མི་རྐང་གླིང་བུའི་སྙན་ངག་བཅུ་དྲུག

           ཐོག་ཁང་སོ་མའི་མདུན་གྱི་རྨི་ལམ།
                                                                          
ཉི་འོད་ཡོད་པས་ད་གཟོད་ངའི་ལག་པ་གྲང་འདར་བརྒྱབ
སྲང་ལམ་གྱི་མི་ཚོགས་དེས་ང་ལ་འཛེ་ནད་བསྒོས
ཐོག་ཁང་དུ་གཞའ་བའི་མི་དེས་རང་གི་མཛུབ་མོ་བཀུག་ནས
ཁ་གཏད་ཡོད་པའི་མེ་ལོང་ངོས་ཀྱི་ངོ་གདོང་འགྱུར་ཐེངས་རྩིས་རྒྱག་བྱས་མ་མྱོང
 
 མ་རྩ་རིང་ལུགས་སྤྱི་ཚོགས་སུ་མི་ཚོ་དུར་ས་དང་རིང་དུ་གྱེས
གྲོང་གསེབ་ཀྱི་སྤྱོད་ཁང་ནང་ནས་འབུ་སྦྲང་ཚོགས་མངོན་ཡོང
ཀེར་རེར་ལངས་པའི་ཐོག་ཁང་དེའི་མིག་དབང
སྦྲའི་ཁ་ཚབ་ལས་ལྷུང་བའི་སྐར་མདའ་དེའི་རིང་ལ་ཡལ
 
ཁ་སང་ནི་ཤི་ཡང་དུར་ས་མེད་པའི་བྲག་ཐེམ་སྟེང་དུ་གནས་འཆའ་བའི
ས་རྡུལ་གྱིས་ཁེངས་པའི་བར་སྣང་ན་རྒོད་པོ་གཉིས
དཀའ་སྡུག་ཆེན་པོས་དལ་བུར་བསྐྱོད
གསོམ་སྡོང་དག་ལ་མེ་ནང་ནས་གཞས་གཏོང་དུ་བཅུག
རྒྱ་མཚོའི་དབུགས་རྔུབ་གཅིག་གིས་ཚ་དྲོད་ཀྱི་མུན་པ་ཡོངས་སུ་གཏུབ
 
མཛེས་སྡུག་ལྡན་པའི་ཁོ་མོའི་ལག་པ་དེས་དྲ་ཡོལ་འཐེན་ཡོད་དམ
ཁང་བའི་ནང་དུ་ལྡིང་བའི་རོལ་དབྱངས་ལ་སྙན་ཆ་ཙམ་ཡང་མི་འདུག
ཁ་གཏད་ཀྱི་མི་དེས་ཇ་འཐུང་ཞོར་གླུ་ལེན
མུན་པ་འཐིབས་པའི་མི་ཡུལ་ལྷ་ཚོགས་ཀྱི་སྤྱོད་ཁང་ཡིན་པར
མདུན་སྒྲོམ་སྟེང་དུ་མེ་ཏོག་གི་དྲི་བསུང་འཐུལ
 
ཧྥ་རན་སིའི་ལོ་ཆང་ཁམ་པ་ལྟ་བུའི་མྱོང་མི་ཚར་བའི་དུས་ཚོད་ནང
དུ་བ་འཐེན་པའི་མི་དེས་རང་གི་མཛུབ་མོ་ཇི་ལྟར་བསྲེགས་སོང་ཟེར
སྒེའུ་ཁུང་གི་སྲུབས་ཀ་རེ་རེ་ནས་བསམ་གཞིག་གི་ས་རྡུལ་ཁུར་འོང
ཤོག་བུའི་གྲུ་ཆུང་ཞིག་རྒྱ་མཚོའི་ཕ་རོལ་ཏུ་བཏང
མཚན་མོའི་མུན་ནག་ཁྲོད་ཀྱི་སྡོད་ཤག་རྨི་ལམ་གྱི་ཕུག་ལམ་ཉིད་དུ་བསྐྲུན
                                         ༢༠༡༢   ༡༡  ༩
  
           གངས་ཀྱི་སྒེའུ་ཁུང་དང་སྟོང་བ་ཉིད་ཀྱི་བསྟན་བཅོས།
 
མཛུབ་རྩེ་ནས་ཡར་འཕགས་པའི་སྦྲུལ་གདུག་གི་བཙོག་འབུ
དཀོན་མཆོག་གི་ཤངས་ཁུང་དང་མིད་པ་ཐོན་པའི་གསུང་གི་ངོ་བོ
 
ཀུན་སྤྱོད་ཚད་མེད་ཀྱི་ནད་ཁྲིར་ཞུགས་པའི་བགྲེས་སོང་དང་ན་གཞོན
ཁའི་སྦུགས་ནས་བབས་པའི་རླངས་དུག་གི་གཤེར་ཁུ་ཚ་བོ
སྐད་ཆའི་འཇམ་རྩུབ་དང་ཀླད་པའི་ནང་གི་གྲུབ་ཆ་ཁ་ཤས
མུན་ནག་ལ་ལག་འཇུ་ཐེངས་མང་བྱས་པའི་ཚོན་ཁྲ་ཅ་ནེ་གང
 
གོས་ཧྲུལ་མ་ཕུད་པར་རང་ཉིད་ཤི་བའི་སྔ་གཞུག
བླང་དོར་གྱི་མཇུག་ལྡོག་ལ་གུས་བཀུར་བྱས་པའི་རྣམ་ཤེས་མིག་མེད
མུན་པའི་ལྷ་ཚོགས་ལ་བཏབ་པའི་ཉི་ཐིགས་ཀྱི་སྒྲིག་ཁྲིམས་འགལ
 
མུན་པ་འཐུང་ཞིང་ཕྱིར་སྤྱུགས་པའི་གོ་རིམ་སྣུམ་པོ
ལོ་རྒྱུས་ཀྱི་བསྟན་བཅོས་ཁྲོད་ཀྱི་སྒལ་ཚིགས་ཀྱི་གསོན་དཔེ
མགར་བའི་ངལ་དུབ་ཀྱི་རྔུལ་ཆུ་མ་དཀྲོགས་པའི
སྐེ་རྩ་འབྲེག་བྱེད་ཀྱི་ཞིང་བའི་ཟོ་ར
བུད་མེད་གནམ་གྱི་ཕྱེད་ཀ་རུ་བརྩི་བའི་སྙན་འགྱུར་རོལ་དབྱངས
 
གངས་ཀྱི་སྒེའུ་ཁུང་འདིའི་ཕྱི་ནང་མུན་པའི་དྲི་ཆུས་ཁོལ
སྲང་ལམ་ན་སྟོང་བ་ཉིད་ཀྱི་བསྟན་བཅོས་ཁོ་ན་གཙུག་ཏུ་བཀུར
                        ༢༠༡༢  ༡༡  ༡༤
 
             རྨི་ལམ་དུ་འཐེན་པའི་སྒོ་དང་ལག་པའི་མཐིལ་གྱི་ན་བུན།
 
ལོ་ཟླ་འབྲོང་གི་རྭ་རྩེ་རུ་འཐེན་པའི་ཉི་མའི་འོད་ལྕེ
མུན་པའི་སྐྲའི་ལན་བུ་འཚོ་བའི་གཞས་གདངས་ལ་འཁོར་བའི་རྐང་བ་དང་ལག་པ
ཡུད་ཙམ་གྱིས་ཁེགས་པར་འགྲོ་བའི་གཟུགས་མེད་ཀྱི་དྲ་རྒྱ་དང་དེའི་མགོ་ཐོག་གི་མྱིག
ཉི་འོད་དང་གཤོག་པ་སོགས་ཀྱང་བཅད་ཟིན་པའི་སྤྲིན་གྱི་སྒྲིབ་ལུགས
རྩ་ལག་དང་ཉིང་ལག་བྱོས་ནས་གྲུབ་པའི་ལུས་པོ
མདོག་མི་གཅིག་པའི་ཁ་དོག་གཉིས་ཀྱིས་རྭ་རྩེ་བརྡར
སྡེ་འདབས་ཀྱི་ཞིང་ཁ་ནས་ལྡང་འོང་བའི་དྲི་ངད་ཁྲག་གི་ས་བུན་གྱི་རུས་རྐང
ཐོབ་ཐང་དང་རུས་ཡིག་མི་གཙོ་བའི་སྙམ་པ
བྲང་གི་ཟེ་བ་དང་དེའི་རྡོ་ཐོག་གི་ཕ་བོང
གཏན་ཚིགས་ཀྱི་ངོས་སུ་འབྱར་བའི་འབུ་སྦྲང་འདི་རང་གི་གྲིབ་མར་གྱུར་བས
སྐད་ཅིག་གི་ཡུན་ཙམ་ལའང་སྦྲ་སྒོར་བུད་དེ
མེ་ཏོག་གི་སྨ་ར་སྐྱེས་ཟིན་པའི་ཟླ་བར་གསེར་གྱི་རྣ་ལོང་བཏགས
                    ༢༠༡༢  ༩  ༡༢ རྭ་རྒྱ་ནས།
                 
བརྙན་བཅོས་ཐེབས་པའི་སྨད་འཚོང་མ།
 
བར་སྣང་གི་སྡིངས་ཆ་ཆང་དམ་དག་གི་སྙིགས་རོ་སྤུངས་སའི་སྒམ་ཆུང་དེའོ
“གཤགས་བཅོས་སྟེགས་བུའི་ཐོག་སྦྲིད་སྨན་བརྒྱབས་ཏེ་བཞག་པའི་ནད་པ”
གློག་ཞུ་དམར་བོ་དེའི་ཡོལ་བ་འཐེན་རྗེས་མི་ཞིག་ཨར་ཁང་ལ་ཆས
རོལ་དབྱངས་དང་འགྲོགས་པའི་འཁྱུག་འགྲོས་དེས
ད་གཟོད་མིའི་རྐང་སྣམ་བརླན་དུ་བཅུག
རྡོག་སྣེ་མི་མཐོང་བའི་དུས་ཚོད་ནང་མུད་པ་གློ་བུར་བསྒེགས
རྐང་སྣམ་གྱི་ཁ་ཐིག་ལྷོད་སོང་བ་ལྟ་བུའི་འདྲེས་ཚོར་ཞི་རྗེས
མོ་མཚན་ཁ་རུ་ཞབས་བྲོ་རྒྱག་མཁན་ལ་རྫོགས་མཐའ་བྲལ་ཞིང
མགོ་ཡི་སྐྲ་ལོ་བྱིལ་བྱིལ་གཏོང་བའི་མིག་ནག་པོ་དེས
ཆེས་ཞི་འཇམ་དང་ཆེས་ལྷོད་ཡངས་ཀྱི་ངང་ནས
ཁ་ལྕེ་དམར་བོ་འདི་ཟེར་ཞོར་སྒོ་ཟྭ་ཞིག་ཐག་སེ་བརྒྱབས་རྗེས
སྔར་ལྟར་ཆང་འཐུང་དང་གླུ་ལེན་དུ་འགྱུར་བའི་གོ་རིམ་ཁྲོད་འཚང་ཁ་རྒྱག
                                    ༢༠༡༢   ༡༠  ༣༠
 
              མིག་ལོང་བའི་འབྲོག་ཐང་།
 
ཧི་མ་ལའི་རི་རྒྱབ་ནས་ཐོན་པའི་གླེགས་བམ
སྙེ་འབྲུ་བཏུས་ཚར་བའི་ཞིང་ཤུལ་གྱི་རྒུམ་བུ་འཐུ་མཁན་ཚོའི
ཁ་ནང་དུ་བཟུང་ནས་འཕུར་ཞིང
སྨུག་པས་གནོན་པའི་རི་བོ་འདིའི་རྩྭ་གསེབ་ལ་འཐུལ་བཅུག
ལོ་ན་ཆེར་སོན་པའི་རྒན་པོ་དག་གིས་གླུ་དབྱངས་འོས་ལེན་བྱས་ནས
གླེགས་བམ་དེ་རང་གི་ལག་པ་དང་ཡན་ལག་འབའ་ཞིག་ཏུ་ངོས་འཛིན་བྱེད
 
ཁྱོད་ཚོས་ཨེ་ཤེས
རང་གི་དབང་བོའིོ་སྒོ་རྩར་སྐྱེས་པའི་མེ་ཏོག་གི་གཟི་རླབས་ལ
དུ་བའི་ཚིག་རོ་དང་བྱ་རྒོད་ཀྱིས་ཟ་མ་འདོད་པའི
རྒྱ་མཚོའི་དུར་ཐང་གི་ཤ་རུལ་འཁོར་བ་ཨེ་ཤེས
རང་ལུས་སུ་ཞིག་གི་ཁ་ནང་ན་བཙིར་བའི
དྲ་བའི་ཞགས་པ་སྤྱད་པའི་བསྡམས་པའི་བྱེའུ་གཉིས་ཀྱི
འདར་སིག་ཡིན་པ་ཨེ་ཤེས
 
རྐུབ་སྟེགས་ཀྱི་སུག་རུས་ཆག་པའི་དུས་རབས་འདི་གའི་ནང
སྦྲང་མའི་ཤ་འོད་ཁུར་བའི་ལྐོག་གསོད་པ་ཇེ་མང་ཕྱིན་འདུག
དྲང་ཐིག་གཅིག་གིས་བརླན་པའི་བསམ་པའི་ཆིག་ལབ་ཀྱི་ལྷན་གོས
བཟོ་བོ་བིཤྭ་ཀརྨ་ཉིད་འདྲ་བས་རྡོག་སྣེ་རེ་རེར་འཚེམ་བཟོ་བྱས
 
གླེགས་བམ་གྱི་སྐྲ་གསེབ་ལས་འཛར་འོང་བའི
དྲ་མའི་སྟེང་གི་ཆུ་ཟིལ་གྱི་ཞེ་སྡང
དཀར་གཙང་གཙང་གི་མཛུབ་མོས་དེད་པའི་སྐྱ་མདའི་རལ་བ
ཕྱིར་སྤྱུགས་རོ་བྱས
བདག་ཚོའི་ལག་པའི་ནང་གི་ཅ་ནེ་སིང་དི་རི་རི་རྡོ་ཐོག་ལ་ལྷུང་དུ་བཅུག
དུ་བ་མཆེད་པའི་ལུང་གོག་ལ་བཙའ་ཆགས་ཟིན
མཚན་མོའི་མུན་པ་ནི་ལྟོ་བ་མ་འགྲང་བའི་དུས་ཀྱི་ཁ་ཟས
                            ༢༠༡༢   ༡༢   ༡༣
 
              མེ་ལྕེ་འབར་བའི་གཞོན་ནུ།
                           
     ______སྙན་ངག་པ་དོན་གྲུབ་རྒྱལ་ལ་ཕུལ།
 
རྣམ་ཤེས་གསར་བ་འབོད་པའི་མེ་ཏོག་གི་ནང་དུ་ཟེའུ་འབྲུ་འབུས
འབྲུག་གི་ངར་སྐད་ཀྱིས་མཐོ་སྒང་ལ་ངར་བསླངས
ཉི་ཟླའི་རྭ་བར་ན་ཁོལ་བའི་འབྲོང་གི་ལོ་རྒྱུས་ཡང་བསྐྱར་མགར་ལས་བྱས
ཉམས་ཆག་ཐེབས་བྱེད་ཀྱི་ལྷ་དང་ལྷ་མོའི་ཚོགས
རང་གི་ལག་པས་ནམ་མཁའ་ནས་མར་ས་ལ་དྲུད
ཁང་ཐོག་གི་དུ་བའི་རྨི་ལམ་ལྗང་ཁུ་གསོན་ཉམས་ལྡན
སྙུ་གུ་ལག་རྟེན་ལ་བགྱིས་པའི་མི་དེས
ང་རྒྱལ་གྱི་མགོ་བོ་མཐོ་དགོས་ཞེས་བསྒྲགས་གཏམ་སྤེལ
 
གུ་དོག་པའི་སྲང་ལམ་འདིའི་བར་སྟོང
རླུང་གིས་དེད་པའི་ས་རྡུལ་གྱིས་ཡོངས་སུ་བཀང
སྨིན་ཐག་ཆོད་པའི་ལོ་མའི་གཞུང་ཤིང་གཅིག་དཀའ་ངལ་བཅས་འགུལ
མུད་པ་གཤགས་ནས་ཐོན་པའི་རྦབ་ཆུ་འབྲོག་ཐང་དུ་རྒྱུག
མགོ་བོ་རྨོངས་པའི་མི་རབས་མང་བོ་གཡང་སའི་མཐིལ་དུ་བརྫངས
ཁྱོད་ཀྱི་ཁྲག་དྲོན་འདིས་ད་གཟོད་ཉིན་མོའི་རྨི་ལམ་རྙེད་དུ་བཅུག
                            ༢༠༡༢   ༡༡   ༡༦ དགོང་དྲོར།
 
ཁང་སྟོང་།
 
ཚགས་དམ་པའི་ཅ་ལག་ཚོགས་ཀྱི་ཁ་དོག
ཞིག་རུལ་དུ་གྱུར་ཞིང  མར་ས་དང་རྡོ་ཡི་གསེབ་ཏུ་སིམ
ཁྲག་དམར་འཛག་པའི་རྣམ་ཤེས་བྱི་ལ་དེའི་རྐང་འོག་ཏུ་ཤོར་ནས
རུས་པ་དང་ཤ་ལྕི་ཁོ་ན་མི་གྲུབ་བྱེད་ཀྱི་ཡིག་ཚགས་སུ་བསྡམས
 
ཕྱི་རོལ་ཀྱི་རྒྱ་མཚོའི་ཡུལ་གྱར་ལས་འཕོས་པའི་སྒེའུ་ཁུང་དང
དཔྱིད་དཔལ་བསྐྱར་དུ་བཞད་པའི་དབྱངས་ཀྱི་ཕྲ་ཕུང་དག
རེ་རེ་ནས
གོ་ལ་གཞན་ཞིག་གི་རྒྱབ་ཕྱོགས་སུ་ཤར་བའི་དངོས་པོ་དག་ཡིན་ཚེ
ཟམ་མ་ཆད་པར་ནམ་མཁའ་སྒྲིབ་བྱེད་ཀྱི་བསྟན་བཅོས་ནག་པོ་དེ
སྒེའུ་ཁུང་གི་ཚ་དྲོད་ལས་སྐྱེས་པའི་མེ་ཏོག་གི་དགྲ་ཟླར་གྱུར་ཞིིང
ལང་ཚོ་རྒྱས་བྱེད་ཀྱི་སྒྲ་དང་ཁ་དོག་སྣ་ཚོགས
ཁང་བའི་ནང་གི་སྟོང་ཆ་ཁོ་ན་དེའོ
                   ༢༠༡༣   ༢  ༣  མཚན་མོར།
 
           བསྟུན་ཐུབ། ང་ཡི་ཁོར་ཡུག
                                                  
ཉི་ཟླའི་ལྕེ་ཐོག་གི་ནག་ཐིག                                       
མུན་ནག་གི་བརླན་གཤེར་དང་ཕྱོགས་གཅིག་ལ་འཐེན་པའི་ལུས་ཀྱི་ཕྲ་ཕུང

ཕྲ་ཕུང་ནས་གཞོབ་དྲི་འཐུལ་བའི་ས་རྡུལ་གྱི་འགུལ་ཉམས

རྙིང་ཧྲུལ་དུ་གྱུར་བའི་ཤོག་ལྷེའི་རྐང་བརྡབས་ལག་དབྱུག
རྒྱ་མཚོའི་དུ་བ་རལ་བོ་མཛུབ་མོའི་རྩ་ལམ་དུ་ཆས

ཉི་མའི་ཆུ་ཐིགས་ཀྱི་ལག་རྗེས་མུན་པའི་འོབས་སུ་གས
 
མེ་ལྕེའི་རི་རབ་བརྒལ་བའི་རྦབ་ཆུ་རྩ་ལམ་དུ་བཞུར་བའི་ཁྲག་གི་གླུ

ཉི་མའི་གསེར་སྐུད་རང་གི་སྐྲ་གསེབ་ལ་ལྷུང་བའི་ཤེས་རབ་ཀྱི་ཆུ་ཟིལ
གཡས་གཡོན་མེད་པའི་ལམ་གྱི་ཤངས་ཁུང་ལ་ཆགས་སྲེད་ཀྱི་ས་རྡུལ་འཁོར་ནའང
གངས་ཀྱི་ལྕེ་ཐོག་ནས་སྲ་བར་གྱུར་བའི་ཐ་སྙད་ཀྱི་འབུ་སྦྲང
ཕྱོགས་སོ་སོའི་ཁ་དོག་མངོན་སྟངས་ལ་ཚེར་མའི་དྲི་ཆུ་བྱུགས

མུན་པ་རུམ་ནས་མགོ་བོ་ཤི་སྔས་ལ་འཇོག་པ་ང་ཡི་མེས་པོ

གཞན་གྱི་སྐྱེ་སྒོ་བཅད་ནས་སྐད་ཆ་བཤད་པ་ང་ཡི་ཁོར་ཡུག་ཡིན་སོང
                              ༢༠༡༢   ༡༠   ༡༠ལ་རྭ་རྒྱ་ནས།
 
           ཕྱི་དྲོ།
 
བརྙན་ཡོལ་ངོས་སུ་མེ་ཏོག་གི་ཚམ་ཚོམ་མེད་པའི་སྐད་ཆ་བཞུར
མུ་འབྲེལ་བའི་བརྙན་ཟློས་རྫ་བུམ་དུ་བཏབ་སྟེ
ཉི་མའི་ཤ་འོད་ལ་གཤེགས་བཅོས་བརྒྱབ་པའི
སྨྱོས་ཟིན་པའི་མཛུབ་གུའི་རྒྱབ་ཀྱི་ཕུགས་བསམ་དུ་གྱུར
 
ཞེན་ཆགས་ཀྱིས་དྲུད་པའི་ཁང་རྒྱབ་ཀྱི་དུ་བ་དང
རྡོ་བའི་གསེབ་ནས་མ་འབུས་པའི་ར་རོ་གྱུར་བའི་རྩི་ཏོ་དག
རླུང་མ་ལྡང་བའི་རྒྱ་མཚོའི་གས་རྡབ་ལ་མཛའ་འབྲེལ་དུ་གྱུར་ཞིང
འཚང་ཁ་ཤིག་ཤིག་གི་འབུར་འགྱུར་བའི་གོ་རིམ
ཁྱོད་ཀྱི་ལག་མཐིལ་ན་གཉེར་བའི་བྱིན་ཆགས་དེ་གའི་ཁྲོད་མངོན་ཡོང
                  ༢༠༡༣  ༢  ༢ ཉི་ནུབ་མཚམས་སུ།
 
             སྐྱུགས་རོ།
 
རྣ་ལོབ་ཏུ་གྱུར་བའི་སྒྲ་དང་ཚིག་གི་སྲོ་མ
དུས་ཚོད་ཀྱི་རིན་ཐང་རྡོག་པས་མནན་ནས་མེར་མེར་བོ་བཏང་རྗེས
ལྟ་ཞིབ་པ་དེ་དག་གིས་ཀྱང
མིའི་རྐུབ་འོག་ཏུ་ལངས་གཟུགས་སུ་ཆགས་པའི
སྤུ་ནག་པོ་དེ་དག་ཀྱང་འཐོར་གྲབས་བྱེད་པའི་སུན་སྣང་བཟོས་ཡོང
 
དྲ་ཡོལ་ངོས་སུ་ཐན་མུན་གྱི་ངུ་ཤོམ་སྒྲོག
ཆར་དང་སྐར་མ་བཞུར་བའི་ནམ་མཁའ་ཇེ་ཆུང་དུ་གྱུར
སྲེག་སྒྲ་དང་འཛེར་སྒྲ་མེ་ཏོག་ཞིག་ལྟར་སྐྱེས་ནས་ཡོང
 
ངོ་གདོང་ལ་མུན་པའི་ཁ་རླངས་ཀྱི་བཤང་དྲི་མཐུལ་ཞིང
ལག་པའི་ནང་གི་ཐོབ་དང་གོ་ས་དག་གི་མིང་ཡིག
རྩ་བ་ནས་རུལ་སོང  རྩ་བ་ནས་རུལ་སོང
 
          དྲན་གསོས།
 
སྐོམ་ཆུ་དང་རླུང་གི་ཇ་ཕོར་གྱི་གཤོག་པ་འཕུར
གླུ་དང་ཟློས་གར་གྱི་གཟན་སྣེ་ནམ་མཁའ་སིལ་བར་གཅོག་བྱེད་དུ་གྱུར་ཞིང
རྣ་བའི་གྱང་ངོས་སུ་དྲི་ཞིམ་གྱི་གས་ཆག་བཞུར
 
མཛུབ་མོས་དེད་པའི་པར་རིས་དག་སླར་ཡང་མཛུབ་མོའི་ངོས་སུ་སྐྱེས་ཟིན
མུན་པའི་བསྣུན་ཞིང་བསྣུར་བའི་མཚན་མོ་འདི
ཤིང་གི་རོ་སྒམ་ཞིག་ཏུ་གྱུར་ཞིང
རང་གིས་རང་ཉིད་དུར་སྦས་བྱས་ཏེ་རླུང་ལ་བསྐུར
 
མུན་པའི་ཞིང་བཀོད་ཀྱི་ཕ་བོང་དུ་གྱུར་བའི་སྐད་ཆ་དག་དྲན་གསོས་བྱས
                       ༢༠༡༣   ༢   ༡༤
 
           མཇུག་སྡོམ།
 
རླུང་གི་བཀོད་སྒྲིག་བཤུག་སྤྲོད་མ་ཐུབ་པའི་རྩི་ཏོའི་ལྗོན་པ
ལྗང་ཁུའི་མེ་ཏོག་གི་ཀེམ་ཀེམ་གཡོ་བའི་ར་ཡིག་ཟུང་གི་གདུགས་དབྱིབས་ཀྱི་སྐེ་རྩ་བསྡམས
 
བརྩེ་བ་དྲོད་བྱེད་ཀྱི་མཆུ་སྒྲོས་ཟུང་གི་གདོང་ཐུག་བརྒྱབ་པའི་མ་འོངས་པ་དང་
སེམས་ཀྱི་འཐེན་པའི་ཉི་མའི་ཤ་དྲོད་རྒྱས་པའི་དོང་ཞབས་རེ་རེ་ནི
མུན་པའི་ཁ་ནང་གི་མཚན་མོའི་ཉི་ཐིགས་ཀྱི་ལག་རྗེས་སུ་གྱུར་ནས
རླུང་གི་བསིལ་མོ་གཡབ་ཐེངས་གཅིག་གིས་ངའི་ལག་པའི་མཛུབ་མཐིལ་དུ་སྤུངས་འདུག
 
ངས་རྒྱུན་དུ་རང་གི་རྣ་སྒོར་དྲུད་པའི་སྐུད་པ་དེར་ཡིད་ཆེས
ཁ་སང་ནས་དེ་རིང་བར་ངོ་ལོག་པའི་སྒྲ་འདྲའི་རྒྱུན་ཞིག་ཀྱང་འཇག་རྩྭ་སྐྱེས
ནམ་ཞིག་རང་ཉིད་ཤི་ཚར་རྗེས་ལས་འཕྲོ་འཇུ་བའི་མི་མོ་ཞིག་ཡོད་འདོད་པ་དག་ནི
ཕྱོགས་འགལ་ཚོགས་པ་དག་མདུང་རྩེ་ཁ་སྤྲོད་དུ་ལངས་པའི་མི་བདེ་བའི་ཁྲོད་དུ་ཞུགས
ཡིན་ལས་ཆེ
བར་ཐག་ཧ་ཅང་ཐུང་བའི་ས་གནས་དེ་རུ་དོན་དངོས་ཡོད་ཚད་ཞུ་ཟིན
                           ༢༠༡༣   ༡   ༡༢
 
              མཛུབ་མོ་བགད་པ།   ངུས་པ།
 
རོ་ལངས་ཐེངས་གཅིག་གི་རྗེས་སུ
སའི་གོ་ལ་མི་ཚོགས་ཀྱི་སྐྱུགས་རོས་དེད་པའི
ཆང་དམ་ཆག་རོ་འགའ་སྤུངས་བ་འདྲ་སྟེ
ནམ་མཁའི་ཁོག་རྒྱ་སྦུ་གུ་ལྟར་ཆུང་དུ་ཕྱིན་ཅིང
ཞིང་ནང་གི་ལྗང་མྱུག་ཚ་གྲང་གིས་དུབ
 
སྐར་རྡོ་མང་བོ་ཞིག་རྡོག་སྣེར་འཐེན་པའི་གཞུང་ལམ་སྟེང་དུ་བབས་པ
གཟན་ཤམ་འོག་གི་ལག་པས་བྱ་ར་བྱེད་སྟངས
དེ་ནི   ཡ་ཏན་ཆོས་ཚོགས་ཀྱི་དུག་ཆུ་འདྲེན་མཁན་དག་གི་ཞབས་ཞུ་ལས་ཀྱང་བཟང
ས་ནག་གི་སྒལ་བའི་དུས་ཚིགས་ཚ་གདུག་ཁྲོད་འབུར་འོང
རྒྱང་ནས་ཐོས་འོང་བའི་ཨག་སྐད་སྐེ་གཅོད་སྟེགས་བུའི་རླུང་བུ་ཞིག
ཆོས་ཚོགས་པ་དག་ཐར་བ་འཐོབ་རྒྱུར་དགའ་དྲག་འདུག   དགའ་དྲག་འདུག
                  ༢༠༡༣    ༥     ༩
 
             དགའ་དང་སྐྱོ།
                            ____སྟོང་སྐོར་དུ་བསྐྱོད་རྗེས།
 
ངས་རང་གི་ནམ་མཁའ་ལ་བདག་པོ་བརྒྱབས་ནས
ས་རྡུལ་གྱིས་གཙུབས་པའི་བྱེའུའི་གཤོག་པའི་ཡོ་ལངས་ཀྱི་གྲིབ་མས
སྔོན་མདངས་བཀླུབས་པའི་བདག་རང་གི་བྲང་གཞུང་ལ་རྒྱུག་ཤུལ་བཀོད་དུ་བཅུག
 
ནམ་མཁའ་སེར་བོ   ནམ་མཁའ་དམར་བོ
ནམ་མཁའ་ནག་པོ   ནམ་མཁའ་དཀར་བོ
 
ལྷའི་བདུད་རྩི་ལས་མེ་ཏོག་གི་མཆུ་ཏོ་འཛུགས་པའི་རོལ་དབྱངས་ཁྱབ
སྤྲིན་གྱི་ཡིག་ཚགས་སུ་བཅོལ་བའི་སྐད་ཆའི་སྒྲིག་གཞི་དང་སྲ་གཟུགས་ཀྱི་འོ་མའི་ཡུ་བ
ཁ་བ་མར་འབབ་པའི་ནམ་མཁའི་སྐར་ཁུང་ལས་ལྷུང་ཞིང་ཚེ་སྲོག་གི་ངོ་བོ་ཡིན
རྣམ་ཤེས་ཁང་ཐོག་གི་མདུན་ནས་དེར་ཕྱོགས་པའི་རྡོའི་རང་བཞིན་གྱི་སྦྲུལ་དུ་འཁྱུད
 
ཕྱིར་ཕྱོགས་དུས་བརྡ་རྟགས་ཡོད་ཚད་ཞི་ནས་ཆུའི་རང་རྣམ་རྩོམ
ཁ་པར་ངོས་སུ་བཤར་བའི་ཡི་གེ་ད་གཟོད་བདེན་པར་གྲུབ
སྐད་ཆ་དང་ཡི་གེ  གཟུགས་བརྙན་སོགས་འོད་ཀྱི་ཐིགས་པའི་སྣེ་ནས
སྐར་ཆ་རེ་རེ་བཞིན  ལོ་རྒྱུས་སུ་འཁོད་པའི་མི་སྣ་གྲགས་ཅན་དག་གོ
                      ༢༠༡༣   ༤   ༡༣   དགོང་མོར་ཟི་ལིང་དུ་བྲིས།
 
          རིགས་རྒྱུད་གཅིག
 
ཁང་བ་འདི་ཆུང་དྲགས་སོང
མི་རྣམས་མི་ཤོང་བ་མ་ཡིན་ཏེ
དེ་རུ་སྐྱེས་པའི་མི་རྣམས་སྒོ་ཕྱིར་མི་འབུད་པས་སོ
                ༢༠༡༣   ༣   ༢༦
 
              ཐག   ཐག

ཉི་མའི་ཁུད་དུ་གཅུད་པའི་བྱ་དངོས་དག
ཆུ་གཟུགས་སུ་འཕོས་པའི་ཟླ་གམ་གྱི་རྣོ་བསམ་ལ་ཞུགས
སའི་གོ་ལའི་གྲོག་རོང་གི་གཉུག་མར་བབས་པའི་འཚུབ་ཆ
དེ་དང་འབྲེལ་བའི་ས་རྡུལ་དང་འདྲེས་ཤིང
གངས་རི་ཆེན་པོ་སིལ་བར་འཐོར་བ་བཞིན་ནམ་མཁའི་དབྱིངས་སུ་འཐིམ་ངེས
 
ཐག་ཐག་གི་སྒྲ་དེས
ང་ཚོའི་རྣོ་བསམ་ལ་བསྟུད་མར་ཆར་རྒྱུན་ཕབ་ཡོད
རྒྱ་མཚོར་འཇུག་པའི་བསམ་ཤེས་འགོག་པ་ནི་རྨོངས་ཚོད་ཁོ་ན་སྟེ
ང་ཚོས་ཆུ་རྐྱལ་ལ་མཁས་པའི་གསེར་ཉ་ལ་སློབ་སྦྱོང་བྱ་འོས
                    ༢༠༡༣    ༤    ༣
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྐང་གླིང་བུའི་སྙན་ངག་བཅུ་དྲུག

2013-10-06 མི་རྐང་གླིང་བུ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།