སྐབས་གསུམ་པའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུ”འི་ལས་རིམ་དང་པོ།

    དུས་ཚོད།   ༢༠༠༧ལོའི་ཟླ༦པའི་ཚེས༢༨ཉིན་གྱི་སྔ་དྲོ།
    ས་གནས།  རྨ་ཆུ་རྫོང་གི་གསེར་བཙག་ཁང་དང་བྱིས་གཉོར་ཁང༌།
    བརྗོད་བྱ།  གཟིགས་སྐོར།
    ལས་རིམ་བཀོད་སྒྲིག་པ།  ལྗང་བུ།
    མི་སྣ།  ལྗང་བུ། ཚེ་རིང་དོན་གྲུབ། རྡོ་གྲགས། སྐྱབས་ཆེན་བདེ་གྲོལ། མདའ་བཙན་པོ། རྡོ་དཀར་མོག་ཟླ། རི་སྔོན་བླ་མ་ཐར། མཚོ་བུ་དགའ་བདེ།
    
    རྨ་ཆུ་རྫོང་གསེར་བཙག་ཁང་གི་ཡུལ་དངོས།
    
    གསེར་གྱི་ཕྱེད་བཟོས་ཐོན་རྫས།
    
    གསེར་བཙག་ཁང་གི་གཞུང་ལས་ཁང་ནས་ཐོན་བཞིན་པ།
    
    རྨ་ཆུ་རྫོང་བྱིས་གཉོར་ཁང་གི་ར་བ་རུ།
    
    བྱིས་གཉོར་ཁང་གི་བོད་ཀྱི་བྱིས་པ།
    
    བྱིས་པའི་བོད་ཡིག་གི་བསླབ་དེབ་ཀྱི་སྐོར་ལ་རྒྱུས་ལོན་བྱེད་པ།
     ལས་རིམ་དངོས། སྐབས་དེར་འདུས་པའི་ཚོགས་ཕེབས་མི་སྣ་ལས་རྨ་ཆུ་རྫོང་གི་སྙན་ངག་པ་ཕལ་མོ་ཆེ་ཕུད་གཞན་དག་ཚང་མ་སྔ་དྲོའི་ཆུ་ཚོད་
བརྒྱད་པ་ནས་རྨ་ཆུ་རྫོང་དང་བར་ཐག་རྒྱང་གྲགས་སུམ་ཅུ་ལྷག་གིས་ཆོད་པའི་རྨ་ཆུ་རྫོང་གསེར་བཙག་བཟོ་གྲྭར་ལྟ་སྐོར་དུ་ཕྱིན་ཞིང༌། དེ་གའི་ལས་ཀ་
བ་དག་གི་རམ་འདེགས་འོག གསེར་རྡོ་ཇི་ལྟར་འཐག་པ་དང༌། དེ་ཉིད་གསེར་གྱི་རྒྱུ་རུ་ཇི་ལྟར་བཟོ་བ་སོགས་ཀྱི་བརྒྱུད་རིམ་ཁག་ལ་ཞིབ་ཏུ་གཟིགས་ཤིང་
འཕྲུལ་འཁོར་གྱི་འུར་སྒྲ་རེ་རེ་མཚམས་མི་ཆད་པའི་ཟིང་ཆའི་ཁྲོད་ནས་བཟོ་ལས་དུས་རབས་ཀྱི་ངོ་བོ་ངོ་མ་ཉམས་སུ་མྱངས། དེའི་འཕྲོར་རྨ་ཆུ་རྫོང་གི་
བྱིས་གཉོར་ཁང་ལ་གཟིགས་སྐོར་དུ་ཕེབས་པ་དང༌། བོད་རྒྱ་གཉིས་ཀྱི་བྱིས་པས་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་པའི་གནས་ཚུལ་ལ་ཞིབ་ཏུ་བརྟག་པ་
དང༌། བོད་རིགས་སློབ་མས་ཆུང་ངུའི་དུས་ནས་རྒྱ་ཡིག་ཇི་ལྟར་སྦྱང་པའི་ཚུལ་དང༌། རྨ་ཆུ་རྫོང་གིས་གསར་དུ་བསྒྲིགས་པའི་བྱིས་གཉོར་ཁང་གི་སློབ་
མའི་བོད་ཡིག་སློབ་དེབ་ལའང་རྒྱུས་ལོན་བྱས། ལོ་ལྔ་ནས་དྲུག་བར་གྱི་བོད་རིགས་བྱིས་པ་མང་པོས་སྙན་ངག་པ་ཚོའི་མདུན་ནས་མཉམ་གཅིག་ཏུ་
དབྱངས་གསལ་སོ་བཞི་ཀློག་འདོན་བྱས་པས་སྙན་ངག་པ་ཚོར་སེམས་འགུལ་ཚད་མེད་ཐེབས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གསུམ་པའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུ”འི་ལས་རིམ་དང་པོ།

2009-12-07 ངེད་དྲ་བ། ཀློག་གྲངས། མཆན ཡོད།

    དུས་ཚོད།   ༢༠༠༧ལོའི་ཟླ༦པའི་ཚེས༢༨ཉིན་གྱི་སྔ་དྲོ།
    ས་གནས།  རྨ་ཆུ་རྫོང་གི་གསེར་བཙག་ཁང་དང་བྱིས་གཉོར་ཁང༌།
    བརྗོད་བྱ།  གཟིགས་སྐོར།
    ལས་རིམ་བཀོད་སྒྲིག་པ།  ལྗང་བུ།
    མི་སྣ།  ལྗང་བུ། ཚེ་རིང་དོན་གྲུབ། རྡོ་གྲགས། སྐྱབས་ཆེན་བདེ་གྲོལ། མདའ་བཙན་པོ། རྡོ་དཀར་མོག་ཟླ། རི་སྔོན་བླ་མ་ཐར། མཚོ་བུ་དགའ་བདེ།
    
    རྨ་ཆུ་རྫོང་གསེར་བཙག་ཁང་གི་ཡུལ་དངོས།
    
    གསེར་གྱི་ཕྱེད་བཟོས་ཐོན་རྫས།
    
    གསེར་བཙག་ཁང་གི་གཞུང་ལས་ཁང་ནས་ཐོན་བཞིན་པ།
    
    རྨ་ཆུ་རྫོང་བྱིས་གཉོར་ཁང་གི་ར་བ་རུ།
    
    བྱིས་གཉོར་ཁང་གི་བོད་ཀྱི་བྱིས་པ།
    
    བྱིས་པའི་བོད་ཡིག་གི་བསླབ་དེབ་ཀྱི་སྐོར་ལ་རྒྱུས་ལོན་བྱེད་པ།
     ལས་རིམ་དངོས། སྐབས་དེར་འདུས་པའི་ཚོགས་ཕེབས་མི་སྣ་ལས་རྨ་ཆུ་རྫོང་གི་སྙན་ངག་པ་ཕལ་མོ་ཆེ་ཕུད་གཞན་དག་ཚང་མ་སྔ་དྲོའི་ཆུ་ཚོད་
བརྒྱད་པ་ནས་རྨ་ཆུ་རྫོང་དང་བར་ཐག་རྒྱང་གྲགས་སུམ་ཅུ་ལྷག་གིས་ཆོད་པའི་རྨ་ཆུ་རྫོང་གསེར་བཙག་བཟོ་གྲྭར་ལྟ་སྐོར་དུ་ཕྱིན་ཞིང༌། དེ་གའི་ལས་ཀ་
བ་དག་གི་རམ་འདེགས་འོག གསེར་རྡོ་ཇི་ལྟར་འཐག་པ་དང༌། དེ་ཉིད་གསེར་གྱི་རྒྱུ་རུ་ཇི་ལྟར་བཟོ་བ་སོགས་ཀྱི་བརྒྱུད་རིམ་ཁག་ལ་ཞིབ་ཏུ་གཟིགས་ཤིང་
འཕྲུལ་འཁོར་གྱི་འུར་སྒྲ་རེ་རེ་མཚམས་མི་ཆད་པའི་ཟིང་ཆའི་ཁྲོད་ནས་བཟོ་ལས་དུས་རབས་ཀྱི་ངོ་བོ་ངོ་མ་ཉམས་སུ་མྱངས། དེའི་འཕྲོར་རྨ་ཆུ་རྫོང་གི་
བྱིས་གཉོར་ཁང་ལ་གཟིགས་སྐོར་དུ་ཕེབས་པ་དང༌། བོད་རྒྱ་གཉིས་ཀྱི་བྱིས་པས་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་པའི་གནས་ཚུལ་ལ་ཞིབ་ཏུ་བརྟག་པ་
དང༌། བོད་རིགས་སློབ་མས་ཆུང་ངུའི་དུས་ནས་རྒྱ་ཡིག་ཇི་ལྟར་སྦྱང་པའི་ཚུལ་དང༌། རྨ་ཆུ་རྫོང་གིས་གསར་དུ་བསྒྲིགས་པའི་བྱིས་གཉོར་ཁང་གི་སློབ་
མའི་བོད་ཡིག་སློབ་དེབ་ལའང་རྒྱུས་ལོན་བྱས། ལོ་ལྔ་ནས་དྲུག་བར་གྱི་བོད་རིགས་བྱིས་པ་མང་པོས་སྙན་ངག་པ་ཚོའི་མདུན་ནས་མཉམ་གཅིག་ཏུ་
དབྱངས་གསལ་སོ་བཞི་ཀློག་འདོན་བྱས་པས་སྙན་ངག་པ་ཚོར་སེམས་འགུལ་ཚད་མེད་ཐེབས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།