རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་ཚིགས་བཅད་སྙན་ངག་གཅེས་བཏུས།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-20

                 དྲིལ་ཆུང་གི་རྐན་སྒྲ།

ང་ན་ན་དྲི་ནི་མེད་པ་དང་།། ཤི་ན་ངུ་ནི་མེད་པ་རུ།།
རུ་ཁྲོད་འདི་རུ་འཆི་ནུས་ན།། རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།

ལྷམ་ཆུང་གཡས་པ་དེ་ང་ཡི་ལག་ཏུ་བཞག་ནས།།
སྙན་མོ་མགུར་ཆུང་ཞིག་སིལ་སིལ་གང་ནས་བླངས་སམ།།
དབེན་པའི་ན་བུན་གྱི་སྐེ་དཀྲིས་དབུ་ལ་བརྒྱན་ཅིང་།།
སྐྱོ་གཞས་ལྡེ་མིག་གིས་གནམ་སའི་སྒོ་གླེགས་ཕྱེས་བྱུང་།།
 
མིག་ཟུང་ཀེམ་ཀེམ་གྱི་རྫི་མའི་རྩེ་ལ་ཐོགས་པའི།།
སྐར་ཚོགས་དུམ་བུ་ཞིག་སེམས་ཀྱི་གཤོང་ལ་བབས་དུས།།
བསམ་གཏན་སྒོམ་ཆུང་གི་རྩིག་པའི་རི་མོ་ཞིག་ལ།།
གཡུ་སྦྲང་གསེར་མིག་ཅིག་འཁོར་བའི་གཏམ་རྒྱུད་ཨེ་ཡོད།།
 
རུས་པ་མུ་རིག་ཕྲེང་བ་སྤང་ལ་གཏོར་རྒྱུ།།
གནག་སྣུམ་སྐྲ་ལོ་ཡི་སྣེ་མོ་རླུང་ལ་གཡེང་རྒྱུ།།
མི་རྟག་རྣལ་འབྱོར་ལ་བརྩོན་པའི་གཤིས་སུ་གོ་ཡང་།།
སྙིང་གི་རྩ་མདུད་ལ་ཅུང་ཟད་འཕོག་ཉེས་འདུག་གོ།
 
བྱིའུ་ཆུང་ཀྱུར་ཀྱུར་གྱི་གྲེ་བ་བསེར་བུས་བརྡེགས་ཤིང་།།
སྲོག་འཛིན་ཐིག་ལེ་ཡི་དཀྱིལ་འཁོར་བརྩེ་བས་འཕར་དུས།།
ཆུང་འདྲིས་རྗེས་དྲན་གྱི་རྨི་ལམ་རླུང་གིས་ཁྱེར་ན།།
སྣང་བ་དར་སྐུད་ཀྱི་ཨ་ལོང་གང་སར་ལྡེམ་འགྲོ།།
 
གཡས་ན་ཨ་མཚར་གྱི་འཁྲེང་ཞེན་རི་ལས་ལྗིད་ཅིང་།།
གཡོན་ན་འཛིན་མེད་ཀྱི་རྟོག་པ་དབྱིངས་སུ་གཏོང་སྐབས།།
ཡིད་གཉིས་དཔྱངས་ཟམ་ན་འགྱུ་བའི་གཙང་པོ་སྔོན་པོ།།
རི་ཁྲོད་དབེན་པ་ནས་མཐོང་ངམ་བདག་གི་ལས་མཐུན།།
 
ཞོགས་པའི་ཉི་ཟེར་གྱི་ཞལ་ཁེབས་དགུང་དུ་བཀྱགས་ཤིང་།།
འཕྲེད་གླིང་འདེགས་འཇོག་གི་ཚོར་བ་བ་སྤུར་འཁོར་ཚེ།།
སྔོན་བསགས་ལས་མཐུན་གྱི་སྨྲེང་བ་ཡན་པོར་ཤོར་ནས།།
ཏིང་འཛིན་མེ་ལོང་ལ་ཆག་གྲུམས་བཟོ་ཉེས་འདུག་གམ།།
 
སྤེན་མའི་དབུ་ལྕོག་ལ་བ་མོས་ཟུར་མདའ་འཕངས་ཤིང་།།
ཁ་བའི་འཕུར་སྐྱོད་ལ་རླུང་གི་གཤོག་པ་བརྡར་སྐབས།།
སྒྲོལ་མའི་ཐང་ཆུང་གིས་གསུང་སྙན་འབུད་གྲབས་འདུག་ན།།
སེམས་བསྐྱེད་གཞུང་ཤིང་དེ་ཅི་ལྟར་ཞུ་བར་བྲེལ་ཡོད།།
 
ཆུ་ཟིལ་དོག་པོ་ཞིག་རལ་གྲིའི་རྩེ་རུ་ཡོམ་འདྲའི།།
མི་ཚེ་འཁྲབ་སྟེགས་ཀྱི་རོལ་གར་ཡལ་བར་དོགས་ཀྱང་།།
པདྨའི་རྩ་བ་ལྟར་མཉེན་པའི་མཛུབ་རྩེ་རེ་ན།།
ལོ་ཟླ་འཁྲུག་པའི་རྨི་ལམ་ལ་ཟིན་མཐའ་མ་དམིགས།།
 
སྐྱོ་ཤེས་གསང་སྒོ་དེ་ཡུན་གྱིས་རྡུང་གིན་རྡུང་གིན།།
ལང་ཚོའི་གྲུ་གཟིངས་ལ་བཀལ་བའི་ནོར་བུ་ཚོམ་ཞིག།།
ཚངས་མགུར་ཤོག་ངོས་སུ་བྲིས་པའི་ཚོད་ཅིག་མ་རེད།།
མདུན་གྱི་ཐེམ་པ་ན་རིལ་བའི་མུ་ཏིག་ཡིན་ཙང་།།
 
              ཚོར་བའི་འཁྲུལ་སྣང་།
                           གྲོགས་ཐོ་རངས་ཀྱི་སྙན་དེབ་ལ་ལེགས་སྐྱེས་སུ་ཕུལ་བ།
བྲང་གི་འོག་ཏུ་ནན་ཀྱང་མ་ཐུབ།།
རྫུ་བག་གཤིས་ཀྱིས་གབ་ཀྱང་མ་ཁེབས།།
ཚོར་བའི་སྣེ་ཐིག་ཁ་ཆུ་འཛར་འཛར།།
ཤོག་ངོས་བཤེར་བའི་ཟོལ་དུ་མཐོང་འོང་།།
 
ན་གཞོན་གསར་བུའི་ནམ་མཁའི་དབྱིངས་སུ།།
ཉི་འོད་དེ་ཡང་ཚ་རྒྱུ་མེད་ལ།།
སྐར་ཚོགས་དེ་ཡང་མང་རྒྱུ་མེད་པས།།
གང་ལ་བལྟས་ཀྱང་རང་ཉིད་མཐོ་འོ།།
 
མིག་གིས་བལྟས་ཀྱིན་བལྟས་ཀྱིན་སོང་ན།།
བྱེ་མའི་རི་ལ་སྨུག་པ་འཁོར་བ།།
བ་སྤུ་གཡོ་བའི་རྩེ་མོ་ཞིག་ལ།།
མ་རྒན་རུས་པ་ཐོར་བ་འདྲ་ཨང་།།
 
ལག་པས་བཙན་གྱིས་མདུན་དུ་དྲུད་ཀྱང་།།
རྐང་བས་ཤུགས་ཀྱིས་ས་གཞི་བརྫུས་ཀྱང་།།
བརྩེ་བའི་མེ་སྟག་ཚ་ཚ་འཕྲོ་འདིས།།
འདི་ཡིན་འདི་མིན་གང་དུ་འཁྲིད་འགྲོ།།
 
ཁྱེད་ཀྱི་མིག་ཟུང་འགྱུ་ཙམ་བར་ན།
འཚོ་བ་འདི་ཡང་ཨ་རག་ཁམ་གང་།།
མཚན་ཐུན་གཅིག་ལ་ལོངས་སུ་སྤྱད་མཐར།།
གཅིན་པ་ཁ་བའི་ཁྲོད་དུ་བཏང་འདྲ།།
 
དེ་རིང་མེ་ལོང་ངོས་ན་གཡོ་བའི།།
གསར་ཉམས་དེ་ལ་སྤམ་མདོག་ཁ་ཡང་།།
མི་ཤུགས་གཉུག་མའི་རུས་རྐང་བར་ན།།
ད་དུང་སྣང་བའི་དབུགས་རྒྱུན་འཐོམས་ཡོད།།
 
ཞེད་དུ་འགྲོ་བའི་ལོ་ཟླ་རིང་མོ།།
ལྡེབས་རིས་ངོས་སུ་བཀལ་ཀྱང་མི་འདུག།
ཞོགས་པའི་ན་བུན་མཚོ་ལ་འཐིམ་འདྲའི།།
རྨི་ལམ་ཙམ་ཞིག་བྲང་ཁར་ལྷུང་འོང་།།
 
ཉིན་སྲིབ་སྦྲེལ་བའི་གླེགས་བམ་ཞིག་ལ།།
ཤད་ཚེགས་ཀྱིས་ཞེན་པ་བོར་ཞིང་།།
རྣམ་ཤེས་འཕོ་བའི་དུར་ཞིག་བསླངས་པ།།
ཡིད་ཤེས་ཁོ་ནས་སྒྲོམ་དུ་བཅུག་ཡོད།།
         
             སྨུག་པས་རི་རྒྱབ་གནོན་དུས།
 
རི་བོའི་སུལ་ནས་འབབ་པའི་ཆུ་ཕྲན་གྱིས།།
ཤང་ཤང་སྒྲོག་གིན་ཁྱེར་བའི་རྨི་ལམ་དེ།།
དོ་ཧའི་མགུར་གླུ་ཡིན་པས་ཞེ་ལ་ཞོག།
དབེན་པའི་བསིལ་རླུང་ཡིན་པས་སེམས་སུ་སྒོམས།།
 
འདུ་འཛིའི་རྒྱ་ལ་བྲེད་པའི་བྱ་བཏང་བ།།
རྩྭ་མགོར་གཡེངས་པའི་ཞོགས་ཟིལ་དྭངས་མོ་ཞིག།
འཇིག་རྟེན་ཉེས་པས་མ་གས་མེ་ལོང་ཞིག།
སྣང་དག་རི་མོར་ཕབ་པ་སྟོང་བའི་གཟུགས།།
 
སྤྲིན་པ་བལ་དཀར་འདྲ་བའི་རི་རྩེ་ན།།
གཤོག་འགྱུར་རླུང་ལ་བརྡར་བའི་རྒོད་པོ་དེ།།
སེམས་ཉིད་ཟད་སར་འཁྱོལ་བའི་རྣལ་འབྱོར་བ།།
ནང་གི་འོད་ཟེར་ཀློང་དུ་ཞུགས་པ་འདྲ།།
 
མ་སྐྱེས་སྐྱེས་མེད་དབྱངས་ཀྱི་རོལ་མོ་མཁན།།
འབྲོག་དགོན་སྤང་དུ་ཉལ་བའི་རི་དྭགས་ལྟར།།
གཅིག་བུར་གནས་པའི་ཉམས་མགུར་བདེ་ཆེན་གླུ།།
དུས་བཞིའི་འགྱུར་བག་གསེབ་ཏུ་འདར་བ་མཚར།།
              
              གྲོགས་རྩེ་སྨིན་གྲོལ་ལ་ཕུལ་བ།
 
རི་བོ་འདིར་བལྟས་ཀྱིན་མགོ་ཡོམ་རྒྱབ་འགྲོ།།
ལོ་ཟླ་འདི་བརྩིས་ན་སེམས་ཁ་འཁྲིགས་འགྲོ།།
འདི་ཡིན་འདི་མིན་གྱི་སོ་མཚམས་མེད་པའི།།
ཞེད་སྣང་སྦར་མོ་ཡིས་བྲང་ཁར་འཚེ་བྱུང་།།
 
ཡིད་ལ་འཆར་ཚུལ་གྱི་ལྡེབས་རིས་ངོས་སུ།།
བཟོ་བོ་སུ་ཞིག་གིས་འབྲི་བར་དཀའ་ཞིང་།།
ཁྲིམས་ལུགས་གཏན་ཚིགས་ཀྱིས་གཅུན་ཐབས་མེད་པས།།
སེམས་ཡན་འཁྱར་བོ་ཞིག་ནམ་རྒྱུན་ལྡང་འོང་།།
 
རོགས་དན་གང་གིས་ཀྱང་སེལ་བར་དཀའ་བའི།།
བྱར་མེད་རྟོག་སྣང་གི་གཟེར་ཆུང་འཕར་དུས།།
སྐྱབས་སུ་རེ་བཞག་གི་དཀོན་མཆོག་དེ་ཡང་།།
འགོར་འགྱངས་དུས་ཚོད་ཀྱིས་བསྐལ་ནས་འདུག་གོ།
 
གནའ་བོའི་རི་གྲོང་གི་སྨུག་ལོང་ཁྲོད་དུ།།
སེམས་ལ་སེམས་གསོ་བའི་རྫི་གླུ་གཏོང་མཁན།།
གདོད་མའི་མི་རྐྱང་དག་ཞེ་ལ་འཁོར་ན།།
འགྲམ་པར་མིག་མཆི་ཡི་དོག་པ་དྲིལ་འོང་།།
 
ཁྲ་ཁྲ་རིག་རིག་གིས་མིག་དབང་བསླུ་བའི།།
དུས་རབས་གསར་བ་ཞེས་དགའ་རྒྱུ་མི་འདུག།
ཁྲེལ་དང་ཕྱི་ཐག་ཀུན་ཐལ་བར་གཏོང་གིན།།
རང་འདོད་ཁེ་ཕན་གྱིས་དབལ་ཁ་ཚ་བ།།
 
ནམ་ཞོགས་སྲོད་དུས་སུ་གཅིག་བུར་འགྲེངས་ནས།།
དབྱར་དགུན་དུས་བཞི་ཡི་འགྱུར་བ་དྲན་ན།།
ཟོལ་མེད་ཚོར་བ་ཡི་གཙང་བོའི་ཀླུང་དུ།།
འཁོར་འདས་རི་བོའི་ཚོགས་ཉིལ་བ་འདྲ་བྱུང་།།
 
ཤག་ཆུང་རླུང་བུ་ཡི་རྒྱུ་ལམ་མིན་ཀྱང་།།
རླུང་བུ་སིལ་སིལ་ཞིག་ནམ་རྒྱུན་ལྡང་ཞིང་།།
དཔེ་དེབ་ཧྲུལ་ཧྲུལ་གྱི་ཐིག་འཕྲེང་རེར་ཡང་།།
སུན་སྣང་ཚོས་ཁ་རེ་རྟག་པར་བསྒོས་འདུག།
 
གྲོགས་མེད་གྲིབ་གཟུགས་ཀྱི་འགུལ་ཕྱོགས་འདི་ལ།།
རྟོག་བཏགས་ལྷན་པ་རེ་རྒྱག་ལོ་བྱས་ཀྱང་།།
ཚོར་ཤེས་རང་ཡན་པའི་སྤྲིན་གསེབ་ཅིག་ལ།།
ཁ་བ་མེ་ཏོག་གི་འབོལ་གདན་བརྩེགས་བྱུང་།།

                 དཔལ་གྱི་ལྷ་མོ།
                        ཨ་མདོ་བྱམས་པས་བྲིས་པའི་སྒྲོལ་སྐུ་ཞིག་ལ་མཇལ་རྗེས།
མཚར་བའི་ངོ་གདོང་དུད་པའི་ཉམས་ཀྱིས།།
སུ་ཞིག་འཛིན་པའི་ཟུར་མདའ་འཕེན་མཁན།།
དཔལ་གྱིས་དགེ་བ་དབྱངས་ཀྱི་བུ་མོ།།
གང་ལ་བཙུགས་པའི་འོད་དེ་རྣོ་བ།།
 
ཡིད་ལ་བརྐོས་པའི་ལྡེབས་རིས་ངོས་སུ།།
ཨུཏྤལ་ཞལ་ཁ་བག་ཙམ་གྲོལ་བའི།།
ཚེ་རབས་སྔོན་གྱི་བསགས་སྦྱངས་སད་མ།།
སྐྱེ་རྒུའི་གཙུག་ནོར་ཁྱེད་ལས་གང་ཡིན།།
 
མཉེན་འདེགས་ཤུགས་ཀྱི་ཟིལ་བ་ཕྲོམ་ཕྲོམ།།
བརྩེ་བའི་མདངས་ཀྱི་སྨིན་མ་ཀེམ་ཀེམ།།
ཞབས་གཉིས་བརྐྱངས་པའི་པད་གདན་དབུས་སུ།།
ཚོར་བའི་ཁུ་ཞག་གཙང་བོ་འཁྱིལ་འདྲ།།
 
དྭངས་མའི་ཟུངས་ལ་ཁྲག་རྒྱུན་ཁོལ་ཅིང་།།
སྨིན་པའི་བྲང་ལ་འོ་འཛིན་སྒེག་པའི།།
སྲིད་ཞིའི་འཆོར་སྒེག་ལུས་ལ་རྫོགས་མ།།
འཇོག་པོའི་གཙུག་རྒྱན་སུ་ཡིས་འཕྲོག་གམ།།
 
འབད་མེད་རིག་པའི་འཆར་ཚུལ་ཞིག་ལ།།
རྩོད་མེད་ལས་ཀྱི་འདུ་བྱེད་ཅིག་ལ།།
དབྱིངས་ཀྱི་མེ་ལོང་རི་མོར་ཤར་འདྲ།།
ཐིག་ལེ་ཐིག་ཕྲན་ཟླ་བར་འཕོས་འདྲ།།
 
བྲིས་པའི་སྣང་བ་དགུང་དུ་ཡལ་ཞིང་།།
འདོད་ལྡན་ལུས་ཀྱི་བ་སྤུ་སྒུལ་བའི།།
སྒྱུ་མའི་ཆོམ་རྐུན་སེམས་ལ་གཟན་མ།།
རྟོག་ལྡན་སུ་ཡི་གསང་ཡུམ་ཆེན་མོ།།
 
རེ་བའི་དངོས་གྲུབ་འཐོབ་ཀྱིས་བྲེལ་ཞིང་།།
སེམས་ཀྱིས་མཇལ་བར་ཞེ་ནས་རྔམ་པའི།།
འདི་ཕྱིའི་སྐྱབས་སུ་བཀུར་བའི་ལྷ་མོ།།
བྲིས་པའི་ཉམས་ལ་གསོན་པོའི་འདང་ལྡན།།
 
སྐྱོ་བའི་ཀློང་ན་གྲོགས་མོའི་གཟུགས་ཅན།།
ཁེར་རྐྱང་བུ་ལ་བརྩེ་བའི་ཁྲེལ་ཅན།།
ཡིད་ཀྱིས་དྲན་ཞིང་དྲན་བཞིན་བོས་ན།།
དབུ་སྐྲ་ལྕང་ལོ་སྤྲུག་གིན་ཕེབས་ཤོག།
 
སེམས་ཅན་སུ་ལ་གཟིགས་པའི་ཉམས་ཀྱིས།།
དང་བའི་ཡིད་ཀྱི་ཉི་ཟླ་འགེལ་བཞིན།།
མཚུངས་མེད་དག་པའི་མོས་ངོ་ཞིག་ལ།།
དགའ་བ་བརྒྱ་ཕྲག་ཆར་དུ་འབེབ་རོགས།།
 
གསང་བའི་འདོད་པ་གསང་ནས་བརྐུས་ཏེ།།
ལུས་ཡོར་ཧད་པོ་ཤུལ་ཏུ་བསྐྱུར་བའི།།
འདི་ན་ལུས་ཅན་རྐང་གཉིས་པ་ཞིག།
འཕག་ཙམ་ཉེས་ལ་འགུལ་ཙམ་འཁྲུལ་འདུག།
 
བྱས་ཉེས་མཆིས་སོ་མདུན་དུ་བསྟར་ནས།།
དམིགས་པའི་ཕུག་པ་དཀར་པོར་བྱས་ཏེ།།
པུས་འཛུགས་ཆ་ལུགས་སྔོན་དུ་བཏང་ན།།
ཁེར་རྐྱང་ཨོ་ལོར་མདུན་མའི་གྲོགས་མཛོད།།

               འགྱུ་ཕྱོགས།
 
སེམས་འདི་ཉུག་ཉུག་གིས་བཞུར་ལ་ཁད་དུ།།
འཚོ་བའི་རྩི་ཏོག་གིས་འབྲབ་ལ་ཉེ་འང་།།
རྫུན་གྱི་ཨ་བྲ་ཁྱེད་ལྡང་ཉེས་འདུག་ཚེ།།
མེ་ཏོག་ཟིལ་མདའ་ཞིག་ལྟོང་ལ་སྤྲོད་དགོས།།
 
འགྲམ་པ་རྩི་དམར་གྱི་ཐིག་ལེ་གཅིག་པོ།།
ཤེལ་གྱི་མེ་ལོང་ངོར་ལྷན་དེ་བཞག་སྐབས།།
སྐྲ་ལོ་ཐུར་ཡན་གྱི་སྤྲུགས་རྡེབ་ཤུགས་ཀྱིས།།
མེ་ལོང་སིལ་སྒྲ་དང་བཅས་ནས་ཐོར་འོང་།།
 
འགྲོ་འཆག་ཉལ་འདུག་གི་རླུང་བུ་ལྡོམ་པོ།།
གོས་ལྗང་ཡོལ་རས་ཀྱི་ལྡེབས་སུ་བཙེམས་པའི།།
ཚེས་རིས་གཅེར་བུ་ཞིག་མཚོ་ལ་ལྕེབས་འདྲ།།
ཡིད་ཀྱི་དྭངས་པ་ལ་མཆུ་ཏོ་བསྣུན་འདུག།
 
ཁ་བའི་ཁ་རྒྱན་གྱི་དབུ་ལོ་ལྡེམ་པའི།།
རྒན་པ་མགོ་དཀར་ཚོའི་འཛུམ་ཀོང་འཕིགས་པའི།།
བརྩེ་བའི་གསེར་སྒྲོག་ལ་སྲོག་གིས་མདུད་མཁན།།
རྨི་ལམ་དཀྲོགས་བྱེད་ཀྱི་འུར་ལ་དིང་འདུག།
 
བློ་ཡི་ཟུར་ཤེད་ན་བསིལ་གདུབ་དཀྲོལ་འདྲ།།
མཐོང་ན་སྨིན་མཚམས་ན་བུང་བ་འཕུར་འདྲ།།
བཟློས་ན་ལྕེ་ཐོག་ན་འོ་ཞག་འཁྱིལ་འདྲ།།
ཞེ་འཛིན་བདེ་སྟོང་གི་ཐིག་ལེ་དཀར་པོ།།
 
ལས་ཀྱིས་བསགས་པ་ལ་འཕྲོ་ཞིག་ཡོད་ན།།
ཟིལ་བ་ཕྲོམ་ཕྲོམ་གྱི་གཟིངས་ཤིག་བཅོས་ཏེ།།
སེམས་ཀྱི་རོལ་ཆ་ལ་དབུགས་ཀྱིས་རྡེག་གིན།།
སྨྲ་བ་མཐའ་བྲལ་གྱི་དབྱིངས་་སུ་སིམ་འགྲོ།།
 
ཞོགས་པར་སྨུག་སྤྲིན་གྱི་ཀློང་ན་སྒེག་ཅིང་།།
རྒོངས་ཀར་མཚམས་སྤྲིན་གྱི་གསེབ་ན་འཛུམ་པའི།།
གཉིས་འཛིན་སྣེ་ཐིག་ལ་དཀྲི་བའི་རྨི་ལམ།།
ཤེལ་གྱི་ཏིང་ཕོར་ལ་ཉ་མོ་འཁོར་འདྲ།།
 
ཡོད་ན་མཉམ་ལེན་གྱི་གནད་དུ་བསྣུན་ཟེར།།
མེད་ན་བདེ་ཆེན་གྱི་དྭངས་མ་འགགས་ཟེར།།
ཡོད་མེད་ཡིན་མིན་གྱི་མཐའ་ལས་འདས་པའི།།
ཚོར་བ་འཛད་མེད་ཀྱི་ཕབ་རྩི་ཁྱེད་ཡིན།།

            ང་ནི་ཁྱེད་ཀྱི་དུར་མདུན་ན་ལངས་ཡོད།
 
མདུན་ན་དུར་རྡོ་འགུལ་བའི་སྣང་བ་ཞིག་ལ།།
དུར་གྱི་ངོས་སུ་ཡི་གེ་ཤར་སྣང་ཞིག་ལ།།
ཡི་གེ་རེ་ལ་འཁྲི་བའི་འོད་ཟེར་ནག་པོ།།
ལྷ་སར་བསྙེས་པའི་གླེགས་བམ་ལྕི་ལྕི་འདྲ་ཞིག།།
 
ཤེལ་ཕོར་དབུས་སུ་བྱིངས་པའི་ཚེས་རིས་ཆུང་ཆུང་།།
རྨི་ལམ་ངོགས་སུ་འཕུར་བ་གསེར་གྱི་གཡུ་འབྲུག།།
དར་ལྕོག་ངོས་སུ་བྲིས་ན་ཐེག་ཚོད་མེད་པས།།
སྙིང་གི་སྒྲོམ་ལ་བཅུག་ནས་ངུ་སྙིང་འདོད་དོ།།
 
གྲུ་ཆུང་གཙང་བོའི་གཞུང་ལ་ཁྱེར་བའི་གཟིིངས་སུ།།
མེ་སོན་སྡུད་པའི་ལག་པ་སེམས་སུ་གཡོབ་ཀྱིན།།
དུ་སྤྲིན་རི་ལ་འཁོར་བའི་གསེབ་ལམ་ཞིག་ནས།།
སྐྱོ་བའི་རྫི་གླུ་རུས་པའི་གཏིང་ནས་གཟེར་ཨང་།།
 
མུན་པའི་ཞལ་ཁེབ་བཀྱགས་པ་སྟོན་ཀའི་དུས་ལ།།
རྡོག་ཁྲེས་རྒྱབ་ཏུ་ཁུར་བའི་བྱ་བཏང་འགའ་ཞིག།།
འཇིགས་མེད་སྟོབས་ཀྱིས་བཞུད་པའི་ཤུལ་ལམ་རེ་ན།།
རུས་པའི་ཐལ་བ་གསེར་ནག་རྡུལ་དུ་འཚུབ་འདུག།།
 
ཡིད་ཀྱི་ཆུང་འདྲིས་བོར་བའི་ཞེ་འཛིན་མེད་ཀྱང་།།
སྙིང་གི་དྲོད་ཤ་བཀོག་པའི་སྐྱོ་ཉམས་ཤིག་གིས།།
དེ་རིང་གནམ་ས་ངུ་ཞིང་རི་ལུང་སྐྱོ་ན།།
སྐར་ཚོགས་དགུང་ནས་ཞོག་པའི་ཚུལ་ཡང་མཐོང་འགྲོ།།
 
མདུན་གྱི་དུར་རྡོ་གསེར་གྱིས་བཞེངས་གྲུབ་བྱས་ཡོད།།
རིགས་ཀྱི་ཞེན་མདུད་རྡོ་རྗེ་རིས་སུ་བརྐོས་ཡོད།།
ནང་གི་འོད་ཟེར་རྟོག་མེད་སེམས་ཀྱིས་བྲིས་ཡོད།།
བརྩེ་བའི་དཔྱངས་ཐག་འཁྱག་པའི་རྒྱ་ལས་གྲོལ་ཡོད།།
 
མི་ཚེ་སྡོང་ལོ་འདྲ་ཞིག་རྙེད་པའི་སྐྱིབས་སུ།།
རིང་དུ་འཚོ་བའི་ལོ་ཟླ་རླུང་ལ་བསྐུར་ཏེ།།
གངས་ཀྱི་གསོན་མིག་ཕྱེས་པའི་ཕྱག་བརྡ་རེ་ལ།།
བཙན་པོའི་རྟ་དམག་རྒྱུག་པའི་ཐྲིག་སྒྲ་ཐོས་ཡོད།
 
            ང་ཁྱེར། དེ་རིང་།
 
རི་བོང་འཛིན་པའི་དབུ་ལྕོག་གིས་བརྡེགས་ཤིང་།།
དབུགས་འགྱུ་གཉོམ་པོས་སྙིང་ཁ་རུ་འཚེ་བའི།།
སྨིན་མཚམས་གཤེད་གཏེ་རིལ་འཛིན་གྱི་དགུན་ཟླ།།
ཉོབ་ཏོའི་རྨུ་གབ་གདོང་ཐད་དུ་ལྷུང་འདྲ།།
 
སུ་ལ་གཟས་པ་ཉི་ཟེར་གྱི་ཁ་ཚར།།
ལན་དགུར་ཆད་ཀྱིན་ཆད་ཀྱིན་དུ་ལྷག་དུས།།
སྲོག་འཛིན་སྒྲོམ་གྱི་ནང་ནོམ་རང་འཕྲོག་མཁན།།
བདུད་ཀྱི་བུ་ཕོ་མགོ་དགུ་དེ་སྤྲོད་ཅིག།
 
ས་ལ་བཤུ་རྒྱུའི་པགས་པ་ཡིས་སྟོངས་ཤིང་།།
རྡོ་གཅལ་ཐེམ་གྱི་གྲང་གཟེར་ལ་ཉོབ་པའི།།
ཨ་འཐས་མཁྲེགས་གཟུགས་ཁང་བརྩེགས་ཀྱི་ནང་རོལ།།
མེ་མར་འོབས་ཀྱི་ཡང་ཏིག་དང་འགབ་མཐུན།།
 
ངུ་ཟུག་བླ་འབོད་འཕྲུལ་ཆས་ཀྱི་འཚང་ཁས།།
མི་ཡི་ལུས་པོ་སོག་མ་ལྟར་བརྡུངས་ཤིང་།།
བརྩེ་ཞེན་སྣུམ་གྱི་རྐང་མར་དེ་བཏུང་བས།།
སྐྱེ་རྒུའི་དབལ་ཁ་རང་ས་རུ་ཡལ་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་ཚིགས་བཅད་སྙན་ངག་གཅེས་བཏུས།

2012-02-20 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།