སྙན་ངག་རིང་མོ། འཆི་བའི་དབྱངས་ཀྱི་སྲོག་ལ་བྲིས་པ།

ནོར་འཁྲུལ་གྱི་དག་ཞིང་ནས་གང་དུ་འགྲིམས་པའི
རྣག་ཤུལ་གྱི་རི་མོ་ག་ལེར་འཐོར་རྗེས
ངས་སུ་ལ་ད་དུང་རང་གི་སྙིང་དང་འདྲ་བའི་གསང་བ་འདི་མུ་མཐུད་དུ་གསང་དགོས་ཨང
མཚན་ནུབ་ཀྱི་ངོ་གདོང་ཧྲིལ་བོར་འོད་ཀྱིས་སྤགས་དུས
མི་འདི་ད་དུང་ཡང་ང་ཡི་གནས་ཚང་ན་རྒས་འདུག
 
སྤྱན་ཆབ་ཀྱི་ཕག་ཏུ་བླུགས་པའི་ཡིད་རྟོག་གི་ངོ་ཚ་ཡོད་ཚད
འགན་འཁྲི་ཞིག་གི་མཛུབ་མགོ་གཅོད་བྱེད་ལ་བཟོས་པའི་ཡི་གེའི་རལ་གྲི
དེ་དག    དེ་དག་གི་ལོགས་སུ་མྱ་ངན་དང་ཨུ་ཚུགས་ཅི་ཡང་འཛོམས་པའི་ལྟ་གྲུབ་འདིས
ནམ་ཞིག་ཁྱོད་ལ་རྨི་ལམ་ཟེར་བའི་ལྕགས་སྒྲོག་གི་དཔལ་འབར་ཞིག་གནང་སྲིད
 
ཁུ་ཁྲག་མ་ལྷུང་བའི་ས་ཆེན་གྱི་ལྟེ་བའི་འཐབ་ར
མེས་པོ་མཆེ་བ་ཅན་དག་གི་དཔའ་སྙིང་གི་རླབས་དང་འདྲེས་ནས
ཐག་རིང་གི་མེ་ཏོག་དང་སྐུ་མགྲོན་མེད་པའི་བྲག་ཟོམ་དེ་ལ་ཆས་འགྲོ
དེ་དུས་ཀྱི་ཁྱོད་ནི
ད་དུང་རང་གི་མུན་པ་མ་རྙེད་པའི་ཇག་པ་ཁེར་འདུག་དེ་ཡིན་སྲིད
 
གཏམ་རྒྱུད་ཀྱི་ཁམས་ལས་སྨིན་པའི་ཡིད་ཀྱི་མཚོ་མོ
རང་ཉིད་ཀྱི་ཕྱི་ཤུན་བརྙན་རིས་ཤིག་ལ་བྱིན་པའི་བསམ་གཞིག་རལ་བོ
དེ་མིན་གནས་ལུགས་ཀྱི་ཕ་མཐའ་མ་ཟིན་པའི་རང་དབང་གི་རྩུབ་རེག་མང་པོ
ངས་འདི་ནས་ཁྱོད་ལ་རང་གི་གློ་མཆིན་དང་ལྷན་དུ་ཕུལ་ན
 
གལ་སྲིད་འཇིགས་པ་ནི་སྒྱུ་འཕྲུལ་གྱི་སྒྲོམ་དུ་བཞག་པའི
ཤིང་གི་དྲིལ་བུ་ཞིག་ཡིན་ཚེ
སྲོག་ལྡན་ཡོད་ཚད་ཀྱི་རུས་པའི་གསེང་ན་ད་དུང་ཡང་ཧམ་སེམས་ཟེར་བའི
འོད་ཀྱི་ཕྲ་ཕུང་ཞིག་ཀྱང་ཡོད་ངེས
སྐབས་དེའི་མིའི་རིགས་ཀྱི་གར་སྟེགས་ཆེས་ཆེ་བ་ནི
རང་ཉིད་ཁོ་ན་ཡིན་ནོ
 
རླུང་བུའི་སྒལ་རུས་ཆགས་པའི་མྱ་ངན་འདི་དབྱངས་སུ་བཏེགས་ན
མེ་ཡི་ཚེ་སྲོག་འཚིག་པའི་ན་ཟུག་འདི་མིག་ལ་རུམ་ན
 
ལྷ་ནི་འདྲེ་ཡི་ལྷ་དང   ལྷ་ཁོ་ན་མི་ཡི་རྨི་ལམ་གྱི་ལྷ་དེའོ
 
ངལ་དུབ་ཀྱི་གསེབ་ནས་འཛུམ་པའི་དངུལ་གྱི་ཆག་གྲུམ་དང
སྟོང་བའི་དབྱངས་ལ་བཙུགས་པའི་འཁྲུལ་ཤེས་ཀྱི་རི་མོ
སྔོན་ཆད་སུ་ཞིག་གི་ལག་མཐིལ་ནས་ལྷུང་བའི་འདོད་སྲེད་ཀྱི་མཛེས་པ་ཡ་མེད
ངས་དོ་ནུབ་རང་གི་ཁྱོད་ལ་ཕུལ་ནས་མི་ཡུལ་ལ་སྡིགས་དམོད་གཏོང་དགོས
 
ནམ་རྒྱུན་རྐང་རྗེན་ལ་ཁྱོད་ཀྱི་སེམས་ཞིང་མྱུལ་ཚུལ་ནི
ལག་པ་འདི་དགུང་ལ་བཏེགས་ནས་རང་གི་མེ་མདའ་དྲན་པ་འདྲ་མོད
ཁུ་སིམ་མེར་འཁྱིལ་བའི་མཚན་ངོགས་ཀྱི་རུས་པའི་དབྱངས་འགྲོས་ཡོད་ཚད་ཀྱང
ད་ནི་ཁྱོད་ཀྱི་རྔམ་ཁ་དང་བརྩེ་བའི་ཐུ་འོག་བརྒྱུད་ནས
ཐག་རིང་གི་ཕ་ཡུལ་ལ་བསྲིངས་ཡོད
 
ཞེན་ཆགས་ཀྱི་ཁུགས་སོར་འཐིམས་པའི་ཁྲག་གི་རོལ་དབྱངས་གསར་བ་འདི
སྟོན་ཀ་ཞིག་ལ་རང་གི་དུར་ཁྲོད་དུ་བྱིན་ནས་མེ་ཏོག་འཐུ་ཞོར་ལ་བླངས་པའི
ཡིད་ཀྱི་གླུ་གཞས་དང་སེམས་ཀྱི་མེ་རོ་གསོ་ས་དེ་ཡིན
བརྩེ་བའི་སྟོབས་དང་འདྲེས་སྦྱོར་དུ་སོང་བའི་སྨྲེང་སྐྱོའི་རླངས་བ་དག་ནི
སྙིང་ཉེ་སུ་ལ་དྲན་རྟེན་དུ་བཞག་པའི་འཕྲིན་ཡིག་བརྒྱ་དང་བརྒྱད་པོ་དེ་ཡིན
 
ས་སྲོས་ཀྱི་ཁྲིམས་འོག་ནས་ལོ་ཟླ་ག་ཚོད་རྙེད་རྗེས
ཁྱོས་གཞི་ནས་རང་ཉིད་ཀྱི་ལག་ཟུང་གཞན་པ་ཞིག་མཐོང་ངེས
སྐམ་རིད་དུ་གྱུར་བའི་ཚིག་གི་མདུད་པ་དག་ཀྱང
དམ་བཅའ་གཞན་ཞིག་གི་སྟ་གོན་དུ་བཏབ་ཡོད་བསམ་ན
ཁྱོད་ཁོ་ན
ད་བཟོད་ན་ཟུག་གི་གདུང་ལྭ་གྱོན་པའི་གཤིན་པོ་ནག་པོ་དེ་ཡིན
 
བསྲེག་བཅད་བརྡར་གསུམ་གྱི་ཁུ་བས་བསྐྲུན་པའི་ཞི་བདེའི་ཀོ་གྲུ
མེ་དང་ཆུ་ཡིས་བསྐྱངས་བའི་དུས་ཀྱི་སྐད་ཆ་བསོར་མོ
ད་དུང   ཕྱི་ཤུན་དང་ནང་ཤུན་མ་འདྲེས་པའི་གབ་ཚིག་གི་ཐ་སྙད་དང
དེའི་ཟུར་ངོས་སུ་ཡང་ཡང་བབས་མྱོང་བའི་གློག་གི་རལ་དྲི
 
དེ་ལྟར་བཤད་དུས
ཕྱི་གླིང་གི་སྙན་ངག་པ་ཧོས་ཐུ་མན་དང་ཧུ་མའི་སྒྲུང་རབས་ཀྱི་འཁོར་ལོ་དག་ཀྱང
ཚོད་ཚོད་ལ་བོད་ཡིག་གི་གསེང་ནས་ངུ་གིན་འདུག་ཨང
ལོ་རྒྱུས་ཀྱིས་མཐར་འཕྲད་བཏང་བའི་ཡེ་སོའུ་ཡི་སྡུག་བསྔལ་དང་གུ་ཡངས་ཐམས་ཅད
དོ་ནུབ་གཙང་བོ་ཞིག་དང་མཉམ་དུ་བོད་ཡུལ་ན་བཞུར་གྱིན་འདུག
སྐབས་དེར
རྒྱ་ནག་གི་ན་གཞོན་ཁེར་རྐྱང་བ་ཧེ་ཙི་ཟེར་བ་ཞིག་གིས་ཀྱང
འཆི་བའི་བརྩམས་སྒྲུང་ལ་དཔྱད་བརྗོད་གྱ་ནོམ་པ་ཞིག་བགོས་སོང་ངོ
 
ཉི་ཟླའི་བཞུར་ཁུ་མ་མྱང་བའི་དུས་ཚིགས་དང་སྤྱི་འགྲོས་ཀྱི་མཆོད་ཁ་མཐའ་དག
མགྲིན་པ་བརྣངས་བྱེད་ལ་བཀྱགས་པའི་རྩྭ་ཡི་ལག་པ་དང་དུ་བའི་ལྕགས་དྲ
དེ་དག་གི་འགབ་ཏུ་ཚོམ་པོར་བཞག་པའི་མི་རོ་ཆུང་ཆུང་དག་ནི
རང་གི་ལྷ་ས་ཟེར་བའི་སྤྲང་ཁྲོམ་འདི་དང་ཧ་ཅང་མཚུངས་ལ
གོམ་པ་ཁ་ཤས་ཀྱི་བར་ནས་ཀྱང
དངན་པ་དུམ་བུ་རེ་འཆོར་ཡོང
 
འཆི་བ བྱིས་པ་དམར་རྗེན་ཞིག་གི་ངུ་སྐད་དང་འགྲོགས་ནས
འཆི་བ ཚེ་སྲོག་གཟུགས་མེད་ཅིག་གི་སྒྲ་དབྱངས་དང་བསྡོངས་ནས
ཁྱོད་ཀྱི་ཤ་གསེང་ནས་རུས་གསེང་བརྒྱུད་ཡོད
ཁྱོད་ཀྱི་ཁ་ནང་ནས་ཁོག་ལ་བཞུར་ཡོད
 
བྱང་ཐང་ན་འབྲོང་རྒོད་དང་རྐྱང་ཁྱུ་མེད་པའི་དོ་ནུབ
རི་རབ་ལ་འབྲེལ་མཚམས་ཆད་ཅིང་ཆུ་བོར་ཤག་སྒྲ་དབེན་པའི་དོ་ནུབ
མི་དག་སེམས་ངལ་གྱིས་ཁྱེར་ཞིང་རང་ཚུགས་རྨང་ནས་ཤོར་བའི་དོ་ནུབ
 
མི་སེམས་ཀྱི་དོ་ནུབ   འདྲེ་ཚོགས་ལ་གསོལ་སྟོན་མེད་པའི་དུས་རབས
ཡང་ཡང་རང་གི་སྙིང་རྩ་འདིར་རེག་ནས
འཇིགས་པའི་ཕ་མཐའ་སྒོམ་དགོས་པའི་དོ་ནུབ
 
ངས་རང་ཉིད་ཐེངས་གཅིག་ཤི་རུ་བཅུག་ནས
སླར་ཡང་གསོན་དུ་འཇུག་དགོས་ཨང
 
          2011 1 26ཉིན་གྱི་དགོར་མོར་རྩེ་ཁོག་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། འཆི་བའི་དབྱངས་ཀྱི་སྲོག་ལ་བྲིས་པ།

2011-01-29 རྩེ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།