ཐེ་ཀོར་གྱི་སྙན་ངག་བདམས་བསྒྱུར།

 
          བརྩེ་དུང་གི་སྒྲོན་མེ།
འོད་སྣང                                                                                 
ཀྱེ  འོད་སྣང་དེ་གང་ན           
འདོད་སྲེད་ཀྱི་མེ་ཕུང་དེའི་མེ་ཁ་གསོ་རོགས
                                                            
སྒྲོན་མེ་ལ་འོད་ཕུང་མེད་དོན་ཅི  སྙིང་ཉེ་ཨ                                     
འདི་ནི  ཁྱེད་ཀྱི་ལས་དབང་གི་བཀའ་བཀོད་ཡིན་ནམ                                       
འཆི་བདག་ནི  ཁྱེད་དང་ཁ་ཐག་རིང་ན་ཇི་འདྲའི་ལེགས་ཨང

སྐྱོ་ངལ་གྱི་སྨྲེང་བས  ཁྱེད་ཀྱི་སྒོ་གླེགས་ཁྲོག་ཁྲོག་བརྡུངས་ཏེ 
ཁྱེད་ཀྱི་དཀོན་མཆོག་གཉིད་ལས་སད་ཚུལ་སྙན་ཏུ་བསྒྲོན  
སྨག་སྟུག་པའི་མཚན་མོ་དེར                                           
ཁོང་གིས་ཁྱེད་རང  གསང་བའི་གྲོས་ཁང་དུ་བསུས
  
མཁའ་དབྱིངས་སུ་སྤྲིན་ནག་གཡོས་ཤིང   ཞག་ཆར་ཤག་ཤག་བྱོ
        
ང་ཡིས  རང་གི་བྲང་ཁོང་ན་དཀྲུག་བཞིན་པ་དེ                       
ཅི་ཡིན་མ་ཤེས་ལ   གང་ཡང་མ་རྟོགས
                             
གློག་དམར་གྱི་འཁྱུག་འགྲོས་ཤིག        
ངའི་མིག་ཟུང་གི་མུན་པའི་ཟབ་སར་ལྷུང
                             
བླ་སྲོག་གི་སྤར་མོས   སྨག་ལམ་མྱུལ་དུས
མཚན་མོའི་དབྱངས་རྟ་ཞིག་གིས   ང་རང་བོས་བྱུང
                                                          
འབྲུག་གྲགས  ཐོག་ལྡིར                                     
གནམ་སའི་བར་སྟོང་དུ                            
འཁྱག་རླུང་གིས་སྐྱོ་སྨྲེང་བཟླས
                                   
རྡོ་བ་ནག་པོ་ནག་པོ་ནང་བཞིན  མཚན་མོ་འདི་ཤིན་ཏུ་ནག                                        
དུས་ཚོད་ཀྱི་ཐག་སྒྲ   སྨག་ལ་མ་སྲེས་རོགས                                            
ཁྱེད་ཀྱི་བརྩེ་བའི་བླ་སྲོག་གིས    སྒྲོན་མེ་སྦོར་ཅིག
       
           ཁོ་མོ  ང་ཡི་སེམས་པའི་ཉེ་ས་ན།
ས་ཆེན་གྱི་མཐོང་ཁའི  རི་སྐྱེས་མེ་ཏོག་བཞིན                             
ཁོ་མོ་ང་ཡི་སེམས་པའི་གན་དུ                                        
ཉིང་ལག་ངལ་ཏེ  གཉིད་ཡུར་བ་ནང་བཞིན                 
ཁོ་མོ་ང་ཡི་སྙིང་དུ་སྡུག
                                                  
ངས   ཁོ་མོར་བཅངས་པའི་བརྩེ་འདང་གིས                             
ང་ཡི་མི་ཚེ་ལྟེམས་ཤིང                                    
སྟོན་གྱི་ཆུ་ཀླུང་ནང་བཞིན  ཧ་ཅང་དྭངས་གཙང་གིས་བཞུར
 
ངའི་གླུ་ཚིག་ཁྲོད་ཀྱི་མཛའ་གཞས་ཐན་ཐུན 
གསང་གཏམ་ཤབ་ཤུབ་སྨྲ་བའི་ཆུ་ཕྲན་ནང་བཞིན             
བརྩེ་ཚོར་གྱི་རླབས་སྒྲ་དབྱངས་སུ་བཀུགས།

         ངས  ཁྱེད་ཀྱི་མེ་ཏོག་བཏུས།
ས་ཆེན་ཡ   ས་ཆེན                                                                      
ངས   ཁྱེད་ཀྱི་མེ་ཏོག་རྐང་གཅིག་བཏོགས་ཏེ                                  
སེམས་པ་རུ་གླན་ན                                                              
དུག་གི་ཚེར་མ  ང་ཡི་སྙིང་གསེབ་ལ་བརྡབས་འོངས
                  
ཉི་མའི་འོད་མདངས་རྒུད                                          
མུན་པའི་མིག་ཟུང་བགྲད                                       
མེ་ཏོག་གི་མྱ་ངན་བཀླུབས་དུས                                     
ན་ཟུག་ཁོ་ན་ང་ལ་བདོག

ས་ཆེན་ཡ  སྒེག་ཉམས་དང་དྲི་ངད་ལྡིང་བའི་མེ་ཏོག་གི་ཚོམ་བུ                                    
ཁྱེད་ཀྱི་གཞིས་ཀ་རུ་སླེབས་མོད                         
ངས་མེ་ཏོག་བཏུ་བའི་ལོ་ཟླ་རྫོགས་སོང
 
མཚན་མོའི་སྨག་རིམ་དུ   སྐྱོ་ཡུས་འདི་ཙམ་ལས           
ང་ཡི་རྒྱལ་སེ་མེ་ཏོག་མི་འདུག

          མེ་ཏོག།
ལ་མོར་ལ་མོར  ཆུང་ཆུང་གི་མེ་ཏོག་འདི་བཏོག་སྟེ་འཁྱེར་རོགས
དེའི་འདབ་ལོ་རྙིད་ཙམ་གྱིས                     
ས་རྡུལ་དུ་བསྒྱེལ་འགྲོ་བར་ང་ཤིན་ཏུ་སྐྲག
 
ཁྱེད་ཀྱི་མེ་ཏོག་གི་ཕྲེང་ཞགས་དབར་ནས 
ངས་བར་སྟོང་ཤིག་རྙེད་དཀའ་བ་བདེན་མོད                                        
མེ་ཏོག་དེར   ཁྱེད་ཀྱི་ལག་པ་རེག་ཙམ་གྱི་ན་ཟུག་བསྒྲོན་ན
གུ་ཡངས་ཐེངས་གཅིག་གིས་འཐུ་རོགས
གཉིད་གོང་དུ  ཉི་མ་བཞུད་འགྲོ་བར་ང་རབ་ཏུ་འཚེར་ཞིང   
དུས་ཚོད་ཀྱི་ཐག་སྒྲ་འཇགས་འགྲོ་བར་ཡང་ང་ལྷག་ཏུ་ཞེད

ཁ་དོག་གི་བཀྲག་མདངས་ནོགས་ཀྱང  དྲི་ངད་འཆའ་བའི་མེ་ཏོག་འདི 
ཁོམ་གླགས་ཀྱི་བར་གསེང་ནས་འཐུས་ཏེ   ཉིད་ཀྱི་ཞབས་གཡོག་ཏུ་བཀོལ་ཅིག

          ཅི་ཡང་ངས་འདྲི་མི་ཕོད།
ངས་ཁྱེད་ལ་ཅི་ཡང་འདྲི་མི་ཕོད                            
ཐ་ན་ཁྱེད་ཀྱི་སྙན་ལམ་དུ   རང་གི་མིང་བྱང་ཙམ་ཡང་གླེང་མི་སྤོབས

གྱེས་ཁ་མར                                                                       
ངས་རང་གི་ལྷིང་འཇགས་སྲུང་སྟེ                                                
ཀྲོང་ངེར་བསླངས
                                    
ཁྲོན་ཁ་རུ                                                      
ལྗོན་ཤིང་གི་གྲིབ་རིས་འཕྲེད་དུ་ཟུག་དུས                                 
ཆེས་ཁེར་རྐྱང་གི་བདག  ཆུ་ཡིས་ལྟེམས་ཤིང་རྫ་བུམ་འདེགས་པའི                 
ཆུ་ལེན་བུ་མོས                                                   
འབོད་ཀྱིན་འབོད་ཀྱིན                    
“ཞོགས་པས་ཉི་ཐིགས་མནབས་འདུག  ཤོག་དང་ང་ཚོ་མཉམ་དུ་འགྲོ”
ཞེས་སྐད་གསེངས་མཐོན་པོས་བཏེགས
                                       
འོན་ཏེ་ང  མནོ་བསམ་གྱི་དྲ་བའི་འཕྲང་ནས                                            
ཉམ་ཐག་གི་གོམ་འགྲོས་འཁྱོར་ཞིང་འགོར་འཛོལ་བྱུང   
ཁྱེད་ཀྱི་ཚུར་འོང་གི་རྡོག་སྒྲའང་མ་ཐོས                              

ང་ལ་གཏད་པའི  ཁྱེད་ཀྱི་མིག་དམངས་སུ                      
སྨྲེང་སྐྱོ་ཤ་ལེར                                              
གསུང་གླེང་གི་སྐད་སྒྲའང   ངལ་བས་བརྣངས་སོང
 
“ང་ནི  སྐོམ་པས་གདུང་བའི་རྒྱང་བཞུད་པ་ཞིག”
ཅེས་སྟོང་འདང་གི་ཕུག་ནས  ང་ཧུར་གྱིས་ལངས་ཏེ  ཁོག་མ་ལས   
ཁྱེད་ལ་བསིལ་ཆུ་ཁྱོར་གང་དྲངས

མགོ་ཐོག་ཏུ  ཤིང་ལོ་ཡིས་ཧྲག་སྒྲ་འབྱིན                                      
མུན་ཁྲོད་ན  ཁུ་བྱུག་གིས་གསང་སྙན་སྒྲོག                  
བཞུད་ལམ་གྱི་སྐྱོག་མཚམས་སུ   བྷེ་བྷལ་མེ་ཏོག་གི་དྲི་ངད་ལྡང

ཁྱེད་ཀྱིས་ཐ་མ་དེར  ང་ཡི་རུས་མིང་དྲིས་ཚེ                                       
ང་ནི  རབ་ཏུ་བསྐྱེངས་ཏེ                                             
སྨྲ་ལྕེ་ཡི་གཤོག་པ་ཆད་སོང

གང་ཞིག་བསྒྲུབས་པའི་ཕྱིར་དྲན་མག་མོག་དེས 
ང་རང་བཅུན་པར་བགྱིས་པས་ཀྱང་ལོས་ཡིན
                  
ང་ཡི་སྙིང་ཁོང་གི་ཚ་གཟེར་ལྟ་བུའི                   
ཁྱེད་ཀྱི་སྐོམ་གདུང་དེ་སེལ་སླད                                           
ངས་ཁྱེད་ལ   བཏུང་ཆུ་སྙིམ་པ་གང་འདྲེན་འོས་ཤིང                                      
ད་དུང་དེ་ལ   མངར་ཆ་ཞིག་ཀྱང་ལྡན་ན་བསམས

འཕྱི་དྲགས་པའི་ནངས་མོ་དེར                                              
བྱེའུ་ཆུང  སྐྱོ་ངལ་གྱི་མགྲིན་དབྱངས་གྱེར་དུས                    
མཐོང་ལམ་དུ  སོ་ཤིང་གི་ལོ་མ་ཧྲག་ཧྲག་འཕུར                       
དེ་བཞིན་ང་ཡང་བསམ་གཞིགས་ཀྱི་ཀློང་དུ་ཙོག
 ཟུར་མཆན།    བྷེ་བྷལ་མེ་ཏོག་ནི་རྒྱ་གར་གྱི་ཤིང་ལྡུམ་རིགས་ཤིག་གི་མིང་།
 
            གྱེས་བྲལ།            
ས་ཆེན་གྱི་སྤྱི་གཙུག་ལས་ལྡིང་སྟེ  མུ་མེད་ཀྱི་མཁའ་མཐའ་ནས་བཙས་པ  
གྱེས་བྲལ་གྱི་ཟུག་གཟེར་ཞིག
                                    
སྐར་འོད་ཆེམ་ཆེམ་གྱི་མཚན་ནུབ་རེ་རེར 
མིག་ཟུང་དབེན་འཇགས་སུ་བསྲིངས་ཤིང   
ཟླ་བདུན་པའི་ཞག་ཆར་གྱི་ཁུག་སྣའི་ཁྲོད  
ཤིང་ལོ་ཐོར་བའི་ངུད་མོར་བསྡོངས་པ 
བྲལ་ཁ་མའི་གདུང་དབྱངས་ཤིག
    
འགྲོ་མིའི་བདེ་སྡུག་གི་གཞིས་ཁྱིམ་དུ་བྲན་པ                  
ཟབ་སར་འཁུ་བའི  འདོད་སྲེད་དང་བརྩེ་ཆེན་གྱི་ཟུག་རྔུ་རེད
 
སྐབས་རེར་ཞུད་ཀྱང   ལན་རེར་འཕྱུར་འོང་བ                         
ང་ཡི་སྙན་ངག་པའི་སྙིང་ཁོང་གི་གླུ་སྒྲ་ཡིན།

             མུན་པའི་འཇིག་རྟེན།                  
གྲིབ་ནག་ལས་ཉི་འོད་མེད་པའི                                          
ས་ཆེན་སྟེང                                                              
ངས   ཨུ་ལུ་སྐེ་རིང་བཏེགས་ཏེ                     
གཙང་ཁ་རུ་བཞུད་པའི་དུས་ནི་འདའ
 
ཆུ་བོའི་གདུང་དབྱངས་ལ་ཕྱོགས་པའི                     
མཚན་མོའི་རླུང་བུས  ས་སྲོས་ཀྱི་ཀློང་ནས                               
ང་རང་འབོད་ཀྱིན་འདུག
                                   
འགྲུལ་བ་གཅིག་ཀྱང་མེད་པའི  ཁེར་རྐྱང་གི་སྲང་ལམ་དུ        
གྲང་རླུང་འཚུབ་ཅིང  ཆུ་བོའི་རླབས་གཉེར་ལྟེབས་དུས                                  
ངས  རང་ཉིད་ལོག་རན་པའང་མ་ཚོར                                       
སུ་ཞིག་ལ  སྟེས་དབང་གིས་འཕྲད་མིན་ཡང་མི་ཤེས

ཆུ་མོའི་གཞུང་གི་གྲུ་ཆུང་སྟེང  རྒྱུས་མངའ་མེད་པའི་མི་ཕོ་དེས
སྒྲ་དབྱངས་སྙན་མོ་ཞིག་དཀྲོལ་ཞིང་མཆིས། 
  ཟུར་མཆན།  ཨུ་ལུ་སྐེ་རིང་ནི་རྒྱ་གར་བས་མགོ་ལ་འཁུར་བའི་ཆུ་སྣོད་བུམ་པའི་གཟུགས་ཏེ།  རྒྱུ་ཧ་ཡང་དང་ཟངས་ལྕགས་ལས་གྲུབ་པ་ཞིག་ཡིན།
 
               མུ་ཏིག་གི་མགུལ་རྒྱན། 
ཡུམ་ཆེན་ལགས                                                                     
ངས  སྐྱོ་གདུང་གི་མིག་ཆུས                  
ཁྱེད་ལ་མུ་ཏིག་གི་མགུལ་རྒྱན་ཞིག་བསྒྲོན་ན་འདོད
                    
སྐར་ཕྲན་ཚོམ་བུ་ཚོམ་བུ་དག་གིས་ཀྱང 
འོད་ལམ་ལམ་གྱི་རྐང་གདུབ་ཆ་གཅིག་བསྒྲུགས་ཏེ 
ཁྱེད་ཀྱི་ཞབས་ཟུང་ལ་མཛེས་རྒྱན་སྤྲས                                                      
འོན་ཀྱང   བདག་གིས་ཕུལ་བའི་མགུལ་རྒྱན་དེ              
ཁྱེད་ཀྱི་མཐོང་ག་ན་ལྡེམ་ཞིང་འཕྱང
 
རྒྱུ་འབྱོར་དང་སྙན་གྲགས་འདི་དག                            
ཁྱེད་ལ་མངའ་ཞིང   ཁྱེད་ཀྱི་བསྩལ་བྱ་ཉིད
  
ངས   རང་ཉིད་ཁོ་ནར་དབང་བའི་སྐྱོ་གདུང་འདི་ཀོ                          
ཁྱེད་ལ  མཆོད་སྤྲིན་ཏུ་ཕུལ་དུས                                       
ཁྱེད་ཀྱིས་ང་ལ  བྱམས་བརྩེ་ཡི་གསོལ་རས་གནངས་བྱུང་།
     
            ཡུལ་དུ་ལོག་པ།
འགྲུལ་སྐྱོད་ཀྱི་ལམ་ཐག་ཧ་ཅང་རིང་བས             
ནངས་སྔ་མོའི་སྐྱ་རེངས་ཁར                            
ང་རང་ཤིང་རྟར་བསྡད་ནས་ལམ་དུ་ཆས               
རྒྱུ་སྐར་ལ་ཞབས་རྗེ་འཇོག་བཞིན  ངས་མི་མེད་ལུང་སྟོང་གི་འཇིག་རྟེན་འགྲིམས

ཆེས་རིང་བའི་ལམ་ཐག་ནི         
རང་གི་གམ་དུ་གནས་པའི་ཡུལ་ལུང་དེ་ཡིན་ཞིང   
ཕལ་བའི་དབྱངས་རྟ་ཞིག་གི་མཇུག་སྐྱོང་བར   
ཆེས་དཀའ་སྡུག་གི་སྦྱོང་བརྡར་བརྒྱུད་དགོས
                              
རྒྱང་བཞུད་པས  རང་ཉིད་ཀྱི་སྒོ་མོ་འཚོལ་ཕྱིར 
རྒྱུས་མེད་ཀྱི་སྒོ་གླེགས་རེ་རེ་བཞིན་རྡུང་དགོས

ཕྱི་ཡུལ་གྱི་རྒྱལ་ཁམས་འགྲིམ་པའི་མི་དེ   
ད་གཟོད་རང་སེམས་ཀྱི་དག་ཞིང་ལ་བསླེབ་ཐུབ
 
ངའི་འདྲེན་བྱེད་ཟུང་གིས  སྟོང་ཁམས་ཀྱི་འཇིག་རྟེན་ལ་རྒྱང་ལྟ་བྱས་རྗེས
མིག་ཟུང་བཙུམས་ཏེ  “ཁྱེད་རང་འདི་ན་འདུག” ཅེས་སྨྲས།                  
“ཀྱེ   ཁྱེད་ཉིད་གང་དུ་ཡོད” ཅེས་པའི་དྲི་བ་དང་འབོད་སྒྲ་ཆབ་ཅིག  
ཆུ་ཕྲན་སྟོང་གི་མིག་ཆུར་འདྲེས་ཤིང                              
“ང་འདི་རུ་ཡོད” ཅེས་པའི་དྲི་ལན་གྱིས་འཇིག་རྟེན་ཡོངས་རླབས་ཀྱིས་གཤེར།
 
          འོད།
འོད་སྣང   ང་ཡི་འོད་སྣང                                
འཇིག་རྟེན་འོད་ཀྱིས་ཁེངས                                    
མིག་ཟུང་འོད་དུ་གླན   སེམས་པ་འོད་ཀྱིས་མྱོས

སྙིང་ཉེ་བའི་མི་ཡ  ང་ཡི་མི་ཚེའི་དབུས་སུ                 
འོད་ཀྱིས་རྐང་བྲོ་འཁྲབས                                                  
སྙིང་ཉེ་བའི་མི་ཡ  འོད་ཀྱིས                   
ངའི་བརྩེ་ཚོར་གྱི་རྒྱུད་སྐུད་དཀྲོལ
                
ནམ་མཁས་སྒོ་ཆེན་བརྒྱངས  
རླུང་བུས་བྱང་ཐང་འགྲིམས 
དགོད་སྒྲས་ས་ཆེན་བརྒལ
འོད་ཀྱི་མཚོ་ངོགས་སུ  ཕྱེ་མ་ལེབ་ཀྱིས་རླུང་གཡོར་བསྒྲེངས
མེ་ཏོག་ཀུནྡ་དང་སྟག་གཟིག་མེ་ཏོག་གི་ཚོམ་བུ་ཚོམ་བུ 
འོད་ཀྱི་རླབས་རྩེ་ན་འཇོ་སྒག་གིས་རྩེན
                         
སྙིང་ཉེ་བའི་མི་ཡ  སྤྲིན་རུམ་ནས                          
འོད་ཀྱི་ཟེར་མ་འཐོར་ཏེ                
དངོས་གྲུབ་ཀྱི་ནོར་བུ་ཕངས་མེད་བསྙིལ
                         
ལྗང་ལོའི་ཚོགས་ཀྱིས་འཛུམ་ཆུང་དམུལ་དུས                              
སྙིང་ཉེ་བའི་མི་ཡ  དཔག་མེད་ཀྱི་དགའ་ཚོར་ཞིག་ཅི་ལ་མེད                                                 
ལྷ་ཡུལ་གྱི་གཏེར་ཆུ  མི་ཡུལ་ལ་འཇོ་དུས     
སྤྲོ་དགའི་རླབས་ཀྱིས་རྒྱལ་མཚམས་གཤག་ཡོང་།
     
          ལོ་ཟླ་ནམ་ཞིག
ཁྱེད་རང་ཐུག་འཕྲད་དེའི་ཕྱིར་དུ                                
ང་ཡི་ཉེ་སར་བཅར་བའི་ལོ་ཟླ་ནམ་ཞིག་ཡིན་པ               
ངས་ཚོར་དཀའ
  
ཁྱེད་ཀྱི་ཉིན་བྱེད་དང་སྐར་ཚོགས་ཀྱིས                                   
ཁྱེད་རང   ངའི་མིག་ཟུང་གི་མཐོང་དབྱིངས་ནས          
དུས་གཏན་ཏུ་བཤོལ་མ་མྱོང

ཉི་ཤར་གྱི་སྔ་ཕྱི་ལ   རྟག་ཏུ                          
ངས་ཁྱེད་ཀྱི་གོམ་འགྲོས་ཀྱི་རྡོག་སྒྲ་ཐོས
ཁྱེད་ཀྱི་སེམས་འཕྲིན   ང་ཡི་སྙིང་ཁོང་ཏུ་འཛུལ་ཏེ                 
ཤིན་ཏུ་གསང་བའི་ངང་ནས  ང་རང་འབོད་ཀྱིན་འདུག
                         
དེ་རིང  ང་ཡི་དྲན་པ་སྨག་ལ་འཁྱར་བའི་རྒྱུ་རྐྱེན་དེ་ངེས་ཤིང    
དགའ་མགུར་མྱོས་པའི་ཚོར་འདུ་རེ་རེ                     
འགུལ་ཤིག་ཤིག་ངང            
ངའི་དྲན་པའི་ཟབ་ས་ནས་རྒྱང་དུ་གྱེས་དོན་ཡང་རྟོགས་སོང

དེ་ནི  ངའི་ལུས་སེམས་ཀྱི་ངལ་དུབ་ཡོད་ཚད 
ཆེས་ཐ་མའི་སོ་མཚམས་སུ་སླེབས་པ་འདྲ                 
ང་ཡིས་དབུགས་ཀྱི་རྔུབ་ཐེངས་རེ་རེར
ཁྱེད་ཀྱི་ད་ལྟའི་མཛེས་སྡུག་གི་དྲི་ངད་བར་མེད་དུ་བསྣམས་འོངས།
                  
           དུས་མཇུག་གི་ཡོལ་བ།
རྟོགས་སོང  ཉི་མ་ཞིག་སླེབས་ངེས་པ་ངས་རྟོགས་སོང  
ངའི་མིག་མདུན་གྱི་ས་ཆེན་འདི་བོར་བརླག་ཐེབས་ཚེ                   
བླ་སྲོག་གིས  ང་ཡི་མིག་ཟུང་དུ་དུས་མཇུག་གི་ཡོལ་བ་འཐེན་ཏེ 
རང་གི་ལྷིང་འཇགས་ཁྱེར་ནས་བུད་འགྲོ་ཞིང                           
བར་སྣང་ནས  སྐར་མའི་ཚོགས་ལྟད་མོར་གཟིགས་འོངས

ནངས་མོ་ཞིག་སྔར་བཞིན་འཆར་དུས                                  
དུས་ཚོད་རེ་རེ  དགའ་སྐྱོ་ཟུང་གིས་སྐྱོམས་པའི་རླབས་རྒྱུན་ཇི་བཞིན 
ཤིན་ཏུ་ལྕི་ཨང

ཡུད་ཙམ་མའི་ཚེ་སྐབས་འདིའི་མཇུག་ལ་སེམས་ཚེ                                    
གློ་རྡེག་ངང   བཙན་རྫོང་གི་ལྕགས་རི་སིལ་བུར་འཐོར་ཞིང 
འཆི་ཁའི་འོད་ངོགས་སུ                                                            
ངས་ཁྱེད་ཀྱི                   
འཇིག་རྟེན་བག་མེད་ཀྱི་གཏེར་མཛོད་དེ་མཐོང་ཡོང
 
རླབས་ཆེ་བའི་མི་ནི  ནམ་ཡང་གྲལ་མཐའ་ན           
ངན་ངོན་གྱི་འཚོ་བ་དག་ཡིན་སོང
 
ང་ལ་ཐོབ་ཅིང་མ་ཐོབ་པ་ཀུན  བརྒྱུད་སྤྲོད་བགྱིས་དང           
མིག་ལ་མ་ཐོགས་པའི  རྡོག་འོག་གི་ཡོད་ཚད                
ང་ལ་དབང་བས་ཆོག

           ཞུམ་མེད་ཀྱི་སྤོབས་སེམས་དེ་གང་ན།            
མགོ་འཕང་མཐོ་རུ་བཏེགས་པའི                         
ཞུམ་མེད་ཀྱི་སྤོབས་སེམས་དེ་གང་ན             
སྐྱེས་སྟོབས་ཀྱི་དཔལ་ཡོན་འབར་བའི            
རང་དབང་གི་ཤེས་རིག་དེ་གང་དུ                  
ནང་འཁྲུག་གི་འཐབ་རའི་འཕྲང་ནས  རྡུལ་དུ་མ་བརླགས་པའི 
འཇིག་རྟེན་དེ་གང་ན                     
བདེན་པའི་གཏིང་རིམ་ནས་བརྡོལ་བའི   མྱི་སྐད་དག་གང་དུ 
དངོས་གྲུབ་ལ་ལག་པ་བསྲིངས་པའི   རྫོགས་མེད་ཀྱི་རྩོད་གླེང་དེ་གང་ན                                  
ཡི་མུག་པའི་སྲོལ་རྙིང་དེ  མྱ་ངམ་ཐང་གི་ལམ་ཕྲན་བརྟོལ་བའི 
གནས་ལུགས་ཀྱི་ཆུ་ཀླུང་དྭངས་མ་དེ་གང་ན
རང་དབང་གི་ཞིང་དུ་འཁྲིད་པའི
དཀྱེལ་ཡངས་ཀྱི་བསམ་བློ་དང་ལག་ལེན   ཁྱེད་ཀྱི་སེམས་པ་ཉིད་གང་ན                                 
ཡབ་ཆེན་ལགས   ངའི་དབེན་སིམ་སིམ་གྱི་ཡུལ་ལུང་འདི་གཉིད་ལས་དཀྲོགས་ཤིག

             བསྐལ་བའི་གཡང་།
འུ་ཐུག་གི་རེ་སྨོན་ཁྲོད  ང་ལམ་དུ་ཆས                      
ཁང་མིག་འདིའི་གྲུ་ག་རེ་རེར  ངས་ཁོ་མོ་འཚོལ་བཞིན་ཡོད
 
གུ་དོག་པའི་ཁང་ཆུང་འདིའི་ནང   གང་ཞིག་ཤོར་ཟིན་པ 
སླར་ཡང་ཐོབ་མི་སྲིད
                                                        
འོན་ཀྱང   ལྷ་དབང་ལགས                                          
ཁྱེད་ཀྱི་ཕོ་བྲང་ནི་མུ་མཐའ་བྲལ་བས                                         
ཁྱེད་ཀྱི་སྒོ་རྩ་རུ   ངས་ཁོ་མོ་འཚོལ་འོས
      
ས་སྲོད་ཀྱི་མཚམས་སྤྲིན་དམར་པོའི་གནམ་ཡོལ་འོག                                       
ང་འགྲེངས་ཤིང                                       
རེ་ཞགས་འཁོར་བའི་མིག་ཟུང   ཁྱེད་ཀྱི་བཞིན་ལ་བསྲིངས་ཡོད
                    
ང་བསླེབས་སའི་བསྐལ་བའི་མཐའ་རུ                                        
རེ་བ་སྲབ་ལ  བདེ་བའང་ཉུང                                            
མིག་ཆུ་ལས་འཕྲོས་པའི                       
ལྟར་སྣང་གི་ངོ་གདོང་དེའང་མི་སྣང

ཀྱེ་ཧུད  སྙིང་པོ་སྟོང་བའི                                            
ང་ཡི་མི་ཚེ་འདི  ཟབ་ཡངས་རྒྱ་མཚོའི་འཇིངས་སུ་བྱིང་རོགས
 
སྲིད་པའི་འཇིག་རྟེན་འདིར  སླར་ཡང་ཐེངས་གཅིག་ལ  
བོར་ཟིན་པའི་མཛེས་སྡུག་གི་ཐུག་འཕྲད་དེ 
ང་ཚོར་དུ་ཆུགས།
    
           སྙན་ངག་གི་དུས་རིམ།
ཕྱེ་མ་ལེབ་ཀྱིས  སྐད་ཅིག་མའི་ཡུན་ཙམ་ལས                   
ལོ་ཟླའི་བགྲང་བྱ་མི་རྩི་ལ                
དུས་ཚོད་ནི་འགྱུར་ལྡོག་གི་ཐོན་ཁུངས་ཤིག

དགོད་བྲོ་བའི་དུས་ཚོད་ཀྱི་ལད་ཟློས  
འཕོ་འགྱུར་ཁོ་ན་ལས་ཐོན་ཁུངས་ཅི་ཡང་མི་བསྐྲུན
     
དུས་ཚོད་ཀྱི་གྲུ་ཟུར་རེ་ནས   རང་ཉིད་ཀྱི་མི་ཚེ་ལ                   
ཟློས་གར་འཁྲབ་ཏུ་འཇུག་པ་ནི  ལོ་མའི་རྩེ་ཡི་ཟིལ་ཐིགས་འདྲ།

           སྙན་ངག་གི་དུངས་ཀ།
བརྩེ་བས   རང་ཉིད་ལ་གཟབ་མཆོར་སྤྲས་ཏེ                
ཕྱི་ཚུལ་གྱི་མཛེས་ཉམས་ལས   རང་སེམས་ཀྱི་དགའ་མགུའི་དཔང་རྟགས་འཚོལ
                          
བརྩེ་དུང་གིས   ཁེ་དབང་གང་ཡང་མི་གླེང་བར                 
རང་དབང་ཞིག་བསྩལ་འོངས
                                                         
བརྩེ་དུང་ནི   འགྲེལ་མི་ནུས་པའི་ཆོས་ཉིད་ཀྱི་གོ་རིམ་ལ  
དཔག་མི་ཚར་བའི་སྒྱུ་མའི་ཟློས་གར་ཞིག
                
བརྩེ་དུང་གི་ལག་རྟགས་ནི  ནམ་ཡང་སྤྲོད་མི་ཐུབ་པར   
འཁྲེང་ཞེན་དང་རེ་སྒུག་ཞིག་གོ།

            སྙན་ངག་གི་སྐྱེ་བུ།
མི་ནི  འཚང་ཁ་འཚུབ་པའི་འུར་ཟིང་གི་ཀློང་ལ་ཡན་ཚེ 
རང་གི་ལྷིང་འཇགས་ཀྱི་ཆོ་ངེ་ལྡབ་ལྡིབ་ཏུ་བྱིངས་འགྲོ

མིའི་ཚེ་སྲོག་གི་སྐྱེས་འཕེལ་ལ་ཉམས་པ་མེད་ཀྱང        
ཁོ་རང་ཚད་མེད་དུ་ཤི་ཡང་སྲིད
                                          
མི་ཚེ་ནི   གསར་གཏོད་ཀྱི་འདུ་ཤེས་ཤིག་སྟེ                   
འགྱུར་ལྡོག་ཁོ་ནའི་ཁྲོད                                 
ད་གཟོད་རང་ཉིད་རྙེད་ཐུབ
   
མིའི་རྟག་བརྟན་གྱི་བདེ་སྐྱིད་ནི  ཆོས་ཇི་སྙེད་ཅིག་ལས་ཐོབ་པ་མ་ཡིན་གྲང
རང་ཉིད་རང་ཉིད་ལས་རླབས་པོ་ཆེ་གང་དེ་སླད་དུ་བསྟིམས་ཤིང 
རང་ཉིད་ནི་རང་ཉིད་ཀྱི་ཚེ་སྲོག་ལས་ཆེས་རླབས་ཆེ་བའི་འདུ་ཤེས་དེ
མེས་རྒྱལ་དང་མིའི་རིགས                                                        
ད་དུང  དཀོན་མཆོག་གི་འདུ་ཤེས་ལ་སྟིམ་མིན་དེའོ།

             2012/9/20 ནས 10/12 དབར།
             
༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེ་ཀོར་གྱི་སྙན་ངག་བདམས་བསྒྱུར།

2012-10-29 ཐེ་ཀོར། ཀློག་གྲངས། མཆན ཡོད།

 
          བརྩེ་དུང་གི་སྒྲོན་མེ།
འོད་སྣང                                                                                 
ཀྱེ  འོད་སྣང་དེ་གང་ན           
འདོད་སྲེད་ཀྱི་མེ་ཕུང་དེའི་མེ་ཁ་གསོ་རོགས
                                                            
སྒྲོན་མེ་ལ་འོད་ཕུང་མེད་དོན་ཅི  སྙིང་ཉེ་ཨ                                     
འདི་ནི  ཁྱེད་ཀྱི་ལས་དབང་གི་བཀའ་བཀོད་ཡིན་ནམ                                       
འཆི་བདག་ནི  ཁྱེད་དང་ཁ་ཐག་རིང་ན་ཇི་འདྲའི་ལེགས་ཨང

སྐྱོ་ངལ་གྱི་སྨྲེང་བས  ཁྱེད་ཀྱི་སྒོ་གླེགས་ཁྲོག་ཁྲོག་བརྡུངས་ཏེ 
ཁྱེད་ཀྱི་དཀོན་མཆོག་གཉིད་ལས་སད་ཚུལ་སྙན་ཏུ་བསྒྲོན  
སྨག་སྟུག་པའི་མཚན་མོ་དེར                                           
ཁོང་གིས་ཁྱེད་རང  གསང་བའི་གྲོས་ཁང་དུ་བསུས
  
མཁའ་དབྱིངས་སུ་སྤྲིན་ནག་གཡོས་ཤིང   ཞག་ཆར་ཤག་ཤག་བྱོ
        
ང་ཡིས  རང་གི་བྲང་ཁོང་ན་དཀྲུག་བཞིན་པ་དེ                       
ཅི་ཡིན་མ་ཤེས་ལ   གང་ཡང་མ་རྟོགས
                             
གློག་དམར་གྱི་འཁྱུག་འགྲོས་ཤིག        
ངའི་མིག་ཟུང་གི་མུན་པའི་ཟབ་སར་ལྷུང
                             
བླ་སྲོག་གི་སྤར་མོས   སྨག་ལམ་མྱུལ་དུས
མཚན་མོའི་དབྱངས་རྟ་ཞིག་གིས   ང་རང་བོས་བྱུང
                                                          
འབྲུག་གྲགས  ཐོག་ལྡིར                                     
གནམ་སའི་བར་སྟོང་དུ                            
འཁྱག་རླུང་གིས་སྐྱོ་སྨྲེང་བཟླས
                                   
རྡོ་བ་ནག་པོ་ནག་པོ་ནང་བཞིན  མཚན་མོ་འདི་ཤིན་ཏུ་ནག                                        
དུས་ཚོད་ཀྱི་ཐག་སྒྲ   སྨག་ལ་མ་སྲེས་རོགས                                            
ཁྱེད་ཀྱི་བརྩེ་བའི་བླ་སྲོག་གིས    སྒྲོན་མེ་སྦོར་ཅིག
       
           ཁོ་མོ  ང་ཡི་སེམས་པའི་ཉེ་ས་ན།
ས་ཆེན་གྱི་མཐོང་ཁའི  རི་སྐྱེས་མེ་ཏོག་བཞིན                             
ཁོ་མོ་ང་ཡི་སེམས་པའི་གན་དུ                                        
ཉིང་ལག་ངལ་ཏེ  གཉིད་ཡུར་བ་ནང་བཞིན                 
ཁོ་མོ་ང་ཡི་སྙིང་དུ་སྡུག
                                                  
ངས   ཁོ་མོར་བཅངས་པའི་བརྩེ་འདང་གིས                             
ང་ཡི་མི་ཚེ་ལྟེམས་ཤིང                                    
སྟོན་གྱི་ཆུ་ཀླུང་ནང་བཞིན  ཧ་ཅང་དྭངས་གཙང་གིས་བཞུར
 
ངའི་གླུ་ཚིག་ཁྲོད་ཀྱི་མཛའ་གཞས་ཐན་ཐུན 
གསང་གཏམ་ཤབ་ཤུབ་སྨྲ་བའི་ཆུ་ཕྲན་ནང་བཞིན             
བརྩེ་ཚོར་གྱི་རླབས་སྒྲ་དབྱངས་སུ་བཀུགས།

         ངས  ཁྱེད་ཀྱི་མེ་ཏོག་བཏུས།
ས་ཆེན་ཡ   ས་ཆེན                                                                      
ངས   ཁྱེད་ཀྱི་མེ་ཏོག་རྐང་གཅིག་བཏོགས་ཏེ                                  
སེམས་པ་རུ་གླན་ན                                                              
དུག་གི་ཚེར་མ  ང་ཡི་སྙིང་གསེབ་ལ་བརྡབས་འོངས
                  
ཉི་མའི་འོད་མདངས་རྒུད                                          
མུན་པའི་མིག་ཟུང་བགྲད                                       
མེ་ཏོག་གི་མྱ་ངན་བཀླུབས་དུས                                     
ན་ཟུག་ཁོ་ན་ང་ལ་བདོག

ས་ཆེན་ཡ  སྒེག་ཉམས་དང་དྲི་ངད་ལྡིང་བའི་མེ་ཏོག་གི་ཚོམ་བུ                                    
ཁྱེད་ཀྱི་གཞིས་ཀ་རུ་སླེབས་མོད                         
ངས་མེ་ཏོག་བཏུ་བའི་ལོ་ཟླ་རྫོགས་སོང
 
མཚན་མོའི་སྨག་རིམ་དུ   སྐྱོ་ཡུས་འདི་ཙམ་ལས           
ང་ཡི་རྒྱལ་སེ་མེ་ཏོག་མི་འདུག

          མེ་ཏོག།
ལ་མོར་ལ་མོར  ཆུང་ཆུང་གི་མེ་ཏོག་འདི་བཏོག་སྟེ་འཁྱེར་རོགས
དེའི་འདབ་ལོ་རྙིད་ཙམ་གྱིས                     
ས་རྡུལ་དུ་བསྒྱེལ་འགྲོ་བར་ང་ཤིན་ཏུ་སྐྲག
 
ཁྱེད་ཀྱི་མེ་ཏོག་གི་ཕྲེང་ཞགས་དབར་ནས 
ངས་བར་སྟོང་ཤིག་རྙེད་དཀའ་བ་བདེན་མོད                                        
མེ་ཏོག་དེར   ཁྱེད་ཀྱི་ལག་པ་རེག་ཙམ་གྱི་ན་ཟུག་བསྒྲོན་ན
གུ་ཡངས་ཐེངས་གཅིག་གིས་འཐུ་རོགས
གཉིད་གོང་དུ  ཉི་མ་བཞུད་འགྲོ་བར་ང་རབ་ཏུ་འཚེར་ཞིང   
དུས་ཚོད་ཀྱི་ཐག་སྒྲ་འཇགས་འགྲོ་བར་ཡང་ང་ལྷག་ཏུ་ཞེད

ཁ་དོག་གི་བཀྲག་མདངས་ནོགས་ཀྱང  དྲི་ངད་འཆའ་བའི་མེ་ཏོག་འདི 
ཁོམ་གླགས་ཀྱི་བར་གསེང་ནས་འཐུས་ཏེ   ཉིད་ཀྱི་ཞབས་གཡོག་ཏུ་བཀོལ་ཅིག

          ཅི་ཡང་ངས་འདྲི་མི་ཕོད།
ངས་ཁྱེད་ལ་ཅི་ཡང་འདྲི་མི་ཕོད                            
ཐ་ན་ཁྱེད་ཀྱི་སྙན་ལམ་དུ   རང་གི་མིང་བྱང་ཙམ་ཡང་གླེང་མི་སྤོབས

གྱེས་ཁ་མར                                                                       
ངས་རང་གི་ལྷིང་འཇགས་སྲུང་སྟེ                                                
ཀྲོང་ངེར་བསླངས
                                    
ཁྲོན་ཁ་རུ                                                      
ལྗོན་ཤིང་གི་གྲིབ་རིས་འཕྲེད་དུ་ཟུག་དུས                                 
ཆེས་ཁེར་རྐྱང་གི་བདག  ཆུ་ཡིས་ལྟེམས་ཤིང་རྫ་བུམ་འདེགས་པའི                 
ཆུ་ལེན་བུ་མོས                                                   
འབོད་ཀྱིན་འབོད་ཀྱིན                    
“ཞོགས་པས་ཉི་ཐིགས་མནབས་འདུག  ཤོག་དང་ང་ཚོ་མཉམ་དུ་འགྲོ”
ཞེས་སྐད་གསེངས་མཐོན་པོས་བཏེགས
                                       
འོན་ཏེ་ང  མནོ་བསམ་གྱི་དྲ་བའི་འཕྲང་ནས                                            
ཉམ་ཐག་གི་གོམ་འགྲོས་འཁྱོར་ཞིང་འགོར་འཛོལ་བྱུང   
ཁྱེད་ཀྱི་ཚུར་འོང་གི་རྡོག་སྒྲའང་མ་ཐོས                              

ང་ལ་གཏད་པའི  ཁྱེད་ཀྱི་མིག་དམངས་སུ                      
སྨྲེང་སྐྱོ་ཤ་ལེར                                              
གསུང་གླེང་གི་སྐད་སྒྲའང   ངལ་བས་བརྣངས་སོང
 
“ང་ནི  སྐོམ་པས་གདུང་བའི་རྒྱང་བཞུད་པ་ཞིག”
ཅེས་སྟོང་འདང་གི་ཕུག་ནས  ང་ཧུར་གྱིས་ལངས་ཏེ  ཁོག་མ་ལས   
ཁྱེད་ལ་བསིལ་ཆུ་ཁྱོར་གང་དྲངས

མགོ་ཐོག་ཏུ  ཤིང་ལོ་ཡིས་ཧྲག་སྒྲ་འབྱིན                                      
མུན་ཁྲོད་ན  ཁུ་བྱུག་གིས་གསང་སྙན་སྒྲོག                  
བཞུད་ལམ་གྱི་སྐྱོག་མཚམས་སུ   བྷེ་བྷལ་མེ་ཏོག་གི་དྲི་ངད་ལྡང

ཁྱེད་ཀྱིས་ཐ་མ་དེར  ང་ཡི་རུས་མིང་དྲིས་ཚེ                                       
ང་ནི  རབ་ཏུ་བསྐྱེངས་ཏེ                                             
སྨྲ་ལྕེ་ཡི་གཤོག་པ་ཆད་སོང

གང་ཞིག་བསྒྲུབས་པའི་ཕྱིར་དྲན་མག་མོག་དེས 
ང་རང་བཅུན་པར་བགྱིས་པས་ཀྱང་ལོས་ཡིན
                  
ང་ཡི་སྙིང་ཁོང་གི་ཚ་གཟེར་ལྟ་བུའི                   
ཁྱེད་ཀྱི་སྐོམ་གདུང་དེ་སེལ་སླད                                           
ངས་ཁྱེད་ལ   བཏུང་ཆུ་སྙིམ་པ་གང་འདྲེན་འོས་ཤིང                                      
ད་དུང་དེ་ལ   མངར་ཆ་ཞིག་ཀྱང་ལྡན་ན་བསམས

འཕྱི་དྲགས་པའི་ནངས་མོ་དེར                                              
བྱེའུ་ཆུང  སྐྱོ་ངལ་གྱི་མགྲིན་དབྱངས་གྱེར་དུས                    
མཐོང་ལམ་དུ  སོ་ཤིང་གི་ལོ་མ་ཧྲག་ཧྲག་འཕུར                       
དེ་བཞིན་ང་ཡང་བསམ་གཞིགས་ཀྱི་ཀློང་དུ་ཙོག
 ཟུར་མཆན།    བྷེ་བྷལ་མེ་ཏོག་ནི་རྒྱ་གར་གྱི་ཤིང་ལྡུམ་རིགས་ཤིག་གི་མིང་།
 
            གྱེས་བྲལ།            
ས་ཆེན་གྱི་སྤྱི་གཙུག་ལས་ལྡིང་སྟེ  མུ་མེད་ཀྱི་མཁའ་མཐའ་ནས་བཙས་པ  
གྱེས་བྲལ་གྱི་ཟུག་གཟེར་ཞིག
                                    
སྐར་འོད་ཆེམ་ཆེམ་གྱི་མཚན་ནུབ་རེ་རེར 
མིག་ཟུང་དབེན་འཇགས་སུ་བསྲིངས་ཤིང   
ཟླ་བདུན་པའི་ཞག་ཆར་གྱི་ཁུག་སྣའི་ཁྲོད  
ཤིང་ལོ་ཐོར་བའི་ངུད་མོར་བསྡོངས་པ 
བྲལ་ཁ་མའི་གདུང་དབྱངས་ཤིག
    
འགྲོ་མིའི་བདེ་སྡུག་གི་གཞིས་ཁྱིམ་དུ་བྲན་པ                  
ཟབ་སར་འཁུ་བའི  འདོད་སྲེད་དང་བརྩེ་ཆེན་གྱི་ཟུག་རྔུ་རེད
 
སྐབས་རེར་ཞུད་ཀྱང   ལན་རེར་འཕྱུར་འོང་བ                         
ང་ཡི་སྙན་ངག་པའི་སྙིང་ཁོང་གི་གླུ་སྒྲ་ཡིན།

             མུན་པའི་འཇིག་རྟེན།                  
གྲིབ་ནག་ལས་ཉི་འོད་མེད་པའི                                          
ས་ཆེན་སྟེང                                                              
ངས   ཨུ་ལུ་སྐེ་རིང་བཏེགས་ཏེ                     
གཙང་ཁ་རུ་བཞུད་པའི་དུས་ནི་འདའ
 
ཆུ་བོའི་གདུང་དབྱངས་ལ་ཕྱོགས་པའི                     
མཚན་མོའི་རླུང་བུས  ས་སྲོས་ཀྱི་ཀློང་ནས                               
ང་རང་འབོད་ཀྱིན་འདུག
                                   
འགྲུལ་བ་གཅིག་ཀྱང་མེད་པའི  ཁེར་རྐྱང་གི་སྲང་ལམ་དུ        
གྲང་རླུང་འཚུབ་ཅིང  ཆུ་བོའི་རླབས་གཉེར་ལྟེབས་དུས                                  
ངས  རང་ཉིད་ལོག་རན་པའང་མ་ཚོར                                       
སུ་ཞིག་ལ  སྟེས་དབང་གིས་འཕྲད་མིན་ཡང་མི་ཤེས

ཆུ་མོའི་གཞུང་གི་གྲུ་ཆུང་སྟེང  རྒྱུས་མངའ་མེད་པའི་མི་ཕོ་དེས
སྒྲ་དབྱངས་སྙན་མོ་ཞིག་དཀྲོལ་ཞིང་མཆིས། 
  ཟུར་མཆན།  ཨུ་ལུ་སྐེ་རིང་ནི་རྒྱ་གར་བས་མགོ་ལ་འཁུར་བའི་ཆུ་སྣོད་བུམ་པའི་གཟུགས་ཏེ།  རྒྱུ་ཧ་ཡང་དང་ཟངས་ལྕགས་ལས་གྲུབ་པ་ཞིག་ཡིན།
 
               མུ་ཏིག་གི་མགུལ་རྒྱན། 
ཡུམ་ཆེན་ལགས                                                                     
ངས  སྐྱོ་གདུང་གི་མིག་ཆུས                  
ཁྱེད་ལ་མུ་ཏིག་གི་མགུལ་རྒྱན་ཞིག་བསྒྲོན་ན་འདོད
                    
སྐར་ཕྲན་ཚོམ་བུ་ཚོམ་བུ་དག་གིས་ཀྱང 
འོད་ལམ་ལམ་གྱི་རྐང་གདུབ་ཆ་གཅིག་བསྒྲུགས་ཏེ 
ཁྱེད་ཀྱི་ཞབས་ཟུང་ལ་མཛེས་རྒྱན་སྤྲས                                                      
འོན་ཀྱང   བདག་གིས་ཕུལ་བའི་མགུལ་རྒྱན་དེ              
ཁྱེད་ཀྱི་མཐོང་ག་ན་ལྡེམ་ཞིང་འཕྱང
 
རྒྱུ་འབྱོར་དང་སྙན་གྲགས་འདི་དག                            
ཁྱེད་ལ་མངའ་ཞིང   ཁྱེད་ཀྱི་བསྩལ་བྱ་ཉིད
  
ངས   རང་ཉིད་ཁོ་ནར་དབང་བའི་སྐྱོ་གདུང་འདི་ཀོ                          
ཁྱེད་ལ  མཆོད་སྤྲིན་ཏུ་ཕུལ་དུས                                       
ཁྱེད་ཀྱིས་ང་ལ  བྱམས་བརྩེ་ཡི་གསོལ་རས་གནངས་བྱུང་།
     
            ཡུལ་དུ་ལོག་པ།
འགྲུལ་སྐྱོད་ཀྱི་ལམ་ཐག་ཧ་ཅང་རིང་བས             
ནངས་སྔ་མོའི་སྐྱ་རེངས་ཁར                            
ང་རང་ཤིང་རྟར་བསྡད་ནས་ལམ་དུ་ཆས               
རྒྱུ་སྐར་ལ་ཞབས་རྗེ་འཇོག་བཞིན  ངས་མི་མེད་ལུང་སྟོང་གི་འཇིག་རྟེན་འགྲིམས

ཆེས་རིང་བའི་ལམ་ཐག་ནི         
རང་གི་གམ་དུ་གནས་པའི་ཡུལ་ལུང་དེ་ཡིན་ཞིང   
ཕལ་བའི་དབྱངས་རྟ་ཞིག་གི་མཇུག་སྐྱོང་བར   
ཆེས་དཀའ་སྡུག་གི་སྦྱོང་བརྡར་བརྒྱུད་དགོས
                              
རྒྱང་བཞུད་པས  རང་ཉིད་ཀྱི་སྒོ་མོ་འཚོལ་ཕྱིར 
རྒྱུས་མེད་ཀྱི་སྒོ་གླེགས་རེ་རེ་བཞིན་རྡུང་དགོས

ཕྱི་ཡུལ་གྱི་རྒྱལ་ཁམས་འགྲིམ་པའི་མི་དེ   
ད་གཟོད་རང་སེམས་ཀྱི་དག་ཞིང་ལ་བསླེབ་ཐུབ
 
ངའི་འདྲེན་བྱེད་ཟུང་གིས  སྟོང་ཁམས་ཀྱི་འཇིག་རྟེན་ལ་རྒྱང་ལྟ་བྱས་རྗེས
མིག་ཟུང་བཙུམས་ཏེ  “ཁྱེད་རང་འདི་ན་འདུག” ཅེས་སྨྲས།                  
“ཀྱེ   ཁྱེད་ཉིད་གང་དུ་ཡོད” ཅེས་པའི་དྲི་བ་དང་འབོད་སྒྲ་ཆབ་ཅིག  
ཆུ་ཕྲན་སྟོང་གི་མིག་ཆུར་འདྲེས་ཤིང                              
“ང་འདི་རུ་ཡོད” ཅེས་པའི་དྲི་ལན་གྱིས་འཇིག་རྟེན་ཡོངས་རླབས་ཀྱིས་གཤེར།
 
          འོད།
འོད་སྣང   ང་ཡི་འོད་སྣང                                
འཇིག་རྟེན་འོད་ཀྱིས་ཁེངས                                    
མིག་ཟུང་འོད་དུ་གླན   སེམས་པ་འོད་ཀྱིས་མྱོས

སྙིང་ཉེ་བའི་མི་ཡ  ང་ཡི་མི་ཚེའི་དབུས་སུ                 
འོད་ཀྱིས་རྐང་བྲོ་འཁྲབས                                                  
སྙིང་ཉེ་བའི་མི་ཡ  འོད་ཀྱིས                   
ངའི་བརྩེ་ཚོར་གྱི་རྒྱུད་སྐུད་དཀྲོལ
                
ནམ་མཁས་སྒོ་ཆེན་བརྒྱངས  
རླུང་བུས་བྱང་ཐང་འགྲིམས 
དགོད་སྒྲས་ས་ཆེན་བརྒལ
འོད་ཀྱི་མཚོ་ངོགས་སུ  ཕྱེ་མ་ལེབ་ཀྱིས་རླུང་གཡོར་བསྒྲེངས
མེ་ཏོག་ཀུནྡ་དང་སྟག་གཟིག་མེ་ཏོག་གི་ཚོམ་བུ་ཚོམ་བུ 
འོད་ཀྱི་རླབས་རྩེ་ན་འཇོ་སྒག་གིས་རྩེན
                         
སྙིང་ཉེ་བའི་མི་ཡ  སྤྲིན་རུམ་ནས                          
འོད་ཀྱི་ཟེར་མ་འཐོར་ཏེ                
དངོས་གྲུབ་ཀྱི་ནོར་བུ་ཕངས་མེད་བསྙིལ
                         
ལྗང་ལོའི་ཚོགས་ཀྱིས་འཛུམ་ཆུང་དམུལ་དུས                              
སྙིང་ཉེ་བའི་མི་ཡ  དཔག་མེད་ཀྱི་དགའ་ཚོར་ཞིག་ཅི་ལ་མེད                                                 
ལྷ་ཡུལ་གྱི་གཏེར་ཆུ  མི་ཡུལ་ལ་འཇོ་དུས     
སྤྲོ་དགའི་རླབས་ཀྱིས་རྒྱལ་མཚམས་གཤག་ཡོང་།
     
          ལོ་ཟླ་ནམ་ཞིག
ཁྱེད་རང་ཐུག་འཕྲད་དེའི་ཕྱིར་དུ                                
ང་ཡི་ཉེ་སར་བཅར་བའི་ལོ་ཟླ་ནམ་ཞིག་ཡིན་པ               
ངས་ཚོར་དཀའ
  
ཁྱེད་ཀྱི་ཉིན་བྱེད་དང་སྐར་ཚོགས་ཀྱིས                                   
ཁྱེད་རང   ངའི་མིག་ཟུང་གི་མཐོང་དབྱིངས་ནས          
དུས་གཏན་ཏུ་བཤོལ་མ་མྱོང

ཉི་ཤར་གྱི་སྔ་ཕྱི་ལ   རྟག་ཏུ                          
ངས་ཁྱེད་ཀྱི་གོམ་འགྲོས་ཀྱི་རྡོག་སྒྲ་ཐོས
ཁྱེད་ཀྱི་སེམས་འཕྲིན   ང་ཡི་སྙིང་ཁོང་ཏུ་འཛུལ་ཏེ                 
ཤིན་ཏུ་གསང་བའི་ངང་ནས  ང་རང་འབོད་ཀྱིན་འདུག
                         
དེ་རིང  ང་ཡི་དྲན་པ་སྨག་ལ་འཁྱར་བའི་རྒྱུ་རྐྱེན་དེ་ངེས་ཤིང    
དགའ་མགུར་མྱོས་པའི་ཚོར་འདུ་རེ་རེ                     
འགུལ་ཤིག་ཤིག་ངང            
ངའི་དྲན་པའི་ཟབ་ས་ནས་རྒྱང་དུ་གྱེས་དོན་ཡང་རྟོགས་སོང

དེ་ནི  ངའི་ལུས་སེམས་ཀྱི་ངལ་དུབ་ཡོད་ཚད 
ཆེས་ཐ་མའི་སོ་མཚམས་སུ་སླེབས་པ་འདྲ                 
ང་ཡིས་དབུགས་ཀྱི་རྔུབ་ཐེངས་རེ་རེར
ཁྱེད་ཀྱི་ད་ལྟའི་མཛེས་སྡུག་གི་དྲི་ངད་བར་མེད་དུ་བསྣམས་འོངས།
                  
           དུས་མཇུག་གི་ཡོལ་བ།
རྟོགས་སོང  ཉི་མ་ཞིག་སླེབས་ངེས་པ་ངས་རྟོགས་སོང  
ངའི་མིག་མདུན་གྱི་ས་ཆེན་འདི་བོར་བརླག་ཐེབས་ཚེ                   
བླ་སྲོག་གིས  ང་ཡི་མིག་ཟུང་དུ་དུས་མཇུག་གི་ཡོལ་བ་འཐེན་ཏེ 
རང་གི་ལྷིང་འཇགས་ཁྱེར་ནས་བུད་འགྲོ་ཞིང                           
བར་སྣང་ནས  སྐར་མའི་ཚོགས་ལྟད་མོར་གཟིགས་འོངས

ནངས་མོ་ཞིག་སྔར་བཞིན་འཆར་དུས                                  
དུས་ཚོད་རེ་རེ  དགའ་སྐྱོ་ཟུང་གིས་སྐྱོམས་པའི་རླབས་རྒྱུན་ཇི་བཞིན 
ཤིན་ཏུ་ལྕི་ཨང

ཡུད་ཙམ་མའི་ཚེ་སྐབས་འདིའི་མཇུག་ལ་སེམས་ཚེ                                    
གློ་རྡེག་ངང   བཙན་རྫོང་གི་ལྕགས་རི་སིལ་བུར་འཐོར་ཞིང 
འཆི་ཁའི་འོད་ངོགས་སུ                                                            
ངས་ཁྱེད་ཀྱི                   
འཇིག་རྟེན་བག་མེད་ཀྱི་གཏེར་མཛོད་དེ་མཐོང་ཡོང
 
རླབས་ཆེ་བའི་མི་ནི  ནམ་ཡང་གྲལ་མཐའ་ན           
ངན་ངོན་གྱི་འཚོ་བ་དག་ཡིན་སོང
 
ང་ལ་ཐོབ་ཅིང་མ་ཐོབ་པ་ཀུན  བརྒྱུད་སྤྲོད་བགྱིས་དང           
མིག་ལ་མ་ཐོགས་པའི  རྡོག་འོག་གི་ཡོད་ཚད                
ང་ལ་དབང་བས་ཆོག

           ཞུམ་མེད་ཀྱི་སྤོབས་སེམས་དེ་གང་ན།            
མགོ་འཕང་མཐོ་རུ་བཏེགས་པའི                         
ཞུམ་མེད་ཀྱི་སྤོབས་སེམས་དེ་གང་ན             
སྐྱེས་སྟོབས་ཀྱི་དཔལ་ཡོན་འབར་བའི            
རང་དབང་གི་ཤེས་རིག་དེ་གང་དུ                  
ནང་འཁྲུག་གི་འཐབ་རའི་འཕྲང་ནས  རྡུལ་དུ་མ་བརླགས་པའི 
འཇིག་རྟེན་དེ་གང་ན                     
བདེན་པའི་གཏིང་རིམ་ནས་བརྡོལ་བའི   མྱི་སྐད་དག་གང་དུ 
དངོས་གྲུབ་ལ་ལག་པ་བསྲིངས་པའི   རྫོགས་མེད་ཀྱི་རྩོད་གླེང་དེ་གང་ན                                  
ཡི་མུག་པའི་སྲོལ་རྙིང་དེ  མྱ་ངམ་ཐང་གི་ལམ་ཕྲན་བརྟོལ་བའི 
གནས་ལུགས་ཀྱི་ཆུ་ཀླུང་དྭངས་མ་དེ་གང་ན
རང་དབང་གི་ཞིང་དུ་འཁྲིད་པའི
དཀྱེལ་ཡངས་ཀྱི་བསམ་བློ་དང་ལག་ལེན   ཁྱེད་ཀྱི་སེམས་པ་ཉིད་གང་ན                                 
ཡབ་ཆེན་ལགས   ངའི་དབེན་སིམ་སིམ་གྱི་ཡུལ་ལུང་འདི་གཉིད་ལས་དཀྲོགས་ཤིག

             བསྐལ་བའི་གཡང་།
འུ་ཐུག་གི་རེ་སྨོན་ཁྲོད  ང་ལམ་དུ་ཆས                      
ཁང་མིག་འདིའི་གྲུ་ག་རེ་རེར  ངས་ཁོ་མོ་འཚོལ་བཞིན་ཡོད
 
གུ་དོག་པའི་ཁང་ཆུང་འདིའི་ནང   གང་ཞིག་ཤོར་ཟིན་པ 
སླར་ཡང་ཐོབ་མི་སྲིད
                                                        
འོན་ཀྱང   ལྷ་དབང་ལགས                                          
ཁྱེད་ཀྱི་ཕོ་བྲང་ནི་མུ་མཐའ་བྲལ་བས                                         
ཁྱེད་ཀྱི་སྒོ་རྩ་རུ   ངས་ཁོ་མོ་འཚོལ་འོས
      
ས་སྲོད་ཀྱི་མཚམས་སྤྲིན་དམར་པོའི་གནམ་ཡོལ་འོག                                       
ང་འགྲེངས་ཤིང                                       
རེ་ཞགས་འཁོར་བའི་མིག་ཟུང   ཁྱེད་ཀྱི་བཞིན་ལ་བསྲིངས་ཡོད
                    
ང་བསླེབས་སའི་བསྐལ་བའི་མཐའ་རུ                                        
རེ་བ་སྲབ་ལ  བདེ་བའང་ཉུང                                            
མིག་ཆུ་ལས་འཕྲོས་པའི                       
ལྟར་སྣང་གི་ངོ་གདོང་དེའང་མི་སྣང

ཀྱེ་ཧུད  སྙིང་པོ་སྟོང་བའི                                            
ང་ཡི་མི་ཚེ་འདི  ཟབ་ཡངས་རྒྱ་མཚོའི་འཇིངས་སུ་བྱིང་རོགས
 
སྲིད་པའི་འཇིག་རྟེན་འདིར  སླར་ཡང་ཐེངས་གཅིག་ལ  
བོར་ཟིན་པའི་མཛེས་སྡུག་གི་ཐུག་འཕྲད་དེ 
ང་ཚོར་དུ་ཆུགས།
    
           སྙན་ངག་གི་དུས་རིམ།
ཕྱེ་མ་ལེབ་ཀྱིས  སྐད་ཅིག་མའི་ཡུན་ཙམ་ལས                   
ལོ་ཟླའི་བགྲང་བྱ་མི་རྩི་ལ                
དུས་ཚོད་ནི་འགྱུར་ལྡོག་གི་ཐོན་ཁུངས་ཤིག

དགོད་བྲོ་བའི་དུས་ཚོད་ཀྱི་ལད་ཟློས  
འཕོ་འགྱུར་ཁོ་ན་ལས་ཐོན་ཁུངས་ཅི་ཡང་མི་བསྐྲུན
     
དུས་ཚོད་ཀྱི་གྲུ་ཟུར་རེ་ནས   རང་ཉིད་ཀྱི་མི་ཚེ་ལ                   
ཟློས་གར་འཁྲབ་ཏུ་འཇུག་པ་ནི  ལོ་མའི་རྩེ་ཡི་ཟིལ་ཐིགས་འདྲ།

           སྙན་ངག་གི་དུངས་ཀ།
བརྩེ་བས   རང་ཉིད་ལ་གཟབ་མཆོར་སྤྲས་ཏེ                
ཕྱི་ཚུལ་གྱི་མཛེས་ཉམས་ལས   རང་སེམས་ཀྱི་དགའ་མགུའི་དཔང་རྟགས་འཚོལ
                          
བརྩེ་དུང་གིས   ཁེ་དབང་གང་ཡང་མི་གླེང་བར                 
རང་དབང་ཞིག་བསྩལ་འོངས
                                                         
བརྩེ་དུང་ནི   འགྲེལ་མི་ནུས་པའི་ཆོས་ཉིད་ཀྱི་གོ་རིམ་ལ  
དཔག་མི་ཚར་བའི་སྒྱུ་མའི་ཟློས་གར་ཞིག
                
བརྩེ་དུང་གི་ལག་རྟགས་ནི  ནམ་ཡང་སྤྲོད་མི་ཐུབ་པར   
འཁྲེང་ཞེན་དང་རེ་སྒུག་ཞིག་གོ།

            སྙན་ངག་གི་སྐྱེ་བུ།
མི་ནི  འཚང་ཁ་འཚུབ་པའི་འུར་ཟིང་གི་ཀློང་ལ་ཡན་ཚེ 
རང་གི་ལྷིང་འཇགས་ཀྱི་ཆོ་ངེ་ལྡབ་ལྡིབ་ཏུ་བྱིངས་འགྲོ

མིའི་ཚེ་སྲོག་གི་སྐྱེས་འཕེལ་ལ་ཉམས་པ་མེད་ཀྱང        
ཁོ་རང་ཚད་མེད་དུ་ཤི་ཡང་སྲིད
                                          
མི་ཚེ་ནི   གསར་གཏོད་ཀྱི་འདུ་ཤེས་ཤིག་སྟེ                   
འགྱུར་ལྡོག་ཁོ་ནའི་ཁྲོད                                 
ད་གཟོད་རང་ཉིད་རྙེད་ཐུབ
   
མིའི་རྟག་བརྟན་གྱི་བདེ་སྐྱིད་ནི  ཆོས་ཇི་སྙེད་ཅིག་ལས་ཐོབ་པ་མ་ཡིན་གྲང
རང་ཉིད་རང་ཉིད་ལས་རླབས་པོ་ཆེ་གང་དེ་སླད་དུ་བསྟིམས་ཤིང 
རང་ཉིད་ནི་རང་ཉིད་ཀྱི་ཚེ་སྲོག་ལས་ཆེས་རླབས་ཆེ་བའི་འདུ་ཤེས་དེ
མེས་རྒྱལ་དང་མིའི་རིགས                                                        
ད་དུང  དཀོན་མཆོག་གི་འདུ་ཤེས་ལ་སྟིམ་མིན་དེའོ།

             2012/9/20 ནས 10/12 དབར།
             
༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།