ལྗང་བུའི་སྙན་ངག་གསར་བ། ང་སུ་རེད།


 

༡༠༡༠་༡༠་༢༩  Montbel
 
ང་བར་མེད་སྦྱར་བའི་མཆུ་སྒྲོས་མིན
ང་དབང་མེད་འཐམ་པའི་ཡན་ལག་མིན
ང་ཤུགས་མེད་ལྷོད་པའི་ཉིང་ལག་མིན
ང་དབང་མེད་ཤོར་བའི་ངུ་ངག་མིན
 
ང་འབྱར་ལ་ཁད་ཀྱི་ཤ་དེ་མིན
ང་ཁོལ་ལ་ཁད་ཀྱི་ཁྲག་དེ་མིན
ང་ཞུ་མ་བཞུར་གྱི་རྐང་དེ་མིན
ང་ཤི་མ་གསོན་གྱི་སྐྱིད་དེ་མིན
 
ང་ཤུགས་ཀྱིས་གཙུབ་པའི་མཚན་མ་མིན
ང་ཕན་ཚུན་འདྲེས་པའི་སྐྱེ་མཆེད་མིན
ང་མཁའ་ནས་ཟགས་སྙམ་ཡང་ཟོར་མིན
ང་རྩ་ལམ་རེ་རེའི་ལྗིད་ཁོག་མིན
 
ང་ས་རྡོ་མིན་ལ་ང་རི་བྲག་མིན
ང་ལྗོན་ཤིང་མིན་ལ་ང་མེ་ཏོག་མིན
ང་རྡུལ་ཕྲན་མིན་ལ་ང་གཞན་ཡང་མིན
ང་མེད་པ་མིན་ལ་ང་ཡོད་པའང་མིན
 
ང་ནི་གཉུག་མའི་རྨི་ལམ་དེ་མ་ཡིན
ང་ནི་གཏིང་ནས་བརྗེད་པ་དེ་མ་ཡིན
ང་ནི་ཤུལ་རྗེས་མེད་པ་དེ མ་ཡིན
ང་ནི་མཚན་མོ་ཐུང་ཤོས་དེའི་ཆ་ཞིག
 

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗང་བུའི་སྙན་ངག་གསར་བ། ང་སུ་རེད།

2010-11-27 ལྗང་བུ། ཀློག་གྲངས། མཆན ཡོད།


 

༡༠༡༠་༡༠་༢༩  Montbel
 
ང་བར་མེད་སྦྱར་བའི་མཆུ་སྒྲོས་མིན
ང་དབང་མེད་འཐམ་པའི་ཡན་ལག་མིན
ང་ཤུགས་མེད་ལྷོད་པའི་ཉིང་ལག་མིན
ང་དབང་མེད་ཤོར་བའི་ངུ་ངག་མིན
 
ང་འབྱར་ལ་ཁད་ཀྱི་ཤ་དེ་མིན
ང་ཁོལ་ལ་ཁད་ཀྱི་ཁྲག་དེ་མིན
ང་ཞུ་མ་བཞུར་གྱི་རྐང་དེ་མིན
ང་ཤི་མ་གསོན་གྱི་སྐྱིད་དེ་མིན
 
ང་ཤུགས་ཀྱིས་གཙུབ་པའི་མཚན་མ་མིན
ང་ཕན་ཚུན་འདྲེས་པའི་སྐྱེ་མཆེད་མིན
ང་མཁའ་ནས་ཟགས་སྙམ་ཡང་ཟོར་མིན
ང་རྩ་ལམ་རེ་རེའི་ལྗིད་ཁོག་མིན
 
ང་ས་རྡོ་མིན་ལ་ང་རི་བྲག་མིན
ང་ལྗོན་ཤིང་མིན་ལ་ང་མེ་ཏོག་མིན
ང་རྡུལ་ཕྲན་མིན་ལ་ང་གཞན་ཡང་མིན
ང་མེད་པ་མིན་ལ་ང་ཡོད་པའང་མིན
 
ང་ནི་གཉུག་མའི་རྨི་ལམ་དེ་མ་ཡིན
ང་ནི་གཏིང་ནས་བརྗེད་པ་དེ་མ་ཡིན
ང་ནི་ཤུལ་རྗེས་མེད་པ་དེ མ་ཡིན
ང་ནི་མཚན་མོ་ཐུང་ཤོས་དེའི་ཆ་ཞིག
 

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།