོགས་པ་ཞིག་ཡིན་པར་གླེང་གཞི་བཏོན་ཞིང་ཚོགས་མི་ཡོངས་ཡིད་འཐད་སྒོས་མི་རང་རང་ཚོགས་པ་འདིར་ཞུགས་འདོད་ཀྱི་དམིགས་ཡུལ་སྐོར་ཕན་ཚུན་ལ་བགྲོ་གླེང་གིས་མི་བཅུ་འདུས་པའི་མི་རབས་གསུམ་པའི་ཚོགས་མི་དག་གི་མིང་ཡིག་གཏན་འཁེལ་བྱས་ཤིང་བྱ་བའི་བྲེལ་ལོང་གིས་འདུ་ཚོགས་ལ་ཞུགས་མ་ཐུབ་པའི་མི་རབས་གསུམ་པའི་ཚོགས་མི་གཙོ་བོ་མཚོ་བུ་དགའ་བདེ་དང་འབྲུག་ལྗང༌།རྨོག་རུ་ཤེས་རབས་རྡོ་རྗེ། དུང༌། ཨ་རྡོར། ངལ་རྫི་བཅས་མི་དྲུག་པོ་དང༌།  རྐྱེན་ངན་དུ་གྱུར་བའི་སྙན་ངག་པ་འབའ་སེང་སྨྱོན་བཅས་བསྡོམས་པས་མི་རབས་གསུམ་པ་དེ་སྙན་ངག་པ་བཅུ་བདུན་གྱི་བདག་ཉིད་ཅན་ཞིག་གིས་གྲུབ་ཡོད་པ་འཛམ་གླིང་ཡོངས་ལ་སྒྲོག་རྒྱུ་དང༌། ཕྱིན་ཆད་མི་རབས་གསུམ་པར་ཞུགས་འདོད་ཀྱི་སྙན་ངག་པ་རེ་བྱུང་ཚེ་མི་དངོས་ཀྱིས་རེ་ཞུའི་ཡི་གེ་བྲིས་ཚེ་ད་ཡོད་ཚོགས་མི་ཡོངས་ཀྱིས་གྲོས་བྱས་ཏེ་ནང་དུ་ལེན་དགོས་པའི་ལམ་ལུགས་བཟོས་ཤིང༌།  མཆོད་མེ་དྲ་བ་ནས་དེས་སྐོར་གྱི་སྒྲོམ་གཞི་ཞིག་གསར་དུ་བཟོ་རྒྱུར་གྲོས་འཆམ་ཡང་བྱུང༌།  སྤྱིའི་ཆ་ནས་ད་རེབ་ཀྱི་ཚོགས་འདུ་འདི་ཉིད་ཤིན་ཏུ་ཆ་ཚང་ཞིག་ཚོགས་ཟིན་པ་ལྟ་བུའི་དྲན་འཆར་དེ་ཚོགས་མི་ཡོངས་ལ་གཅིག་མཐུན་གྱི་བྱུང་ཡོད་ནའང་ད་དུང་ལས་རིམ་ཁ་ཤས་ཤིག་དོན་ཐོག་དུ་མ་འཁྱོལ་བ་དང༌། ཁ་ཤས་གསར་དུ་བསྣན་པ་ཡང་ཡོད་ན་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་ལ་སྤྲོ་བ་ཡོད་མཁན་གྱི་ཀློག་པ་པོ་དག་ལ་དངོས་ལྡོག་གང་རུང་གི་ཚོར་བ་སྐྱིད་པོ་རེ་སྟེར་ངེས་སོ།།

    ཚོགས་འདུའི་པར་རིས།
    
    ཐེངས་འདིའི་འགེལ་བྱང་ཁག
    
    སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས་ཀྱི་སྐུ་པར།
    
    རི་མོ་བ་གསེར་བྲག་དོན་གྲུབ་ཚེ་བརྟན་གྱིས་སྙན་ངག་པ་ཚོར་རང་གི་བརྩམས་དེབ་ལེགས་སྐྱེས་སུ་འབུལ་བཞིན་པ།
    
    མཉམ་པར།
    
    སྙན་ངག་པ་རེ་རྐང་གླིང་གིས་ཚོགས་གཏམ་སྒྲོག་སྦྱོང་བྱེད་པ།
    
    མཉམ་པར།
    
    ཀློག་མཁན་དང་མཉམ་འཛོམས་བྱུང་བ།
    
    འབའ་སེང་སྨྱོན་གྱི་མྱ་ངན་ཚོགས་འདུའི་ཡུལ་དངོས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གཉིས་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་རེབ་ཀོང་ནས་བསྡུས་པ།

2008-11-09 མི་རྒོད་དང་སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།