བོད་ཀྱི་འཇོན་ཐང་ཅན་གྱི་བུ་མོ་འབྲུག་མོ་རྒྱལ་དང་མོའི་སྙན་ངག

མཚམས་སྦྱོར།
 ཕ་ཡུལ་གཅན་ཚ་ནས་ཡིན་པའི་བོད་ཀྱི་སློབ་ཆེན་སློབ་མ་འབྲུག་མོ་རྒྱལ་ནི ༡༩༨༩ ལོའི་ཟླ ༡༡ པའི་ཚེས ༡༤ ཉིན་སྐྱེས་ཤིང་། ད་ལྟ་མཚོ་སྔོན་སློབ་ཆེན་ནོར་སྲིད་སློབ་གླིང་དུ་མི་རིགས་ལྗོངས་རྒྱུ་དོ་དམ་ལས་ཀའི་ཕྱོགས་སུ་སློབ་གཉེར་བྱེད་བཞིན་ཡོད་ལ། སློབ་ཆེན་ལོ་བཞིའི་རིང་ཁོ་མོའི་དབྱིན་ཡིག་ཚད་རིམ་བཞི་པ་དང་དྲུག་པའི་དཔང་རྟགས་སོགས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ཡོད་པར་མ་ཟད། ད་དུང་སྔ་གཞུག་ཏུ་གླུ་དབྱངས་དང་གཏམ་བཤད། མགོ་འཛིན་པ། ཞབས་བྲོ། སློབ་རའི་དབྱིན་སྐད་རྒྱང་སྒྲོག་པ། བརྙན་ཟློས་ལོ་ཙཱ་དང་། སྣེ་ཤན་པ། ད་དུང་ཡིག་སྒྱུར་སོགས་ཀྱི་ལས་ཀ་མང་དུ་སྒྲུབ་མྱོང་།  
  ༢༠༠༨ལོརCCTVརྟགས་ཅན་གྱི་རྒྱལ་ཡོངས་དབྱིན་སྐད་གཏམ་བཤད་འགྲན་བསྡུར་ཁྲོད་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ཤིང་པེ་ཅིན་ཏུ་འགྲན་བསྡུར་ལ་ཞུགས་པར་སོང་།༢༠༠༩ལོར་རྒྱལ་ཡོངས་དབྱིན་ཡིགCརིགས(དབྱིན་ཡིག་ཆེད་ལས་མིན་པའི་སློབ་ཆེན་སློབ་མ)་ཀྱི་ཤེས་རིག་འགྲན་སྡུར་ཁྲོད་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་གཉིས་པ་དང་།༢༠༡༠ལོར་མཚོ་སྔོན་བརྙན་འཕྲིན་ དང་ཧུའུ་ནན་དཔལ་འབྱོར་འཕྲིན་ལམ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མེ་ཏོག་ཆུན་པོ་ཞེས་པའི་འགྲན་བསྡུར་ཁྲོད་རྒྱལ་ཡོངས་ཚད་ལྡན་གླུ་མ་བཞི་བཅུའི་གྲས་སུ་ཐོན་པར་མ་ཟད་མཚོ་སྔོན་བརྙན་འཕྲིན་ཁང་གི་ལྔ་བའི་ཚེས་ཉེར་དྲུག་ཉིན་དངོས་སུ་ལས་སྒོ་ཕྱེས་པའི་རིག་རྩལ་དགོང་ཚོགས་སུ་ཞུགས་པ་རེད།༢༠༡༠ལོའི་ཟླ་༧པར་མཚོ་སྔོན་བརྙན་འཕྲིན་རྒྱལ་སྤྱིའི་མཚོ་བསྐོར་ལྕགས་རྟའི་འགྲན་རྒྱུགས་དུས་སུ་ཆེད་ཞུའི་གསར་འགོད་པར་འགྲོགས་ནས་གཟའ་འཁོར་གཅིག་རིང་ལ་བྱ་བ་སྒྲུབ།༢༠༡༠ལོའི་ཟླ༩པར་གཅན་ཚ་རྫོང་གི་རྒྱལ་སྤྱིའི་མདའ་རྩལ་འགྲན་བསྡུར་སྟེང་ཆེད་ཞུའི་སྐད་བསྒྱུར་པར་གདན་ཞུས།༢༠༡༠ལོ་དང༢༠༡༡ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཕྱིའི་སྐད་རིགས་ཞིབ་འཇུག་དཔེ་བསྐྲུན་ཁང་རྟགས་ཅན་གྱི་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་ཁྲོད་ཐེངས་གཉིས་ལ་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ཤིང་པེ་ཅིན་ཏུ་འགྲན་ཞུགས་ལ་སོང་ནས་རྒྱལ་ཡོངས་བྱ་དགའ་ཨང་གཉིས་པ་བླངས།དེར་མ་ཟད་ད་དུང་དབྱར་དགུན་གནང་གི་གུང་གསེང་དུས་ཚོད་བེད་སྤྱད་ནས་ཟབ་སྦྱོང་འཛིན་གྲྭ་གང་མང་བཙུགས་ཤིང་།ཁྱིམ་བདག་མང་པོའི་དགའ་བསུ་ཐོབ་ཡོད།ད་ལྟ་དངོས་སུ་རྒྱལ་སྤྱིའི་ཇེ་རེའུ་ན་ཆུང་ཕོ་བྲང་ཞེས་པའི་དབྱིན་ཡིག་ཟབ་སྦྱོང་སློབ་གྲྭ་རུ་དགེ་རྒན་གྱི་འགན་བཞེས་ནས་ཡོད།
 
༢༠༠༨ལོའི་དབྱར་ཁར་དཔའ་ལུང་གི་རི་གྲོང་ཞིག་ཏུ་མོའི་སྒེར་ངོས་ནས་བཙུགས་པའི་ཟབ་སྦྱོང་འཛིན་གྲྭའི་ཡུལ་དངོས།
 
 དཔའ་ལུང་གི་ཟབ་སྦྱོང་འཛིན་གྲྭའི་ཟུར་ཞིག
 
 ༢༠༠༩ལོར་གཅན་ཚ་རུ་བསྡུས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་དང་མཉམ་དུ་བསྐྱོན་པའི་འདྲ་པར།
 
  ༢༠༡༠ལོར་གཅན་ཚ་རུ་བསྡུས་པའི་ཟབ་སྦྱོང་འཛིན་གྲྭ
 
༢༠༡༡ལོའི་ཟླ༡པོར་སྒྲོན་མེའི་ཐེབས་རྩ་ཚོགས་པའི་གདན་ཞུ་བྱས་པ་ལྟར་གཅན་ཚ་རྫོང་དུ་ཉིན་ཉི་ཤུའི་རིང་ལ་དགེ་རྒན་གྱི་འགན་བཞེས་དུས་སུ་བླངས་པའི་པར།
 
སྒྲོན་མེ་ཐེབས་རྩ་ཚོགས་པས་བཙུགས་པའི་སྐབས་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་ཟུར་ཞིག
 
༢༠༠༨ལོར་CCTVརྟགས་ཅན་གྱི་རྒྱལ་ཡོངས་དབྱིན་སྐད་གཏམ་བཤད་འགྲན་བསྡུར་ལ་ཞུགས་པ།
 
  མཚོ་སྔོན་བརྙན་འཕྲིན་ཁང་གི༢༠༡༠ལོའི་ཟླ ༥པའི་ཚེས༢༦ ཉིན་དངོས་སུ་ལས་སྒོ་ཕྱེས་པའི་རིག་རྩལ་དགོང་ཚོགས་སུ་ཞུགས་པ།
 
 ༢༠༡༠ལོའི་མེ་ཏོག་ཆུན་པོ་ཞེས་པའི་འགྲན་བསྡུར་ཁྲོད་རྒྱལ་ཡོངས་ཚད་ལྡན་གླུ་མ་བཞི་བཅུའི་གྲས་སུ་ཐོན་པ།
 
 ༢༠༡༠ལོའི་རྒྱལ་ཡོངསCCTVརྟགས་ཅན་གྱི་དབྱིན་སྐད་གཏམ་བཤད་འགྲན་བསྡུར་གྱི་ཚོགས་ར་དངོས།
 
༢༠༡༡ལོའི་ཟླ༥པར་ཧྲིན་ཀྲང་གཞོན་པ་ཞོའུ་ཧྥུའུ་ཞོན་གྱི་སྣེ་ཁྲིད་འོག་མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་སློབ་གསོ་ཚོགས་པའི་  ཚབ་བྱས་ཏེ་ཐེ་ཝན་དུ་རིག་གནས་ཀྱི་བསམ་བློ་བརྗེ་རེས་བྱ་འགུལ་ལ་ཞུགས་དུས་སློབ་གཙོ་དང་ལྷན་ཏུ་བསྐྱོན་པའི་འདྲ་པར།

སྙན་ངག
                              རྨི་ལམ།
རྒྱ་མཚོའི་ཕར་ངོགས་ནས།
ཁྱོད་ཀྱིས་ལག་པ་གཡུག
མཚོ་ཉ་ཌོལ་ཕིན་ཞིག་གིས་ཁྱོད་ཀྱི་སེམས་ཁོངས་ཀྱི་དབྱངས་རྟ་དེ་བླངས་སོང་།
དགོད་སྒྲ་ཞིག་ངའི་སྣ་སྒོར་འཛུལ་ཡོང་།
ཕྱིར་མིག་ཅིག་འཕངས་བས། ཁྱོད་གནས་དེ་རུ་འགྲེང་འདུག
འགྲམ་པ་བསྐྱོར་ནས། སྙིང་ཁུངས་ཀྱི་འོ་ཤིག་བྱས་པས།
ང་རང་འདར་སིག་ཅིག་བྱས་བྱུང་།
ཁྱོད་མི་སྣང་བར་གྱུར་སོང་།
                              དབྱིན་ཡིག་ནས་བསྒྱུར།
                                        སློབ་གླིང་དུ།
                                       ༢༠༡༡ལོའི་ཟླ་༡༢་པའི་ཚེས་༢༧ ཉིན་ལ།

                            གཉིས་མེད།
ཟླ་བའི་ངོགས་སུ། ངས་སྙིང་ཁ་གས་ནས་ཕྱེས།
ཁྱོད་ཀྱིས་འཇམ་ལྷོད་ལྷོད་ངང་ངའི་སེམས་ཀྱི་མིག་ཟུང་བླངས་ཏེ།
ཁྱུར་མུད་བྱས་རྗེས་འུ་གཉིས་གཅིག་ཏུ་འདྲེས་སོང་།
དགུན་མཇུག་ལ་ཐོན་པའི་བར་དུ།  ང་ད་དུང་གསོན་འདུག
ལྷ་རིའི་ཟོམ་གྱི་ཁ་བ།  
ཆུ་ཤེལ་བཞིན་ཏུ་དག་གཙང་རེད།
གླག་རྒོད་ཚོ་སླེབས་བྱུང་།
ཁྱོད་ཀྱི་སེམས་པ་ཁྱེར་ནས།
འཁྱག་དར་དེ་བཞུས་བྱུང་།
ངའི་ཚེ་སྲོག་སྐྱོང་སོང་།
ཁྱེད་རང་ཕྱིར་ལ་ལོག་པའི་བར་དུ།
ངའི་སེམས་ཁ་ཁེངས་པའི་བར་དུ།
                             དབྱིན་ཡིག་ནས་བསྒྱུར།
                                      སློབ་གླིང་དུ།
                                     ༢༠༡༡ལོའི་ཟླ༡༢པའི་ཚེས༢༧ལ།

                               ཁ་བྱང་མེད་པའི་སྙན་ངག
 ངས་མི་ཚོགས་ཤིག་མཐོང་བྱུང་།
ཁོ་ཚོ་དཀར་བོ་རེད།
དམར་ཐིག་ཅིག་ཉི་འོད་འོག་ན་འོད་ལམ་ལམ།
ཐག་ཇེ་ཉེ་ནས་ཇེ་ཉེ།
ཁྱོད་ཀྱི་ངོ་གདོང་ཡིན་འདུག
འཛུམ་དམུལ་ལེར།
སྐད་ཤུགས་དམའ་མོས་ཐམས་ཅད་སྐད་ཆའི་ཡུལ་ནས་འདས་ཟེར།
སྦྲང་རྩིའི་ཐིགས་པ་གཅིག་བདག་གི་མཆུ་འདབས་སུ་འཐིམ་སོང་།                            
                               དབྱིན་ཡིག་ནས་བསྒྱུར།
                               རླབས་ཆེན་གྱི་བརྩེ་བ།
བརྩེ་བ་ནི་འཚོ་བའི་གྲུབ་ཆ་ཞིག་ཡིན་པ་ལས།
ཐམས་ཅད་མ་ཡིན།
ཡིན་ཡང་བོར་བརླགས་སུ་སོང་ན།
འཚོ་བར་ཁ་དོག་མེད་པར་འགྱུར་ངེས།
ཁྱོད་དང་ང་། ཁོ་སྟེ།
ཚང་མ་བརྩེ་བའི་བརྒྱུད་སྤྲོད་དང་།
རྒྱུན་སྐྱོང་མཁན་ཡིན།
དུས་ཚོད་ཀྱིས་གསོག་ཉར་བྱས་པའི་བཟང་དང་ངན་གྱིས།།
དུས་ངེས་མེད་དུ་ང་ཚོའི་སེམས་ཁོངས་ཀྱི་བརྩེ་བར་ཆགས་གྲུམ་བཟོ་བཞིན་འདུག་ཡང་།
ཁྱེད་རང་བདག་ལ་རློམ་པར་གྱིས་ཤིག།
དཀའ་ངལ་ཐམས་ཅད་བརྒལ་ཐུབ་ངེས་ཡིན།
ཁྱེད་ཀྱིས་སྤོབས་སེམས་དེ་སྐར་མ་ལྔའི་ཇེ་རིང་དུ་གཏོང་ཐུབ་ཚེ།
ཁྱེད་རང་ཡང་དཔའ་བོ་རུ་གྱུར་ཡོད།
                              རྒྱ་ཡིག་ནས་བསྒྱུར།

                              རྨ་ལྷོ་རྫོང་ལ་ཕུལ་བ།
རྫ་རི་ལུང་དྲག་པོའི་དཀྱིལ་ནས།
རང་བྱུང་གི་མཛེས་པར་སེམས་ཀྱིས་རོལ་ཏེ།
སྙིང་གྲོགས། གྲོགས་པོ སློབ་གྲོགས གཉེན་ཉེ་དག་དང་ལྷན་ཏུ།
ལྷ་མོའི་གནས་ཁང་གི་ལྐོག་གྱུར་ལྟ་སྐོར་དང་།
དྲག་རྒྱུགས་ཆུ་བོའི་ཀློང་དུ་གཡང་གཟར་བརྒལ་ཞོར།
མགོ་བོ་མཐོ་རུ་བཀྱགས་ནས་ང་ཚོ་བསྐོར་ཡོད་པས་རི་ཚོགས་ལ་བལྟས་དུས།
ཡོད་ཚད་ཇི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་འང་།
འཇིག་རྟེན་པའི་སྡུག་བསྔལ་ཡོད་ཚད་བདག་དང་གྱེས་པས།
བདག་གི་སེམས་པ།
ཡུན་རིང་ལ་ཡོད་མ་མྱོང་བའི་བདེ་དགའི་རབ་ཏུ་མྱོས།
                               རྒྱ་ཡིག་ནས་བསྒྱུར།       
 
                              འཆི་བ།
                                ཨ་རིའི་ལོ་ན་༡༨ཅན་གྱི་མིང་ལ་ཟླ་བ་ཟེར་བའི་གཞོན་ནུ་ཞིག་གིས་འཛུམ་མདངས་ཀྱིས་འཆི་བར་སྒུག་པ།
དཀར་མདོག་གི་སྟོང་ཁམས།
ཕྲ་ཚོམ་མེ་ཏོག་གིས་ཁེངས་ཡོད།
བརྩེ་བའི་སྤྲུལ་བའི་སྒེག་མོ།
བདག་དང་ཇེ་ཉེར་གྱུར།
ཁོ་མོས་བདག་གི་ལག་མགོ་ནས་བཟུང་ཏེ།
སྒོ་ཆེན་ཅིག་ལ་ཕྱོགས་ནས་ཁྲིད་པས།
ཞི་བདེའི་ལམ་ཆེན་དང་འབྲེལ་འདུག
                                      དབྱིན་ཡིག་ནས་བསྒྱུར།
                                      མཆུ་སྦྱོར།
མཆུ་སྦྱོར་ཐེངས་ཤིག་གིས་ལོ་ངོ་སྟོང་ཕྲག་དྲུག་ཙམ་འདས།
ཕན་ཚུན་དམ་ཏུ་འཁྱུད་པའི་རུས་རྐང་།
འདི་ནི་བརྩེ་དུང་མ་རེད།
ཡིན་ཡང་བདག་གིས་སྐད་ཆའི་གསལ་བཤད་བྱེད་ཐུབ་གྱིནམི་འདུག
འཛུམ་ཆུང་ཞིག     མཆུ་སྦྱོར་ཞིག
དྲོད་འཇམ་གྱིས་འཁྱུད་པ་ཞིག
འདི་ཙམ་གྱིས་ཡང་དག་པར་འགྲེལ་བཤད་བྱེད་ཐུབ་བོ།
                               དབྱིན་ཡིག་ནས་བསྒྱུར།
 
                              སྐྲག་སྣང་།
ཚེ་སྲོག་གི་འགྲོ་འོང་རེ་རེར་ལྟ་བཞིན།
སྙིང་ཆུང་གི་སྟངས་སྟབས་ཆད་སོང་།
ཁྲག་རྒྱུན་འཁྱག་གྲང་ངེ་།
བེམ་པོ་སྟོང་ཕྲག་མང་བོ །
ཁྱོད་ཀྱི་མིག་མདུན་ན་སྟར་ཏུ་བསྒྲིག་འདུག
རང་བྱུང་ཁམས་ཆེན་མོ་འདི་ཇི་འདྲའི་སྟོབས་འབྱོར་ཆེ་ཞིང་།
ཁྱོད་ནི་ཇི་འདྲའི་ཉམས་ཆུང་ཞིག་རེད་འང་།
འཇིག་རྟེན་གྱི་བྱེད་པོ།    ལྷ་ཡི་ཚོགས།
བྱམས་སེམས་ཆེ་བའི་ཁོང་ཚོ་སྐྲག་སྣང་གི་དབང་འོག་ཏུ་ཚུད་མི་སྲིད།
སྐྲག་སྣང་ནི་ཁྱོད་ཀྱི་ཀླད་ཆེན་ཏུ་གསོན་ཡོད།  
དེ་ནི་ཁྱོད་ལ་སེམས་ཁྲལ་ཧ་ཅང་ཆེ་བའི་དུས་དེར་་་་་་་་
ནམ་ཞིག་ཁྱོད་ཀྱི་དབུགས་སྔ་ཆད་པའི་ཉིན་མོར།
འཇིགས་རྟེན་གྱི་མཛེས་བར་ཁྱོད་ཀྱིས་མྱོང་རོལ་མི་ཐུབ་ལ།
ཁྱོད་ཀྱང་སྐྲག་སྣང་གི་བྲན་གཡོག་ཏུ་འགྱུར་འགྲོ།
ཡིད་ལ་བཟུང་ཞིག
དེ་ནི་ལྷ་མ་ཡིན་པར།
སེམས་ཀྱི་འཁྲུལ་སྣང་ཙམ་མོ།
                              དབྱིན་ཡིག་ནས་བསྒྱུར།
 
                              རྨོངས་པའི་རྗེས་ཀྱི་ཞི་བ།
ཆར་བ་བབས་རྗེས་ཀྱི་ས་སྲོད་ཅིག་ལ།
ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་ཚོན་མདོག་རྣམ་པར་བཀྲ་བའི་འཇའ་རིས་ལ་བལྟ་བཞིན།
ངས་བསམ་པར་འདི་ནི་གནམ་རྒན་མས་མིའི་རིགས་ལ་ཕུལ་བའི་ཆེས་མཛེས་པའི་ལེགས་སྐྱེས་དེ་ཡིན་འདུག་བསམ་བྱུང་།
ང་རང་ཤིན་ཏུ་དགའ་ནས།  ལག་མྱུར་མོས་སྒེའུ་ཁུང་ཕྱེས་ཏེ།
མགོ་བོ་ཕྱི་རུ་བསྲིངས་ནས་འཇའ་རིས་དང་ཐག་ཇེ་ཉེ་རུ་འགྲོ་ཐུབ་པའི་རེ་བའི་ཤུགས་ཀྱིས་བརྟས་བྱུང་།
ངས་རླངས་འཁོར་ཁ་ལོ་བར།
ད་དུང་དུས་ཡུན་ག་ཙམ་གྱིས་འབབ་ཚུགས་སུ་ཐོན་ཐུབ་བམ་ཞེས་དྲིས་པར།
ཁོས་ཆུ་ཚོད་ཕྱེད་ཀ་ཙམ་ཞིག་དགོས་འདུག་ཅེས་བཤད་བྱུང་།  
ངའི་རྣམ་ཤེས་ལུས་དང་བྲལ་ནས་ཡང་བསྐྱར་འཛམ་གླིང་ཀུན་ཏུ་འཁྱམ་འགོ་བརྩམས་ཀྱང་།
དགའ་སྤྲོའི་ཁེངས་བ་ལས་ཐང་ཆད་པའི་སྣང་བ་ཞིག་བདག་ལ་སྐྱེས་མ་བྱུང་།
རྒྱུ་མཚན་ནི་འདི་ལྟར་བསམ་གཞིག་དང་འཁྱམ་འཁྱམ་བྱས་ན་ད་གཟོད་བདག་གིས་ཆུ་ཚོད་འཕྲོ་བརླག་ཏུ་་བཏང་མི་འགྲོ་བས་ཡིན།
དེ་ཡང་ ༩༠ རྗེས་ཀྱི་ན་གཞོན་ཚོ་རེ་རེ་བཞིན་འགྲེང་འོང་དུས །
ངས་ཀྱང་རང་ཉིད་གནའ་རྫས་སུ་འགྱུར་ལ་ཉེ་བ་གཞི་ནས་ཚོར་ཡོང་།
ལང་ཚོ་འབྱོར་བ་རུ་བརྩིབའི་ང་ཚོ།
གོ་མེད་ཚོར་མེད་དུ་གཞོན་སྐྱེས་དག་གིས་བཙུར་ནས་ཕྱི་རུ་ཕུད་ཟིན།
མང་བོ་ཞིག་བརྗོད་དགོས་དོན་ཡང་མི་འདུག
མི་ཡུལ་ཏུ་ཆེས་འཇིགས་སྐྲག་བསླངས་ཡོང་མཁན་ནི་རེ་བ་དང་དྲན་པ་ལས་མ་འདས།
དེས་ཁྱེད་རང་གསེར་གྱིས་བརྡུང་བའི་རོ་སྒམ་གྱི་ཕྱོགས་སུ་ཁྲིད་ནུས་བར་མ་ཟད།
ཁྱེད་ཀྱི་རེ་བ་དང་དྲན་པ་སྣ་ཚོགས་འགྲུབ་པའི་རོགས་སྐྱོར་ཡང་བྱེད་ཐུབ་ངེས་ཡིན།
ཡིན་ཡང་ང་རང་ཆེས་སྐྲག་ས་ནི་འགྱོད་པ་སྐྱེ་བ་དེ་ཡིན་ལ།
བཤད་མ་ཐུབ་པའི་འགྱོད་པ་དང་།  སྒྲུབ་མ་ཐུབ་པའི་འགྱོད་པ།
རྨི་ལམ་མེད་པའི་འགྱོད་པ་སོགས་ཡིན།
རྒྱུ་མཚན་དེའི་སྟབས་ཀྱིས།
བདག་གིས་རང་ཉིད་ཨ་གན་གྱི་ལོ་རྒྱུས(阿甘正传)་ཞེས་པའི་གློག་བརྙན་ནང་གི་གླེན་པ་ཨ་གན་དང་།  
རྒན་འགྱུར་བྱིས་པ(返老还童)་ཞེས་པའི་གློག་བརྙན་ནང་གི་བུ་མོ་འཁྱམ་པོ་དེ།  
ད་དུང་འགྱུར་མྱི(变人)ཞེས་པའི་གློག་བརྙན་དེའི་ནང་གི་འཕྲུལ་ཆས་མྱི་དེ་བཞིན།
བཀྲག་མདངས་འཚེར་བའི་ངང་རང་གི་མི་ཚེའི་བཤུལ་ལམ་རིང་མོ་འབྲི་འདོད།
ཡིན་ཡང་ལོ་ངོ་ཉི་ཤུར་རྨོངས་ནས་བརྒལ་བའི་ཚེ་སྲོག་འདི།
ཅི་ལྟར་ཚོན་གྱིས་བྲིས་ན་ད་བཟོད་ཕམ་ཉེས་ཀྱི་མི་ཚེར་བརྩི་མི་སྲིད་དམ།
ད་ལྟའི་རང་ཉིད། ཐེ་ཚོམ་གྱི་རྒྱ་རུ་ཚུད་ཡོད།
གལ་ཏེ་མི་ཞིག་རང་དགར་མངོན་ཡོང་ནས།
བདག་གི་འདེམ་གསེས་ཡོད་ཚད་རོགས་རམ་བྱས་ནས་འདེམ་བྱུང་ན།
ཇི་འདྲའི་སྐྱིད་པ་ལའང་།
མི་ཚེའི་ནག་ཉེས་དྲག་པོ་དེ་བྱ་བ་གང་ཞིག་སྒྲུབ་པ་ལེགས་པོར་སྒྲུབ་མ་ཐུབ་པ་དེ་མ་ཡིན་པར།  
འདེམ་གསེས་ཡག་པོར་མ་འཁྱོང་བ་དེའོ།  
ཤུ་་་་་་
སྐྱོ་ངལ་གྱི་འཛུམ་ཆུང་ཞིག་ཕྱི་རུ་མངོན་ནས་མུ་མཐུད་དུ་མདུན་དུ་བསྐྱོད་དང་། མཛེས་སྡུག་གི་མ་འོངས་བའི་ལམ་ཁ་གང་ཞིག་ན་ང་ཚོར་སྒུག་ཡོད་ངེས་ཡིན།
                                རྒྱ་ཡིག་ནས་བསྒྱུར།
                                         ༢༠༡༡ལོའི་ཟླ་༡༢པའི་ཚེས༢༨ལ།  ཟི་ལིང་དུ།
        ༼གོང་གི་སྙན་ངག་དེ་དག་ཚང་མ་ནམ་ལང་གིས་བོད་ཡིག་ཏུ་བསྒྱུར་བ་ཡིན༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་འཇོན་ཐང་ཅན་གྱི་བུ་མོ་འབྲུག་མོ་རྒྱལ་དང་མོའི་སྙན་ངག

2012-02-07 ནམ་ལང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།