གཤིན་རྗེ་ཡི་སྙན་ངག་བདམས་བཀོད།

                           བུད་མེད།

ཀ་བ་ན་རེ།  བུད་མེད་ནི་རེས་ཡལ་རེས་མངོན་གྱི་སྤྲིན་པ་ཞིག་རེད།
ཁ་བ་ན་རེ། བུད་མེད་ནི་གྲང་བའོ། བསིལ་བའོ། འཇམ་པ་དང་རྩུབ་པའོ།
ག་བ་ན་རེ།  བུད་མེད་ནི་ལམ་གྱི་མཐར་ཐུག་པ་སྟེ།འཇོར་དང་སྟ་རེ་འཛིན་བྱེད་དམ་ཡང་ན་གྲུབ་བྱེད།
ང་བ་ན་རེ། བུད་མེད་ནི་ཅི་ཡང་ཡིན་ལ། ཅི་ཡང་མིན་པའོ།
 
ཀ་བ་ན་རེ། བུད་མེད་ཀྱིས་བུད་མེད་གཞན་ཞིག་ལ་བཙན་གཡེམ་བྱེད་ངེས།
ཁ་བ་ན་རེ། དེ་ནི་དམག་འཁྲུག་ཅིག་དང་འདྲ་བར་དེས་བཙན་གཡེམ་གཞན་ཞིག་གི་སྣེ་ཡང་འཁྲིད་ངེས།
ག་བ་ན་རེ། དེ་ནི་བུད་མེད་ཡོད་པས།  ང་རང་ཚོ་འཆི་བར་སྐྲག་པ་རེད། ང་རང་ཚོ་འཆི་བར་སྤྲོ་བས་རེད།
ང་བ་ན་རེ།  ང་ལ་བུད་མེད་ཅིག་ཡོད་ལ།  ད་དུང་བུད་མེད་གཞན་ཞིག་ཀྱང་དགོས་ངེས།
 
ཀ་བ་ན་རེ། བུད་མེད་མང་བོ་མང་བོ་ཞིག་དགོས་འདུག
ཁ་བ་ན་རེ། འཇིག་རྟེན་ནི་བུད་མེད་ལ་བརྟེན་དགོས་སོ།
ག་བ་ན་རེ། མཛའ་བརྩེ་དང་ཕྱི་ཐག་སྦྲེལ་སའི་བུད་མེད།
ང་བ་ན་རེ། བུད་མེད་བུད་མེད་ཁྱོད་གང་དུ་ཡོད།
                     2010ལོར།
             
        བྲི་རྒྱུ་མེད་ན་འདི་ལྟར་ཕྲིས།
 
ཐོག་མར་ཉི་མ་ཞིག་བྲིས
 དེ་ནས་ཟླ་བ་དང་སྤྲིན་དཀར་དག་རེ་རེ་ནས་བྲིས
 དེ་རྗེས་ས་གཞི་རིལ་མོ་བྲིས
  དེ་རྗེས་མི་ཞིག་བྲི་དགོས་ཏེ
   --------ཆང་འཐུང་ཞིག་ཡིན་དགོས
              --------བུད་མེད་ཞིག་ཡིན་དགོས
                        --------རལ་བ་ཅན་ཞིག་ཡིན་དགོས
                                   --------འཁྲུལ་སྣང་ཅན་ཞིག་ཡིན
 དེ་རྗེས་ཁྱོད་ཀྱིས་བྲི་དགོས་པའི་སྙན་ངག་དེ་ཡོངས་སུ་འགྲུབ་ཡོད
                                           2010ལོར།
   
                    ང་། 
 
ང་རང་ཤིང་སྡོང་ཞིག་ཡིན
ད་ནི་དགུན་ཁ་སླེབས་ཟིན
ཁ་བ་ལྷབ་ལྷུབ་ཀྱི་ཉི་འོད་ཉོབ་ཐོ
ངའི་ལུས་སྟེང་དུ་ཤུད་དེ་མུན་ནག་དང་འདྲེས་སོང
 
མི་རྣམས་དགོད་ཀྱིན་འདུག
དགོད་སྒྲའི་གསེང་གི་ནམ་མཁའ་དང་ས་གཞི་ལས
དབྱར་ཁ་སླེབས་ཀྱིན་འདུག
ཝེ་མི་རྣམས   ངལ་བར་རོལ་ཤོག  
 
ཁྱོད་ཀྱི་སྡུག་བསྔལ་དང་ངལ་དུབ་ང་ཡིས་གཞིབས་ཆོག
 
ངའི་རྒས་འཁོགས་སུ་གྱུར་བའི་ཡན་ལག་ཕྱོགས་སུ་བརྐྱངས
ངའི་ལྗང་མདོག་དང་ཚེ་སྲོག་གི་ལོ་མ་ཕྱོགས་སུ་འཕུར
ངའི་སྙིང་ཁྲག་ཁོལ་མ་ལྡི་བའི་རྩད་པའང་སྦྲིད་པར་གྱུར
 
ངས་ད་དུང་སུ་ལ་སྒུག་གིན་ཡོད
བར་སྣང་གི་བྱེའུ་དག་ང་ཡི་མགོ་བར་ཅི་ལྟར་འབབ
ཡུལ་ལྗོངས་ཀྱི་དྲི་བསུང་སྟེ་གང་ཞིག་ནས་མཆེད་འོངས
 
ང་ཡིས་དངོས་གནས་སུ་ལ་སྒུག་གིན་འདུག
མིག་ཆུ་མེད་པར   དྲོད་དང་ཤ་ཁྲག་མེད་པར
བརྩེ་དུང་དང་ཕམ་ཉེས་ཅི་ཡང་མེད་པར
ངའི་ཚོར་བ་དག་ཉི་འོད་དང་འདྲ་བར་མུན་པར་འཐིམས་བཞིན་འདུག
                                 2010-12-12
  
             གཏམ་རྒྱུད།
 
ཁ་བ་ཞུ་སོང
འཁྱགས་པས་མནར་ཀྱིན་པའི་རྡོ་བའི་གསེང་དུ་ཞུ་སོང
ཁ་བ་ཆར་བ་རུ་གྱུར
ཚྭ་བའི་ཀློང་གི་ཤིང་སྡོང་ལས་ཁ་བ་ཆར་བ་རུ་གྱུར་སོང
 
རླུང་བུ་བསིལ་བསིལ  འབྲུག་སྒྲ་ལྡིར་ལྡིར
དུ་བ་དང་སྨིག་པའི་གསེང་གི་རི་མོ་འཁྱག་པ
ལག་ཟུང་བརྐྱངས་ཏེ་ཉི་ཟླར་རེ
 
བྱིས་པ   རྒན་པ
ང་ནི་སུ་ཞིག་གི་གཏམ་རྒྱུད་ཡིན
           2010-12-11 ཉིན་ལན་གྲུ་རུ།

         འཁོར་བའི་སྙན་ངག
 
མལ་ཁྲིའི་སྒང་དུ
ཚ་བའི་མནར་གྱིན་པའི་དབུགས་དངངས་ཡོད་ཚད
མེ་ལྕེ་རུ་གྱུར་ཏེ   དུ་བ་དང་ཐལ་བ
འདི་ནི་བརྩེ་དུང་གི་ལྷག་རོ་ཉག་ཅིག
 
རྨ་ཤུལ་སེན་མོས་བཀྲད་པ་བཞིན
སྙན་ངག་འདི་ལྟར་བྲིས་ན
ས་གཞི་རྒས་འཁོགས་སུ་གྱུར་ཏེ་འཁྱར་འཁྱོར་དུ་བགྲོད་ན་ཡང
རྩ་ཐང་གི་ཁྱོན་ན        མེ་ཏོག་གི་ཟིལ་བ་བཀྲག་མདངས་ཀྱིས་འཚེར
གྲང་ངར་དང་འོད་སྣང་སྔར་བཞིན་འཇིག་རྟེན་དུ་མཆོང་གིན་འདུག
 
སྐྱོ་སྡུག་གིས   ཞེ་སྡང་གིས
སུ་ཞིག་རྒས་ཀྱིན་འདུག 
                     2010-11-18

        སྟོང་བསམ།
 
ངས་བུད་མེད་བརྒྱ་ཕྲག་ལྷག་ཆུང་མར་བླངས་ཏེ
མི་རྣམས་ལ་རྡོག་ཐོ་ཡིད་ཚིམས་པ་རེ་བྱས་རྗེས
གྲི་ཡིས   ཀློག་པོ་ཁྱེད་ཀྱི་སྣོད་ལྔ་སྣོད་དྲུག་ཀྱང་གཤགས་ངེས
 
གྱོན་པ་ཐེད་པོ    སྐྱི་མོའི་གས་ཁ
གཤེད་མའི་ཚོགས་ཀྱིས་འཇིབས་ཀྱིན་པའི་ཤ་ཁྲག
རྦབ་ལ་སྒྲིལ་བའི་རྡོ་བཞིན་མི་མཐོང་བར་བྱས་འགྲོ
 
ཀློག་ཀླད་ངོས་ཀྱི་གྲིབ་མ་ཚོན་ཁྲ་དག
རྒྱ་མཚོའི་ཀློང་གི་རྦ་རྦབས་སུ་བསྒྱུར
ཤིང་སྡོང་སྟེང་གི་བྱ་དང་བྱེའུ
མི་རྣམས་ཀྱི་ཕྲག་སྟེང་དུ་བབས་ཤིང་འཕུར་བར་བྱེད
 
དུས་གཏན་དུ  མེ་ཏོག་འཛུམ་གྱིས་ཁེངས
དུས་གཏན་དུ  གྲོག་མ་དག་གིས་གླུ་ལེན
དུས་གཏན་དུ          དུས་གཏན་དུ 
 
                      2010.11.19
        དྲ་འབུ།
 
བདག་གི་གློ་སྙིང་དུ་འགུལ་གྱིན་འདུག
སྙིང་ཁྲག་དྲོན་མོ་གཞིབས་ཀྱིན་འདུག
ཧམ་སེམས་ཆེ་རུ་ཕྱིན་ཏེ
རྐང་མཐིལ་དང་ཀླད་པའི་མཐིལ་དུ་འགུལ་གྱིན་འདུག
 
དྲ་འབུ་ནི་དྲ་འབུ་རང་ཡིན་ཏེ
ཤིང་གི་ཕོར་བ་ཟོས་འགྲོ
ལྕགས་ཀྱི་ཀ་བ་ཟོས་འགྲོ
ཐ་ན་ཚེ་སྲོག་གི་འགྱུར་ཁུག་ཀྱང་ཡལ་བར་བྱས་འགྲོ
 
སུ་ཞིག་ལ་དྲ་འབུ་རུ་འབོད་ཀྱིན་ཡོད
དེ་ནི་ཀློག་ཀླད་ངོས་ཀྱི་ཡི་གེ་དག་ལ་ཟེར་གྱིན་ཡོད་དེ
དཀར་བོ  སྔོན་པོ   སེར་བོ་དག་གི་ཁ་དོག་གིས་གྲུབ
 
དྲ་འབུ་གསད་བྱ་རུ་སེམས་ཡོད
ཏག་ཏག་དྲ་འབུ་གསོད་བྱེད་ནི་རང་ཉིད་གསོད་བྱེད་དུ་གྱུར་ཡོད
སྙིང་ཉེ་བའི་མི་དག   ཁྱེད་ནས་རང་ཉིད་ལ་ཉེན་བརྡ་གཏོང་གིན་ཡོད་དམ
 
སྐད་ཅོར་དང་བཤད་པ་ཙམ་གྱིས་ག་ལ་ཆོག
ང་རྒྱལ་དང་ཁུ་ཚུར་གྱིས་ག་ལ་ཆོག
 
བྱ་དང་བྱེའུ་ཚང་གཏོར་བྱེད་ཀྱི་ཁ་ཕོ་དག་འདི་ལྟར་འཚར་ལོངས་བྱུང
ང་ཡིས་ཉི་འོད་དྲོ་ས་རུ་ཁྱེད་ལ་ལྟ་ཞིང་སེམས་ཁམས་རྨོངས་པར་གྱུར
དྲ་འབུ་ཡ  དྲ་འབུ་   ཁྱེད་རང་ག་ལེར་འཕུར་བར་སྨོན
 
དྲ་འབུའི་གནས་ཚང་ནི་བརྟན་ལ་བརླིང་བ་ཞིག་ཡིན་འོས
དྲ་འབུའི་ཡིད་ཆེས་ནི་སྲ་ལ་འགྱུར་མེད་ཅིག་ཡིན་འོས
དེ་བས་དྲ་འབུ་ནི་ཀུན་ལ་མཐུན་ཞིང་སྤྱི་ལ་ཕན
 
ང་ཚོས་དུས་ནམ་ཡང་སེམས་ཀྱིས་ཉན་ས
ཡིད་ཀྱིས་བསྐྱོར་བའི་དྭངས་གསལ་གྱི་ཚེ་སྲོག
མེ་ཏོག་གི་མཆོད་འབུལ་གཏན་དུ་ག་ལ་འདོར་བར་རུང
             2010ལོར།

     དོ་དགོང་ང་ཀོས་ནན་དུ་ཡོད།
 
དོ་དགོང་ང་ཀོས་ནན་དུ་ཡོད
ངས་ཅི་པུར་རྫ་སྒང་མཐོང་གིན་ཡོད
དེའི་རྫ་སྟེང་གི་འབྲོང་ཁྱུའི་གཤར་ལམ་མཐོང་གིན་ཡོད
 
མིག་ཆུ་ཞིག་ས་ལ་ལྷུང་སོང
དེའི་ཤུལ་དུ་འབུས་པའི་མེ་ཏོག་རྐང་གཅིག
བྱེ་མའི་ཀློང་ན་བཙན་གྱིས་འགུལ
 
འགུལ་སྟངས་དེ་མཚར་ཞིང་སྙིང་དུ་སྡུག
ལོ་མ་དང་ཟེའུ་འབྲུ་དགུང་དུ་འཕུར
གང་ཞིག་ནས་གང་དུ  མཐོང་ཐབས་མི་འདུག
གཏན་ནས་གཏན་དུ་མཐོང་ཐབས་མི་འདུག
 
               2010-12-2

            ཚེ་སྐྱིད།
                                       
མེ་ལོང་ལ་ཡང་ཡང་བལྟས་རྗེས
ཚེ་སྐྱིད་མཐོང་བྱུང་ངམ
རྡོ་དང་ཆུ་བོ་ལས  ཚེ་སྐྱིད་འབུས་བྱུང་ངམ
ཁྲག་དང་རྔུལ་ཆུས་དཀྲུས་པའི་ཚེ་སྐྱིད་མཐོང་བྱུང་ངམ
 
གོམ་གང་སྔ་རུ་ནུར་རམ
གོམ་གང་ཕྱི་རུ་ནུར་རམ
 
ཆགས་སྲེད་ཀྱིས་རབ་ཏུ་སྨྱོས་ཏེ
ཡི་གེ་དག་ལ་སྤྱོད་ཀྱིན་འདུག
ན་རོ་དང་གུག་གུ་དག་འདར་གྱིན་འདུག
ཚེག་ཐིག་དུས་ཚོད་བཞིན་ཚེག་ཚེག་བགྲོད་ཀྱིན་འདུག
ཁྲ་རིས་ཀྱི་གློག་ཀླད་ཀྱང་སིལ་སིལ་འཐོར་ཀྱིན་འདུག
 
ཚེ་སྐྱིད་ཨང  ཚེ་སྐྱིད
ནམ་ཞིག་ལ་འཇལ་ཐུབ་པའི་བར་རྡོའི་ཟིན་ཐོ
རྡོ་བ་བཞིན་བཤིག  ས་སྐྱ་བཞིན་སློག
ནགས་ཚལ་སྟུག་པོ་ཞིག་ཀྱང་མེ་རུ་བསྒོས
     2010-11-29

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཤིན་རྗེ་ཡི་སྙན་ངག་བདམས་བཀོད།

2011-01-05 གཤིན་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།