གནའ་བོའི་ཀེ་རི་སེའི་སྐྱོ་གར་བ་གྲགས་ཅན་ཨའེ་སི་ཁུའུ་ལོ་སི།

    ཨའེ་སི་ཁུའུ་ལོ་སི(ཕལ་ཆེར་སྤྱི་ལོའི་སྔོན་གྱི་525ལོ་ནས་སྤྱི་ལོའི་སྔོན་གྱི་456ལོའི་བར་ལ་བཞུགས་པ)ནི་གནའ་བོའི་ཀེ་རི་སེའི་སྐྱོ་གར་པ་
གྲགས་ཆེན་རྣམ་གསུམ་གྲས་ཀྱི་གཅིག་ཡིན།  ཨ་ཙི་ཁ་ནུབ་རྒྱུད་ཀྱི་ཨོ་ལིའུ་ཞི་སི་ས་ཁུལ་གྱི་སྐུ་དྲག་ཅིག་གི་ཁྱིམ་དུ་འཁྲུངས།   སྐུ་ན་ཕྲ་བའི་
དུས་སུ་སྤྱི་འབངས་ཀྱི་སློབ་གསོ་ལེགས་ཤོས་ཉམས་སུ་བཞེས་མྱོང་ཞིང༌།  ཡ་ཏེན་གྱིས་དཔོན་གནས་གཡོ་འཕྲོག་བྱེད་མཁན་ཞེ་ཕི་ཨ་སི་ཞེས་
པའི་གཏུམ་དྲག་གི་སྲིད་དབང་འོག་ཏུ་སྐུ་གཞོན་ནུའི་སྐབས་ཀྱི་ལོ་ཟླ་བསྐྱལ་པ་དང༌།   ན་གཞོན་དུས་སུ་ཡ་ཏེན་གྱི་བྲན་གཡོག་དམངས་གཙོ་
ལམ་ལུགས་བཙུགས་པ་དངོས་སུ་གཟིགས།   སྤྱི་ལོའི་སྔོན་གྱི492ལོར་ཞེ་ཕོ་དམག་འཁྲུག་ཐོལ་གྱིས་བྱུང་བས།  ཁོང་གིས་མེས་རྒྱལ་གྱི་རང་དབང་
རང་བཙན་ལ་སྲུང་སྐྱོབ་བྱེད་ཆེད་སྔ་རྗེས་སུ་དཔའ་ངར་དང་ལྡན་པའི་ངང་ཤི་གསོན་གྱི་དམག་འཁྲུག་སྟེ།  མ་ལ་སུང་དང་ས་ལ་སྨི་སི།  ཕུའུ་ལ་
ཐའེ་ཡ་ལ་སོགས་པའི་དམག་འཁྲུག་གྲགས་ཆེན་དག་གི་གྲས་སུ་ཞུགས་ནས་བླ་ན་མེད་པའི་རྒྱལ་གཅེས་ཀྱི་སྙིང་སྟོབས་མཚོན་པར་མཛད།   ཁོང་
གིས་སྤྱི་ལོའི་སྔོན་གྱི499ལོ་ནས་བཟུང་གསར་རྩོམ་གྱི་མགོ་བརྩམས་ཤིང༌།  ཐེངས་དང་པོར་ཟློས་གར་གྱི་འགྲན་སྡུར་ལ་ཞུགས་ཀྱང་རྒྱལ་ཁ་མ་ལོན། 
སྤྱི་ལོའི་སྔོན་གྱི484ལོར་ཁོང་གི་བརྩམས་ཆོས་ལ་ཆང་ལྷའི་དུས་སྟོན་གྱི་ཟློས་གར་འགྲན་སྡུར་སྟེང་ཐོག་མར་བྱ་དགའ་ཐོབ།  དེ་ནས་བཟུང་ཁོང་གི་
བརྩམས་ཆོས་ལ་བྱ་དགའ་ཡང་ཡང་ཐོབ་སྟེ་ཡ་ཏེན་གྱི་འཁྲབ་སྟེགས་ལ་ལོ་ངོ་བཅོ་ལྔར་དབང་བསྒྱུར་པ་རེད།   མཐར་སྤྱི་ལོའི་སྔོན་གྱི468ལོའི་
ཟློས་གར་འགྲན་སྡུར་ཞིག་གི་སྟེང་ད་གཟོད་ན་གཞོན་འཁྲབ་གཞུང་རྩོམ་པ་པོ་སུའུ་ཧྥུའུ་ཁོ་ལེ་སི་ཞེས་པ་ཁོང་ལས་རྒྱལ་པར་གྱུར།
       སྤྱི་ལོའི་སྔོན་གྱི470ལོར་ཨའེ་སི་ཁུའུ་ལོ་སི་ལགས་ཞི་ཞི་ལི་ཡི་ཞི་ལ་ཀུའུ་ཡི་རྒྱལ་པོ་ཞི་ཨོ་རུང་གིས་གདན་དྲངས་ཏེ་ཞི་ཞི་ལི་ལ་མགྲོན་དུ་ཕེབས། 
སྤྱི་ལོའི་སྔོན་གྱི458ལོར་ཁོང་གི་ཁྱིམ་གཞིས་ཀྱང་ཞི་ཞི་ལི་ལ་སྤར།  ལོ་གཉིས་ཀྱི་རྗེས་སུ་གླིང་ཕྲན་དེའི་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཅེ་ལ་ཞེས་པ་ནས་སྐུ་འདས།  
ཨའེ་སི་ཁུའུ་ལོ་སི་ནི་གནའ་བོའི་ཀེ་རི་སེའི་སྐྱོ་གར་གྱི་ཤིང་རྟའི་སྲོལ་འབྱེད་མཁན་དངོས་ཡིན་ཏེ།  ཁོང་གིས་སྐུ་ཚེ་གང་བོར་འཁྲབ་གཞུང་70གསར་
རྩོམ་མཛད་ཅིང་འཁྲབ་གཞུང་99མཛད་པ་ཡིན་ཟེར་ལ་ཡང་ཡོད་སྐུ་འཚོ་གཞེས་ཐོག་ལ་བྱ་དགའ་ཐེངས་13ལ་བཞེས་མྱོང་བ་དང༌།  སྐུ་གཤེགས་རྗེས་
ཤུལ་བཞག་བརྩམས་ཆོས་ལ་བྱ་དགའ་ཐེངས་བཞིར་ཐོབ།   ཡིན་ནའང་རྒྱུན་མཐུད་དུ་ཐོན་པའི་ཟློས་གར་འཁྲབ་གཞུང་ཆ་ཚང་གི་སྐོར་ལ<<རོགས་སྐྱོར་
སློང་བའི་མི>>དང<<ཏ་ཟིག་པ>> <<དཔལ་ཐུལ་བདུན་གྱིས་ཐེས་པེར་རྒོལ་བ>>  <<བཅིངས་པའི་ཕུའུ་ལུའོ་སྨི་ཞིའུ་སི>> <<ཨ་ཅ་མོན་ནུང>>
<<ཆང་མཆོད་མཁན>>  <<དགྲ་ཤ་ལེན་པའི་ལྷ་མོ>>བཅས་བདུན་ཙམ་མོ།  །ཁོང་གི་ཚབ་བྱེད་རང་བཞིན་གྱི་བརྩམས་ཆོས<<བཅིངས་པའི་ཕུའུ་ལུའོ་
སྨི་ཞིའུ་སི>>ཡི་ནང་དུ་དྲང་བདེན་གྱི་ཆེད་དུ་ཞུམ་པ་མེད་པར་འཐབ་རྩོད་བྱེད་པའི་བླ་མེད་ཀྱི་སྙིང་སྟོབས་ལ་བསྔགས་པ་དང༌།  ཡ་ཏེན་གྱི་བྲན་གཡོག་
བདག་པོའི་དམངས་གཙོ་ཕྱོགས་ཁག་གིས་སྐུ་དྲག་སྒེར་གཅོད་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཚོན་ཡོད་པས།  གནས་ལུགས་ཀྱིས་ཕྱུག་ཅིང་
བརྩེ་དུངས་ཟབ་མོ་ལྡན་པ་རེད།  <<ཨོ་རུའེ་སི་ཐི་ཡ>>ཞེས་པའི་བམ་པོ་ཁག་གསུམ<<ཨ་ཅ་མོན་ནུང>>དང<<ཆང་མཆོད་མཁན>> <<དགྲ་ཤ་
ལེན་པའི་ལྷ་མོ>>ནི་གནའ་བོའི་ཀེ་རི་སེའི་སྐྱོ་གར་ཕྱི་རབས་སུ་བརྒྱུད་ནས་བྱུང་བའི་བམ་པོ་ཁག་གསུམ་སྟེ།  བྲུལ་སྐྱོན་གྱིས་གནོད་མ་བྱུང་བ་ནི་དེ་ཁོ་
ན་ཡིན།   དེས་ལྷ་སྒྲུང་དང་ངག་རྒྱུན་བརྗོད་བྱ་བགྱིས་ཏེ།  ཕ་དབང་གི་ལམ་ལུགས་དེ་མ་དབང་གི་ ལམ་ལུགས་ལས་རྣམ་པར་རྒྱལ་བ་དང༌།  ཁྲིམས་
ཀྱིས་སྐྱོང་བའི་སྙིང་སྟོབས་དེ་རུས་རྒྱུད་ལ་བརྟེན་ནས་དགྲ་ཤ་ལེན་པའི་འདུ་ཤེས་ལས་རྣམ་པར་རྒྱལ་བ་མངོན་པར་མཚོན་འདུག   <<ཏ་ཟིག་པ>>
ཞེས་པའི་ནང་དུ་ཏ་ཟིག་མཚོ་དམག་ས་ལ་སྨི་སི་གཡུལ་འཁྲུག་སྐབས་རྩ་མེད་དུ་གྱུར་པའི་གནས་ཚུལ་བྲིས་ཡོད་དེ།  རྒྱལ་གཅེས་ཀྱི་བརྩེ་དུངས་
བརྗོད་པ་དང༌།  ཡ་ཏེན་གྱི་དམངས་གཙོའི་ལམ་ལུགས་ཁྱད་དུ་འཕགས་པ་མཚོན་ཡོད་པས།  གནའ་བོའི་ཀེ་རི་སེའི་སྐྱོ་གར་གྲས་ཀྱི་སྐབས་དེའི་
དངོས་ཡོད་གནས་ཚུལ་བརྗོད་བྱར་བཟུང་ནས་མཛད་པའི་བརྩམས་ཆོས་གཅིག་པུ་ཡིན།  ཁོང་གི་འཁྲབ་གཞུང་ནི་སྒྱུ་རྩལ་གྱི་ཐད་དུ་སྒྲིག་གཞི་
སྣེ་མང་མིན་པ་དང་ཚིག་སྤྱོར་མཛེས་ཤིང་ཡིད་དུ་འོང་བ། ཁྱད་ཆོས་རྔམ་བརྗིད་ལྡན་ཞིང་མངོན་པར་མཐོ་བ།  དུངས་བརྗོད་ཀྱི་རྣམ་པས་ཁེངས་
པ་ཞིག་ཡིན།   དུས་མཚུངས་སུ་ཁོང་གིས་་གནའ་བོའི་ཀེ་རི་སེའི་སྐྱོ་གར་གྱི་རྣམ་པ་སྒྱུར་བཅོས་དང་གསར་གཏོད་མཛད་དེ།  འཁྲབ་སྟེགས་སུ་
འཁྲབ་མཁན་གྱི་ཟློས་གར་པ་དེ་མི་གཅིག་ནས་མི་གཉིས་སུ་ཇེ་མང་དུ་བཏང་བ་དང༌།  མཉམ་ལེན་གྱི་སྐོར་ཧྲག་བསྡུས་བྱས་ཏེ་མི་སྣའི་བར་ཚིགས་
བཅད་ཀྱིས་གླེང་མོལ་བྱེད་པ་གཙོར་འཛིན་པ་དང༌།   གཞན་ཡང་སྐྱོ་གར་གྱི་རྣམ་པ་དང་སྒྲིག་གཞི་གཏན་ལ་ཕབ་ནས་སྐྱོ་གར་འཁྲབ་སྟོན་བྱེད་
པའི་ཆོས་ཉིད་དང་སྒྲིག་ལམ་རིམ་པ་ཞིག་ཕྱོགས་སྡོམ་མཛད་ཡོད་པས།  སྐྱོ་གར་གྱི་རྣམ་པ་འཐུས་ཚང་ལེགས་གྲུབ་འབྱུང་བར་མཛད་རྗེས་བླ་ན་
མེད་པ་བཞེངས་ཡོད།   དེ་བས། མར་ཁེ་སི་ནི་ཁོང་གི་བརྩམས་ཆོས་ལ་ཐུགས་ཤིན་ཏུ་དགྱེས་པ་དང་ཨེན་ཀེ་ཟིས་ཁོང་ལ<<སྐྱོ་གར་གྱི་མེས་པོ>>
ཞེས་བསྔགས་པ་མཛད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་བོའི་ཀེ་རི་སེའི་སྐྱོ་གར་བ་གྲགས་ཅན་ཨའེ་སི་ཁུའུ་ལོ་སི།

2009-10-14 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།