མེ་འབར་གྱི་སྙན་ཚོམ།

 

   དངོས་མིང་། ཚེ་རིང་། སྨྱུག་མིང་དུ་༼ མེ་འབར་རམ་དིང་སྨྱུག་གླིང་༽ 1988ལོའི་ཟླ་བ་5པའི་ཚེས་14ཉིན་བོད་ལྗོངས་ལ་སྟོད་དིང་རི་རྫོང་ཆུ་སྟེང་ཤང་ཡུལ་འོག་གྲོང་ཚོའི་སྤེལ་པ་ཚང་ཞེས་པའི་དབུལ་པོའི་ཁྱིམ་ཚང་དུ་སྐྱེས་ཤིང་སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལེགས་པར་འགྲིམས་ནས་ ད་ལོ་དབྱར་ཁ་སློབ་མཐར་ཕྱིན་ཏེ་ལྷ་ས་སོགས་གནས་ངེས་མེད་དུ་འཁྱམ་ཞིང་ཡོད།།
 
               ནོར་བུ་བརླགས་སོང་།
ངའི་ནོར་བུ
ངའི་ནོར་བུ་ཁྱོད་གང་ན་ཡོད་དམ
ངས་ཁྱོད་ཀྱི་ཁྱད་མཚར་གྱིས་ནུས་པར་རྟོགས་ཞིབ་ལེགས་པོ་ཞིག་བྱེད་རྒྱུ་མ་བྱུང
ངས་ཁྱོད་ཀྱི་གཟི་འོད་ལམ་ལམ་འཕྲོ་བའི་འོད་སྣང་ངོམ་ཟིན་པ་ཞིག་འཐུང་མ་ཐུབ
ཁྱོད་བདག་ལ་ཁྲོས་པ་ཡིན་ནམ
ཅི་ཕྱིར་ང་མྱ་ངམ་ཐང་དུ་དབྱུགས་སམ
ཁྱོད་བདེ་བའི་རོལ་ཁང་ཞིག་འཚོལ་ཕྱིར
དྲི་མ་དང་གད་སྙིག་གི་ཁེངས་པའི་མལ་ཁང་ན
བདེ་བ་དྲོད་ཁོལ་མེད་པས་སམ
བྱམས་པ་དང་བརྩེ་ཡིས་སྐྱོང་མཁན་མེད་པས
གང་གི་ཡིན་ནམ
ཕལ་ཕྱེར་ཁྱོད་ལའང
གྱང་ངོས་ཀྱི་རྩིགས་སྡེབས་དང
ལྷམ་སྒྲོམ་གྱི་ལྷམ་ཀོག          
གསང་སྤྱོད་ཀྱི་གཙང་ཤོག་ཚོས
ཁྱོད་ལ་སྙད་བཅོས་དང་སྡང་སེམས
ཁོང་ཁྲོ་བསླང་བ
རྩིགས་སྡེབས་དང་ལྷམ་ཀོག་གིས་སྐད་ཆར
ལྐོག་ཉན་ཐེངས་གཅིག་བྱས་པས་
ཁྱེད་ང་དང་གྱེས་པའང་རྟོགས་བྱུང
             ༢༠༡༢     ༧      ༡༠    ཉིན་བྲིས།

            གཤིན་རྗེ་འདི།
སྨུག་ལོང་གི་ནམ་མཁའ
ཐ་རྡུལ་གྱི་འཚུབ་པའི་ས་གཞི
འདམ་རྗོག་གི་རུལ་དྲི་ཁ་བའི་མཚེའུ
ཐམས་བཅད་མཛེས་པ་ནས་མོག་པོར་འགྲོ་བ་ཆོས་ཉིད་ཡིན་ནམ
ཡང་ན    ཀུན་མཆོག་གི་བཀོད་བསྒྲིགས་ཞིག་བྱས་པ་ཡིན
ངས་མི་ཤེས   གྲང་ངར་དང་རླུང་འཚུབ
ཁ་བ་དང་ཆར་ཆུ་བབས་པས
སྙིང་གི་ཕར་རྩ་འཇག་ལ་ཁད
ལུས་ཀྱི་གྲོད་ཁོལ་ཉམ་ལ་ཁད
ཨ་ཁ    དེ་རིང་གི་ཉིན་མོ་འདི
སུ་ཡིས་བཀོད་བསྒྲིགས་བྱས་པ་ཡིན་ནམ
ཡང་སྙིང་སུ་ཡིས་བཀོད་བསྒྲིགས་བཟོས་པ་ཡིན
ངས་ཁྱོད་ཉིད་འཚལ་ནས
ཐེར་བཙར་སྦར་བཙར་དུ་བཏང་ནས
བདེ་སྐྱིད་ཀྱི་ཉིན་མོ་འདི་རྙེད་ན་འདོད
 
              སློབ་མཐར་ཕྱིན་རྗེས།
ལས་དབང་གིས་ཐག་བཅད་དེ
འཛོམས་པའི་མཐའ་མ་བྲལ་བ་ཡིན་ནམ
སུ་ཡིས་ཀྱང་བཀོད་བསྒྲིག་མ་བྱས་པར
རང་རང་གི་འདམ་པ་ཡིན
གང་ལྟར་པི་ཙེ་གཅིག་ཏུ་ཆང་ཕོར་བྱེད་ཀྱིན
པི་ཙེ་གཅིག་ནས་སྦུ་ཆང་འཐུང་ཞིང
སྐབས་རེ་ང་ཚོ་གནམ་ལ་མཆོང
སྐབས་རེ་ས་ལ་འཛུལ་གྱིན
ལན་རེ་སྨུག་སྤྲིན་གྱིས་གསེབ་དུ་འཐམ་འཁྱུད་བྱེད་བཞིན
འགའ་རེ་སྔོ་ཐིང་ཐིང་གི་སྤང་ཐང་དུ་རྫི་གླུ་ལེན་ཞིང་ཡོད
ཡིན་ཀྱང་ཉིན་མོ་དེ་ནི་ཕར་ངོག་གི་རི་བོས་བག་ནས་མི་ཡོང
ཨེ་མ      ཉིན་མོ་འདི་རྫོགས་པ་ཡིན་ནམ
ཉིན་མོ་འདི་མཐོན་པོའི་སྤྲིན་གསེབ་དུ་འཛུལ་བ་ཡིན
ཅི་ཡིན་ནམ
ང་ཚོ་འདི་ལྟར་ཕྱོགས་བཞིར་བཏོར་དོན་ཅི་ཡིན
ང་ཚོས་ཚང་པའི་རྒྱལ་བོར་གནོད་པ་བསྐྱལ་བས་རེད
ཡང་ན་གང་གི་ཡིན་ནམ
ཨ་ཁ      ཉིན་མོ་འདི་ཅི་འདྲིའི་རིན་ཐང་ཆེ་བ་ལ
ཅི་འདྲིའི་རིན་ཐང་ཆེ་བ་ལ་ཨང
 
           འབྲོང་།
ས་གཞི་ཁ་བས་གཡོགས་ཤིང
བྱམས་སེམས་དང་རྙིང་རྗེས་དབུལ་བའི་ནམ་མཁའ་འདིས
ད་དུང་ཡང་      བར་མེད་ཀྱི་ཁ་བ་དབྱུགས་ཀྱིན
ཆད་མེད་ཀྱི་དྲང་རླུང་ཤུགས་ཀྱི་ལྡང་བས
ང་རང་གདུང་བས་མནར་བྱུང
ཡིན་ནའང        ཁྱེད་ཉིད་དྲང་ངར་གྱིས་མདུན་དུ
གང་ཡང་མི་སྙམ་ཞིང
སུ་ལའང་ཁག་དཀྲི་མི་བྱེད་པར
མདུན་ནས་དུ་བསྐྱོད་ཅིང
བདེ་སྐྱིད་ཀྱི་ཞིང་ས་འཚོལ་ཞིང
རང་གི་ཕུགས་འདུན་སྙེག་གྱིན
དྲང་ངར་དང་ན་ཟུག་གི་ལམ་དུ་བསྐྱོད་ཅིང་འདུག
 
              ཞིང་གྲོང་གི་འཚོ་བ།
རྔུལ་ཆུ་ཁྲོམ་ཁྲོམ་དུ
ས་རྡུལ་ཉིལ་ཉིལ་དུ
ཐོང་གཤོལ་ལ་འཐམས་ཞིང
རྣང་མར་འཁྱུད་ནས
འབྲུ་རྐང་གཅིག   འབྲུ་རྐང་གཉིས
སྒོར་ཟུར་གཅིག་རེ    གཉིས་རེ་བྱས་ཏེ
བསགས་པའི་སྒོར་མོ
ལོ་གཅིག་གི་འབྲས་བུ
ལོ་གཅིག་གི་མི་ཚེ་འགོ་ཚུགས་པའི་ཉིན་མོར
ཐམས་བཅད་བློས་བཏངས་ཏེ
ཉོ་བསྒྲུབས་བྱས་ཀྱང
གྱོན་གོས་ལེགས་པོ་རེའང་རེག་པར་དཀའ
ཉིན་མཚན་རོལ་རྩེད་དང་ལྦུ་ཆང་མཉམ་དུ་འཚོ་ཞིང
གང་ཡང་མི་ནུས་ཀྱང
ལེགས་པའི་གོས   ཞིམ་པའི་ཟས
ད་དུང   གང་འདོད་ཐམས་བཅད་བསྒྲུབ་པ་ནི
གང་ཡང་མི་ནུས་ཤིང
ཅི་ཡང་མི་ཤེས་པའི་དཔོན་ངན་ཀླད་མེད་དེ་ཚོ་རེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འབར་གྱི་སྙན་ཚོམ།

2012-08-07 མེ་འབར།༼ལ་སྟོད༽ ཀློག་གྲངས། མཆན ཡོད།

 

   དངོས་མིང་། ཚེ་རིང་། སྨྱུག་མིང་དུ་༼ མེ་འབར་རམ་དིང་སྨྱུག་གླིང་༽ 1988ལོའི་ཟླ་བ་5པའི་ཚེས་14ཉིན་བོད་ལྗོངས་ལ་སྟོད་དིང་རི་རྫོང་ཆུ་སྟེང་ཤང་ཡུལ་འོག་གྲོང་ཚོའི་སྤེལ་པ་ཚང་ཞེས་པའི་དབུལ་པོའི་ཁྱིམ་ཚང་དུ་སྐྱེས་ཤིང་སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལེགས་པར་འགྲིམས་ནས་ ད་ལོ་དབྱར་ཁ་སློབ་མཐར་ཕྱིན་ཏེ་ལྷ་ས་སོགས་གནས་ངེས་མེད་དུ་འཁྱམ་ཞིང་ཡོད།།
 
               ནོར་བུ་བརླགས་སོང་།
ངའི་ནོར་བུ
ངའི་ནོར་བུ་ཁྱོད་གང་ན་ཡོད་དམ
ངས་ཁྱོད་ཀྱི་ཁྱད་མཚར་གྱིས་ནུས་པར་རྟོགས་ཞིབ་ལེགས་པོ་ཞིག་བྱེད་རྒྱུ་མ་བྱུང
ངས་ཁྱོད་ཀྱི་གཟི་འོད་ལམ་ལམ་འཕྲོ་བའི་འོད་སྣང་ངོམ་ཟིན་པ་ཞིག་འཐུང་མ་ཐུབ
ཁྱོད་བདག་ལ་ཁྲོས་པ་ཡིན་ནམ
ཅི་ཕྱིར་ང་མྱ་ངམ་ཐང་དུ་དབྱུགས་སམ
ཁྱོད་བདེ་བའི་རོལ་ཁང་ཞིག་འཚོལ་ཕྱིར
དྲི་མ་དང་གད་སྙིག་གི་ཁེངས་པའི་མལ་ཁང་ན
བདེ་བ་དྲོད་ཁོལ་མེད་པས་སམ
བྱམས་པ་དང་བརྩེ་ཡིས་སྐྱོང་མཁན་མེད་པས
གང་གི་ཡིན་ནམ
ཕལ་ཕྱེར་ཁྱོད་ལའང
གྱང་ངོས་ཀྱི་རྩིགས་སྡེབས་དང
ལྷམ་སྒྲོམ་གྱི་ལྷམ་ཀོག          
གསང་སྤྱོད་ཀྱི་གཙང་ཤོག་ཚོས
ཁྱོད་ལ་སྙད་བཅོས་དང་སྡང་སེམས
ཁོང་ཁྲོ་བསླང་བ
རྩིགས་སྡེབས་དང་ལྷམ་ཀོག་གིས་སྐད་ཆར
ལྐོག་ཉན་ཐེངས་གཅིག་བྱས་པས་
ཁྱེད་ང་དང་གྱེས་པའང་རྟོགས་བྱུང
             ༢༠༡༢     ༧      ༡༠    ཉིན་བྲིས།

            གཤིན་རྗེ་འདི།
སྨུག་ལོང་གི་ནམ་མཁའ
ཐ་རྡུལ་གྱི་འཚུབ་པའི་ས་གཞི
འདམ་རྗོག་གི་རུལ་དྲི་ཁ་བའི་མཚེའུ
ཐམས་བཅད་མཛེས་པ་ནས་མོག་པོར་འགྲོ་བ་ཆོས་ཉིད་ཡིན་ནམ
ཡང་ན    ཀུན་མཆོག་གི་བཀོད་བསྒྲིགས་ཞིག་བྱས་པ་ཡིན
ངས་མི་ཤེས   གྲང་ངར་དང་རླུང་འཚུབ
ཁ་བ་དང་ཆར་ཆུ་བབས་པས
སྙིང་གི་ཕར་རྩ་འཇག་ལ་ཁད
ལུས་ཀྱི་གྲོད་ཁོལ་ཉམ་ལ་ཁད
ཨ་ཁ    དེ་རིང་གི་ཉིན་མོ་འདི
སུ་ཡིས་བཀོད་བསྒྲིགས་བྱས་པ་ཡིན་ནམ
ཡང་སྙིང་སུ་ཡིས་བཀོད་བསྒྲིགས་བཟོས་པ་ཡིན
ངས་ཁྱོད་ཉིད་འཚལ་ནས
ཐེར་བཙར་སྦར་བཙར་དུ་བཏང་ནས
བདེ་སྐྱིད་ཀྱི་ཉིན་མོ་འདི་རྙེད་ན་འདོད
 
              སློབ་མཐར་ཕྱིན་རྗེས།
ལས་དབང་གིས་ཐག་བཅད་དེ
འཛོམས་པའི་མཐའ་མ་བྲལ་བ་ཡིན་ནམ
སུ་ཡིས་ཀྱང་བཀོད་བསྒྲིག་མ་བྱས་པར
རང་རང་གི་འདམ་པ་ཡིན
གང་ལྟར་པི་ཙེ་གཅིག་ཏུ་ཆང་ཕོར་བྱེད་ཀྱིན
པི་ཙེ་གཅིག་ནས་སྦུ་ཆང་འཐུང་ཞིང
སྐབས་རེ་ང་ཚོ་གནམ་ལ་མཆོང
སྐབས་རེ་ས་ལ་འཛུལ་གྱིན
ལན་རེ་སྨུག་སྤྲིན་གྱིས་གསེབ་དུ་འཐམ་འཁྱུད་བྱེད་བཞིན
འགའ་རེ་སྔོ་ཐིང་ཐིང་གི་སྤང་ཐང་དུ་རྫི་གླུ་ལེན་ཞིང་ཡོད
ཡིན་ཀྱང་ཉིན་མོ་དེ་ནི་ཕར་ངོག་གི་རི་བོས་བག་ནས་མི་ཡོང
ཨེ་མ      ཉིན་མོ་འདི་རྫོགས་པ་ཡིན་ནམ
ཉིན་མོ་འདི་མཐོན་པོའི་སྤྲིན་གསེབ་དུ་འཛུལ་བ་ཡིན
ཅི་ཡིན་ནམ
ང་ཚོ་འདི་ལྟར་ཕྱོགས་བཞིར་བཏོར་དོན་ཅི་ཡིན
ང་ཚོས་ཚང་པའི་རྒྱལ་བོར་གནོད་པ་བསྐྱལ་བས་རེད
ཡང་ན་གང་གི་ཡིན་ནམ
ཨ་ཁ      ཉིན་མོ་འདི་ཅི་འདྲིའི་རིན་ཐང་ཆེ་བ་ལ
ཅི་འདྲིའི་རིན་ཐང་ཆེ་བ་ལ་ཨང
 
           འབྲོང་།
ས་གཞི་ཁ་བས་གཡོགས་ཤིང
བྱམས་སེམས་དང་རྙིང་རྗེས་དབུལ་བའི་ནམ་མཁའ་འདིས
ད་དུང་ཡང་      བར་མེད་ཀྱི་ཁ་བ་དབྱུགས་ཀྱིན
ཆད་མེད་ཀྱི་དྲང་རླུང་ཤུགས་ཀྱི་ལྡང་བས
ང་རང་གདུང་བས་མནར་བྱུང
ཡིན་ནའང        ཁྱེད་ཉིད་དྲང་ངར་གྱིས་མདུན་དུ
གང་ཡང་མི་སྙམ་ཞིང
སུ་ལའང་ཁག་དཀྲི་མི་བྱེད་པར
མདུན་ནས་དུ་བསྐྱོད་ཅིང
བདེ་སྐྱིད་ཀྱི་ཞིང་ས་འཚོལ་ཞིང
རང་གི་ཕུགས་འདུན་སྙེག་གྱིན
དྲང་ངར་དང་ན་ཟུག་གི་ལམ་དུ་བསྐྱོད་ཅིང་འདུག
 
              ཞིང་གྲོང་གི་འཚོ་བ།
རྔུལ་ཆུ་ཁྲོམ་ཁྲོམ་དུ
ས་རྡུལ་ཉིལ་ཉིལ་དུ
ཐོང་གཤོལ་ལ་འཐམས་ཞིང
རྣང་མར་འཁྱུད་ནས
འབྲུ་རྐང་གཅིག   འབྲུ་རྐང་གཉིས
སྒོར་ཟུར་གཅིག་རེ    གཉིས་རེ་བྱས་ཏེ
བསགས་པའི་སྒོར་མོ
ལོ་གཅིག་གི་འབྲས་བུ
ལོ་གཅིག་གི་མི་ཚེ་འགོ་ཚུགས་པའི་ཉིན་མོར
ཐམས་བཅད་བློས་བཏངས་ཏེ
ཉོ་བསྒྲུབས་བྱས་ཀྱང
གྱོན་གོས་ལེགས་པོ་རེའང་རེག་པར་དཀའ
ཉིན་མཚན་རོལ་རྩེད་དང་ལྦུ་ཆང་མཉམ་དུ་འཚོ་ཞིང
གང་ཡང་མི་ནུས་ཀྱང
ལེགས་པའི་གོས   ཞིམ་པའི་ཟས
ད་དུང   གང་འདོད་ཐམས་བཅད་བསྒྲུབ་པ་ནི
གང་ཡང་མི་ནུས་ཤིང
ཅི་ཡང་མི་ཤེས་པའི་དཔོན་ངན་ཀླད་མེད་དེ་ཚོ་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།