དངོས་བརྒལ་བའི་ལུགས་ཀྱི་གློག་བརྙན།ཨན་རྡ་ལོའུ་ཡི་ཁྱི་རྒན་ཞིག


   འདི་ནི་ཕྱི་ལོ་༡༩༢༨ལོར་ཕ་རན་སི་ནས་ཐོན་པའི་སྐར་མ་བཅུ་དྲུག་ཅན་གྱི་སྐད་མེད་གློག་བརྙན་ཐུང་ངུ་ཞིག་སྟེ། སི་ཕེན་གྱི་འཁྲབ་ཁྲིད་པ་ལོ་ཟི་པོ་ནེལ་དང་རི་མོ་བ་གྲགས་ཅན་ཟལ་ཝལ་ཊོ་ཏ་ལི་གཉིས་ཀྱིས་མཉམ་དུ་བརྩམས་པ་ཞིག་ཡིན། ༡༩༢༩ལོར་ཕ་རི་སི་ནས་བསྟན་ཞིང་རིམ་གྱིས་སྙན་གྲགས་འཕེལ་ཏེ་དངོས་བརྒལ་བའི་ལུགས་ཀྱི་ཚབ་མཚོན་གློག་བརྙན་ཞིག་ཏུ་ངོས་འཛིན་པར་བྱེད། གློག་བརྙན་དུ་མངོན་སུམ་གྱི་འཚོ་བའི་སྣང་བརྙན་ཇི་བཞིན་དུ་ལེན་པ་ལས་ལྡོག་སྟེ། ཁ་སྤུ་གཞར་བྱེད་དང་། མིག ཟླ་བ། རྣོ་སྦྲེང་སྟེང་གི་བོང་བུའི་རོ། གྲོག་མ་འདུར་སའི་ལག་པ་སོགས་ཕན་ཚུན་འབྲེལ་བ་མེད་པའི་དངོས་པོ་མང་པོ་པར་རིས་སྣ་མང་དུ་སྦྲེལ་ཏེ་དངོས་བརྒལ་བའི་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་བཀོལ་ཡོད་པས་ལྟ་མཁན་གྱི་སེམས་པར་གཡོ་སྐྱོམས་ཆེན་པོ་ཐེབས་པར་བྱེད། དེའང་གློག་བརྙན་དེའི་བརྗོད་བྱ་འགའ་ཞིག་སྒྱུ་རྩལ་བ་དེ་གཉིས་ཀྱི་རྨི་ལམ་ལ་གཞི་བཅོལ་བར་གྲགས་ཤིང་དང་ཐོག་མ་དངུལ་གྱི་ཕྱོགས་ལ་དཀའ་ཁག་ཆེན་པོ་བྱུང་ནའང་ལོ་ཟི་པོ་ནེལ་གྱི་ཨ་མས་རོགས་པ་བྱས་པའི་མཐུན་རྐྱེན་གྱིས་གློག་བརྙན་དེ་གེགས་མེད་དུ་བཟོ་ཐུབ་པར་གྲགས།

 

རྩོམ་ཁུངས། ཡོའུ་ཁོའུ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངོས་བརྒལ་བའི་ལུགས་ཀྱི་གློག་བརྙན།ཨན་རྡ་ལོའུ་ཡི་ཁྱི་རྒན་ཞིག

2011-02-28 བདེ་གྲོལ། ཀློག་གྲངས། མཆན ཡོད།


   འདི་ནི་ཕྱི་ལོ་༡༩༢༨ལོར་ཕ་རན་སི་ནས་ཐོན་པའི་སྐར་མ་བཅུ་དྲུག་ཅན་གྱི་སྐད་མེད་གློག་བརྙན་ཐུང་ངུ་ཞིག་སྟེ། སི་ཕེན་གྱི་འཁྲབ་ཁྲིད་པ་ལོ་ཟི་པོ་ནེལ་དང་རི་མོ་བ་གྲགས་ཅན་ཟལ་ཝལ་ཊོ་ཏ་ལི་གཉིས་ཀྱིས་མཉམ་དུ་བརྩམས་པ་ཞིག་ཡིན། ༡༩༢༩ལོར་ཕ་རི་སི་ནས་བསྟན་ཞིང་རིམ་གྱིས་སྙན་གྲགས་འཕེལ་ཏེ་དངོས་བརྒལ་བའི་ལུགས་ཀྱི་ཚབ་མཚོན་གློག་བརྙན་ཞིག་ཏུ་ངོས་འཛིན་པར་བྱེད། གློག་བརྙན་དུ་མངོན་སུམ་གྱི་འཚོ་བའི་སྣང་བརྙན་ཇི་བཞིན་དུ་ལེན་པ་ལས་ལྡོག་སྟེ། ཁ་སྤུ་གཞར་བྱེད་དང་། མིག ཟླ་བ། རྣོ་སྦྲེང་སྟེང་གི་བོང་བུའི་རོ། གྲོག་མ་འདུར་སའི་ལག་པ་སོགས་ཕན་ཚུན་འབྲེལ་བ་མེད་པའི་དངོས་པོ་མང་པོ་པར་རིས་སྣ་མང་དུ་སྦྲེལ་ཏེ་དངོས་བརྒལ་བའི་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་བཀོལ་ཡོད་པས་ལྟ་མཁན་གྱི་སེམས་པར་གཡོ་སྐྱོམས་ཆེན་པོ་ཐེབས་པར་བྱེད། དེའང་གློག་བརྙན་དེའི་བརྗོད་བྱ་འགའ་ཞིག་སྒྱུ་རྩལ་བ་དེ་གཉིས་ཀྱི་རྨི་ལམ་ལ་གཞི་བཅོལ་བར་གྲགས་ཤིང་དང་ཐོག་མ་དངུལ་གྱི་ཕྱོགས་ལ་དཀའ་ཁག་ཆེན་པོ་བྱུང་ནའང་ལོ་ཟི་པོ་ནེལ་གྱི་ཨ་མས་རོགས་པ་བྱས་པའི་མཐུན་རྐྱེན་གྱིས་གློག་བརྙན་དེ་གེགས་མེད་དུ་བཟོ་ཐུབ་པར་གྲགས།

 

རྩོམ་ཁུངས། ཡོའུ་ཁོའུ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།