གཉིད་མ་སད་པའི་ཉིན་མོ། ད་དུང་གཉིད་མ་ཁུག་པའི་མཚན་མོ་དག

བུམ་པ་རྒྱལ།༼ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-05

                      1
གཉིད་མ་སད་པའི་ཉིན་མོ་འདི་དག་ལ
རྒྱུས་མངའ་མེད་ཅིང་གུ་དོག་པའི་འཇིག་རྟེན་ཆུང་ཆུང་ཞིག་གི་སྒོ་གླེགས་ཨུ་ཚུགས་ཀྱིས་ཕྱེས     
གཟུགས་ཅི་ཡང་མི་སྣང་བའི་བར་སྟོང་དེའི་ནང་
སྨྲ་བ་འགག་པའི་བགྲེས་མོ་ཞིག་གི་ལུས་ལ་སེན་འབྲད་བྱས
མགོ་ལ་འཁྲིག་པའི་མུན་པ་འཐིབས་ཏེ   འོལ་ཚོད་དུ་གོམ་པ་མདུན་ལ་སྤོ་དུས
སྒོ་ཐེམ་ལ་ཐོགས་ནས་ལུས་པོ་ཐང་ལ་འགྱེལ
ཁ་ནས་མར་མུར་འབྱིན་བཞིན་མགོ་བོ་ཧུར་གྱིས་ཡར་བཀྱགས་ཙ་ན
ཁ་ཆུ་ཙར་ཙར་འཛག་བཞིན་དུ་
སྔས་སུ་བྱས་པའི་དཔེ་དེབ་ཅིག་གི་རྒྱབ་ཤ་གཤེར་ཁུ་རུ་བསྒྱུར
དཔེ་མཛོད་ཁང་དུ་ལོ་མང་བརྩིགས་པའི་དེབ་རྐྱང་རེ་རེས
གཏམ་རྒྱུད་ཇི་སྙེད་ཅིག    ས་རྡུལ་གྱི་ཁུད་དུ་གཅུད་ནས་རྣ་ལམ་ལ་ལྡུག་བཞིན་འདུག
                                          2
གཉིད་མ་སད་པའི་ཉིན་མོ་འདི་དག་ལ
མྱ་ངམ་ཐང་ན་དཔའ་ངར་གྱིས་བཞད་པའི་མེ་ཏོག་ཁེར་སྐྱེས་དེ
ཆུ་དང་ལུད་ཀྱི་གོ་ཆ་བསྐོན་པའི   དཔའ་མཛངས་རྟུལ་ཕོད་ཅན་དེར་རྫུས
རླུང་དམར་འུར་འུར་དུ་གཡུགས་ཏེ་ནམ་མཁར་བྱེ་རྡུལ་སྤྲུགས
གློ་བུར་དུ་མེ་ཏོག་དེ   ཆགས་པས་མྱོས་པའི་མཛེས་མ་ལ་སྤྲས་ཏེ
ལག་པ་གཅིག་རང་གི་སྐྱེས་སྒོའི་ཕྱོགས་སུ་ཁྱེར་ནས་
ཅིག་ཤོས་དེས་ཟླ་མཚན་གྱི་ཁུ་བས་བཀྲུས་པའི་མཁའ་མཐའི་མཚམས་སྤྲིན་དེ་བསྟན
མཛེས་མ་དེ་ཐོབ་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ཏེ
ལག་པ་ཕར་བརྐྱངས་སྐབས
མཛེས་མ་དེ་བྱེ་དོང་རིང་མོ་ཞིག་གི་ནང་ལ་འབྱིང་
ངུ་ངག་ཅིག་དང་འགྱོད་གདུང་རིང་མོ་ཞིག་གི་སྐྱེལ་མ་བཏང་ཙ་ན
མིག་ཀོང་ནས་འདྲིལ་བའི་མཆི་མ་མཁུར་ཚོས་ཀྱི་ཡུར་བའི་ནང་ནས་ཉི་མས་སྒོག
ཁྲག་གི་རྒྱུ་བ་རེ་རེ་ཡང་འཁྱགས་ལ་ཐེབས་ཏེ་ཟག་ཕུང་གི་ཆ་ཤས་འགའ་རེར་ཟུག་གཟེར་བསྟབས
སྙིང་གི་འཕར་ལྡིང་ཡང་གོམ་ཁ་འཆོལ་བའི་བགྲེས་པོ་ནང་བཞིན་ལན་རེར་མགྱོགས་ལ་ལན་རེར་བུལ
དངངས་སྐྲག་འཇིགས་གསུམ་མྱོང་མཐར
གློ་བུར་དུ་འགྲམ་ལྕག་ཚ་བེར་བེར་ཅིག་གཞུས་ཡོང་
ཡོད་ཚད     ཆར་རྗེས་ཀྱི་སྨུག་པ་རླུང་གིས་བདས་པ་ནང་བཞིན་གར་སོང་ཆ་མེད་དུ་གྱུར
གློག་བརྙན་ཁང་གི་འབོལ་ཁྲི་མཐུག་པོ་དེའི་སྟེང་ན་ཕུར་ཚུགས་ཀྱིས་བརྙན་ཡོལ་ངོས་ལ་ཅེར་བཞིན
ལག་པ་ཡ་གཅིག་གིས་གན་གྱི་ངོ་མི་ཤེས་པའི་མཛེས་མ་ཞིག་གི་བྲང་གཞུང་ལ་རེག་བཞིན་འདུག  
རྟབ་རྟབ་པོར་ལག་པ་ཕྱི་ལ་འདོན་འགོ་བརྩམས་དུས
ལྟད་མོ་བ་དག་གིས་ངའི་གདོང་ནས་གློག་བརྙན་ནང་གི
གཟུགས་རིས་མཐོང་མ་མྱོང་པ་ཞིག་འཆར་བར་སྒུག་ནས་འདུག
                     
                     3

གཉིད་མ་ཁུག་པའི་མཚན་མོ་འདི་དག་ལ
ཁང་མིག་གྲུ་བཞི་འདིའི་ནང་གི་སྒེའུ་ཁུང་བཙན་གྱིས་གཏན་ཏེ་ཉི་མའི་འཆར་ནུབ་ལ་ཁ་ཡ་བྱེད་མ་འདོད
འོད་སྣང་གིས་སྟོང་བའི་བར་སྟོང་དེའི་ནང
མལ་ཐུལ་གྱི་སྒྲིབ་གཡོགས་འོག   འཁྲིག་སྤྱོད་ཀྱི་འགྲོ་ལུགས་དེ་གོམས་ལོབས་སུ་གྱུར
སྐྱིད་སྣང་དེ  མཁའ་མཐའི་རླུང་བུར་བཅིབས་པའི་སྤྲིན་པ་ཚོམ་བུ་ཞིག་དང་འདྲ་བར
སྐབས་རེར་མཐོ་ལ  སྐབས་རེར་དམའ
མཐར་ས་ཐོག་ལ་ལྷུང་ནས་ལྷོད་གཡེང་གིས་ཉལ་ནས་འགྲོ   
ཡོད་ཚད  རླུང་བུ་འཇགས་པའི་དཔེ་ཇི་བཞིན་སྒྲ་དང་གཟུགས་ཅི་ཡང་མེད་དུས
བརྩམས་སྒྲུང་ནང་གི་མཛེས་མ་ཞིག་དང་ཁ་པར་སྣེ་ཡི་མཛེས་མ་ཞིག་འཕྲལ་འདུས་བགྱིས
ཁ་པར་སྣེ་ཡི་མཛེས་མ་དེས་དབྱིན་ཡིག་གིས་བརྩམས་སྒྲུང་ནང་གི་མཛེས་མར་ཁ་བརྡ་བྱེད་སྐབས
བརྩམས་སྒྲུང་ནང་གི་མཛེས་མས་ཉི་ཡིག་གིས་ལན་བསྐྱོན་བཞིན་འདུག  
དེར་བོད་ཀྱི་རྣ་བས་ལྐོག་ཉན་བྱེད་སྐབས
ལུས་ཀྱི་ངལ་དུབ་ཡོད་ཚད་བ་སྤུའི་གསེང་ནས་བྲོས་བྱོལ་ལ་ཕེབས་སྟེ
ལུས་པོ་ཟོར་ཡང་དུ་གྱུར་ནས    གཉིད་སྣང་ཕྲན་བུ་ཙམ་ཡང་བྱུང་མ་སོང
ནམ་སྨད་དུ་རླུང་བུ་འཇམ་པོ་ཞིག་ཁ་རོག་གེར་སྒེའུ་ཁུང་གི་བུ་ག་ནས་འཕུར་ཡོང་ཏེ
སྔས་འབོལ་གྱི་སྟེང་ན་མགོ་བོ་མ་ཐེག་པའི      ཐར་ཐོར་གྱི་སྐྲ་ལོ་འགའི་
རྔུལ་ཆུའི་གྱོན་པ་ཕུད་ནས་བུད་སོང
སྐབས་དེར   ཐོ་རངས་ཀྱི་དུས་སུ་སླེབས་འདུག
སྐྱ་མདའ་ཤར་ནས་ཁང་པའི་ནང་རོལ་ཏུ་དཀར་འོད་རྒྱུ་ནས་ཡོང་
ཡ་ཆུང་གི་སེམས་པ་དང་ཀླད་པའི་གྲུ་ཟུར་ཡོད་ཚད
ད་རུང་ཡིད་ལ་ཡུན་རིང་གཅགས་པའི་བུ་མོ་ཞིག་གི་ཞལ་འཛུམ་དེ་ཡང
སྨག་རུམ་གྱིས་འཆས་ནས་བུད་སོང
སྐྲ་རྩེ་ན་རྒྱུ་བའི་རྣམ་རིག་དག་རིམ་བཞིན་ཡལ་ཏེ
གཉིད་འགོག་མེད་ཅིག་འཐིབས་ནས་མིག་གི་སྒེའུ་ཁུང་བསྒྲིབས་སོང
ཡོད་ཚད་ལ་གྲགས་འགུལ་ཅི་ཡང་མེད་ཀྱང་
སྔུར་བ་ཡང་མོ་ཞིག་གིས   ཁང་བའི་ལྷིང་འཇགས་དཀྲོགས་འགོ་བརྩམས།
                               2013/07/03པའི་མཚན་གུང་ལ་མལ་ཤག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉིད་མ་སད་པའི་ཉིན་མོ། ད་དུང་གཉིད་མ་ཁུག་པའི་མཚན་མོ་དག

2013-07-05 བུམ་པ་རྒྱལ།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།