ཅོར་འཇམ་གྱི་སྙན་ངག་འགའ།

ཅོར་འཇམ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-30

           བདུན་པ་གནས་གཞི།

སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་ས་རྡུལ་ཆགས་པའི་སྒེའུ་ཁུང་གི་ཐེམ་ན་ཡོད
ལན་རེར་རླུང་གིས་ཁུར་བའི་ཚགས་པར་གྱི་ངོས་ན་ཡོད
མཚམས་རེར་ཤྭ་འོད་བརྡོལ་བའི་ཆར་སྨག་གི་རྒྱུན་ན་ཡོད
ད་དུང       མེ་རོ་འཁྱག་པའི་ལྕགས་ཐབ་ཀྱི་དྲེག་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་སྐད་ཅོར་རྒྱག་པའི་གྲོང་ཁྱེར་གྱི་སྲང་ན་ཡོད
ལན་རེར་དབེན་སིམ་འཁྱིལ་བའི་འབྲོག་སྟོང་གི་ཁྱོན་ན་ཡོད
མཚམས་རེར་མྱུར་ཚད་མགྱོགས་པའི་རླངས་འཁོར་གྱི་ནང་ན་ཡོད
ད་དུང       བག་ལ་ཉལ་བའི་གནའ་གཏམ་གྱི་གསེང་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་གསར་འགྱུར་མཐོང་བའི་བརྙན་འཕྲིན་གྱི་ངོས་ན་ཡོད
ལན་རེར་མི་ཚོགས་བཞུར་བའི་རྒྱ་ལམ་གྱི་སྟེང་ན་ཡོད
མཚམས་རེར་སྙིང་ལ་འཇབ་པའི་སེན་འབྲེད་ཀྱི་ཤུལ་ན་ཡོད
ད་དུང        ཆགས་སྡང་ཕྲ་མོའི་གཏམ་རྒྱུད་ཀྱི་ངོགས་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་རྒྱང་ཐག་རིང་བའི་གནམ་ས་གཉིས་ཀྱི་མཚམས་ན་ཡོད
ལན་རེར་རྩོད་གཞི་ཆེ་བའི་གསར་རྙིང་གཉིས་ཀྱི་བར་ན་ཡོད
མཚམས་རེར་དཀར་ནག་འབྱེད་པའི་ཕྱི་ནང་གཉིས་ཀྱི་ལྕམ་ན་ཡོད
ད་དུང        སྐྱེ་འཆི་གཉི་ཀའི་ཆོས་ཉིད་ཀྱི་བརྒྱུད་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་རྙིང་ཞིང་གོག་པའི་དཔེ་ཐུམ་གྱི་ཤུབས་ན་ཡོད
ལན་རེར་གད་བདར་བྱས་རྗེས་ཕྱགས་དར་གྱི་ཁྲོད་ན་ཡོད
མཚམས་རེར་རྨ་ཁ་མེད་པའི་མནར་གཅོད་ཀྱི་སེམས་ན་ཡོད
ད་དུང       གང་སར་འཕོ་བའི་ཆུ་འཁྱག་གི་གསེབ་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་ཞག་སྡོད་བྱེད་སའི་མགྲོན་ཁང་གི་སྒོ་ན་ཡོད
ལན་རེར་ནས་ཆང་བསྙལ་བའི་ཨ་ཅ་ལགས་ཀྱི་ཁྱིམ་ན་ཡོད
མཚམས་རེར་དབེན་སིམ་མེར་བཞུར་བའི་ལོ་ཟླའི་ཁུད་ན་ཡོད
ད་དུང     ཆེ་ཞིང་མཁྲེགས་པའི་ཁྲོ་ཟངས་ཀྱི་མཐིལ་ན་ཡོད
 
སྙན་ངག་འབྲི་འཕྲོ་ཅན་དེ་གང་དུ་ཡོད་ཅེས་ན
སྐབས་རེར་དུས་སྟོན་འཁོར་ལོའི་ཆུ་ཚོད་ཀྱི་དཀྱིལ་ན་ཡོད
ལན་རེར་བ་རྒྱ་འཐེན་པའི་སྡོམ་ཚང་གི་དབུས་ན་ཡོད
མཚམས་རེར་ཁེར་སྡོད་བྱེད་པའི་སྙན་ངག་པའི་ཁོག་ན་ཡོད
ད་དུང       བདག་མེད་ལུས་པའི་ལྕགས་སྨྱུག་གི་ཁ་ན་ཡོད
 
          ཉི་མ་རེ་རེར།

ཉི་མ་རེ་རེར    རང་ཁྱིམ་དང་བྲལ་བའི
རྒྱང་ཐག་རིང་བའི་གྲོང་ཁྱེར་གྱི་ཉི་མ་རེ་རེར
ངས   ཁ་པར་ལས་ལག་པ་ཁྱོད་སར་བསྲིངས
ལག་ཟུང་གིས་ཁོག་སྙིང་མཐོན་པོར་བཀྱགས་ཏེ
ང   ཁྱོད་ཀྱི་སེམས་པའི་མདུན་སར་བཞག
སྐབས་རེར་ངའི་ཕྲག་སྟེང་དུ་བསྙེས་པའི་མགོ་བོ
སྐབས་རེར་ཧ་ཅང་བར་ཐག་ཉེ་བའི་དབུགས་ཀྱི་གཏོང་ལེན
སྐབས་རེར་ཁུ་སིམ་པའི་དྲོད་སྣང་ཁོལ་ཁོལ
སྐབས་རེར་དྲན་པའི་སྐད་ཆ་ཤབ་ཤུབ་ཏུ་སྨྲ་དུས
བདེ་སྐྱིད་ཀྱི་སྣང་བ་ཁོ་ནའི་དབང་གིས
དྲན་འོས་པ་མང་བོ་ཞིག་རང་སོར་བཞག
སྣང་བའི་དབང་གིས་གསོན་པོ་དུར་དུ་འཇུག་མཁན་གྱི་བྱེད་ཐབས་ལགས
 
          ཕྱི་དྲོ་ཞིག་གི་ས་རུབ་ཁར།

ཇ་ལོ་ལྗང་ཀྲིག་གི་ཕྱི་རོལ་ལ་འཇབ་པའི་རླུང་བུ་འཁྱག་སོང
ཚེར་མགོའི་བྱེའུ་ཚང་གི་ལྕེ་ཐོག་ཏུ་ལྷུང་བའི་བཟི་ཁ་ཡལ་སོང
ནགས་དང་ལྕང་ལོའི་གསེབ་ན
སེམས་དང་སོར་མོ་སྦྱོར་བའི་མི་སེམས་ཀྱི་རི་དྭགས་དེ
རང་སར་འདྲོགས་ནས་ཞོགས་དོན་ཀྱང
གསང་ཐབས་བྲལ་སོང
སྡུག་མདོག་གི་ནམ་མཁའ་གོག་པོའི་ངོས་སུ
ཆར་ཆུས་སྦངས་ཀྱང་སྐྱ་མདོག་གི་སྤྲིན་ནག
མི་ལོ་སྟོང་ཕྲག་ལ་ཁ་མ་གྲག་པའི
ཁྱོན་ནས་གྱེས་སོང་བའི་མིག་འབྲས་གཉིས་ཀྱི་ནག་ཐིག
རྩྭ་གསེབ་དུ་འགྱེལ་བའི་ཟིལ་བ
ལོ་འདབ་ནས་ཐོར་བའི་ཆུ་རྡུལ
གས་ཀ་ལ་འཐིམ་པའི་ཟེགས་མ
སྐྱོ་བ་དང་སྐྱོ་བའི་ཁྲོད་ཀྱི་ཁྱོད་ཚོ་ཨང
     ༢༠༡༢ལོའི་ཟླ༨ཚེས༢༧ཉིན་ལན་གྲུ་ནས།
 
           ཧ་པ་སྐར་མ་དྲན་ནས།

ཁྱིམ་ཚང་དཀྱུས་མ་ཞིག་གིས་ཁྱི་གསུམ་གསོས
ཧ་པ་སྐར་མ་ནི་ཆེས་ཆུང་བ་དེ་ཡིན
ང་ནི་ཆུང་ཆུང་ལ་གཅེས་པས་མིན་ན
ཧ་པ་སྐར་མ་འདས་རྐྱེན་དུ་ཤོར་རྗེས
དྲན་པའི་སྣང་བརྙན་གྱི་ཁྱོན་ལ
གྱེས་གདུང་གི་བ་མོ་བསྒོ་དོན་མི་འདུག
                ང  དུངས་བའི་དབང་གིས
ལྕགས་ཐག་དང་མཉམ་དུ་ས་ནག་ལས་ཟད་པའི
ཨ་ཅེ་དང་འགྲོགས་ནས་རི་གྲོང་ཏུ་ཚར་བའི
ལས་དབང་གིས་ནོར་བདག་ཏུ་གྱུར་བ་ནི
འབྲོག་ཁྱི་དོམ་བུ་རེད
སྐྱིད་སྡུག་འདི་ངས་སུ་ལའང་བཤད་ན་འགྲིག་གི
ང   བརྩེ་བའི་དབང་གིས
ས་སྲོད་དང་མཉམ་དུ་ནམ་ཁ་ལངས་པའི
ཕུ་བོ་དང་འགྲོགས་ནས་སྤྱང་དམར་དེད་པའི
མ་གཞི་ནས་བདག་པོ་ལ་དྲིན་གཟོ་འཇལ་བ་ནི
བོད་ཁྱི་སེང་དཀར་རེད
ལྷག་བསམ་འདི་ངས་སྙན་ངག་ཏུ་བྲིས་ན་འགྲིག་གི
ང   ཞེན་པའི་དབང་གིས
དབྱར་སྡོང་གི་བསིལ་གྲིབ་འོག་ན་སྒོ་སྲུང་དུ་སྡོད་པའི
ཨ་མ་དང་ལྷན་དུ་སྐོར་མཐའ་ན་ཆོས་རྒུམ་འཐུ་བའི
བཟའ་མི་ཚོས་གཅེས་ནས་སྙིང་རྗེ་ཟེར་བའི
ཁྱིམ་མཚེས་ཡིན་ཀྱང་འདྲིས་རྒྱུ་མེད་པའི
ངེད་ཚང་དང་ལས་འབྲེལ་ཡོད་ཡོད་འདྲ་བ་ནི
ཁྱིམ་སྲུང་སྐར་མ་རེད
ཧ་པ་འདི་གཏན་བྲལ་དུ་སོང་རྗེས་ང་ཡིས་དྲན་ན་འགྲིག་གི
ང   གདུང་དབང་གིས
           ༢༠༡༢ལའི་ཟླ༨པའི་ཚེས༢༨ཉིན་ལན་གྲུ་ནས།

            བདུད་ལྷ་རྒྱལ།

ནུབ་བྱང་གི་ཕྲག་པ་གཡས་པའི་སྟེང་ནས
བདུད་ལྷ་རྒྱལ་གྱིས་རྩོམ་རིག་གི་མི་སྐད་བརྒྱབ
ང་སློབ་ཆེན་འདིར་མ་ཡོང་བའི་སྔ་རོལ་གྱི་སྔ་རོལ་དུ
སྤྱིར་བཏང་ནས་ལྐོག་གྱུར་དུ
དཀྱུས་མ་ནས་ཐེར་ཟུག་ཏུ
རྩོམ་རིག་གི་མི་སྐད་ཡུན་རིང་བརྒྱབ
དེ་རིང   དབེན་སྟོང་ལྟ་བུའི་བྲང་གཞུང་འདི་ལ་བསྙབས་དུས
ཁོ་ཤུབས་ནང་ནས་གསོན་གསོན་ལ་འཕོ་ཚར
ཁྲག་གི་ཐིགས་པ་གཉིས
འཇིག་རྟེན་གྱིས་ཡ་མཐའ་དང་མ་མཐའ་གཉིས་སུ་གྱེས་པ་ལྟར
བྲག་གི་ཕུར་བ་ཞིག་བ་མོ་ལྟ་བུའི་གྲོང་ཁྱེར་གྱི་སྙིང་ལ་བཏབས
འཆར་ཡན་གྱི་རྩ་རླུང་སྦྲིད་དེ་བརྒྱལ་སོང
མི་ལོ་དུ་མའི་རྗེས་སུ
རྩོམ་རིག་རྟགས་ཅན་གྱི་བཟི་འཐོམ་ལས
དཔེ་ཆ་བ་ཐག་རིང་དུ་འཁྱམས་སྲིད་དམ
ང   ཆར་ཞོད་ཀྱི་ཤྭ་འོད་ལ་སྐྲག་གི

        སེམས་ཀྱི་ཞུ་འབུལ།

       ༡ སྙིང་ཉེ།
སྙིང་ཉེ  ཁྱོད་དྲན་དུས
ངས་རོལ་དབྱངས་ལ་ཉན་བཞིན་ཡོད
རྒྱུ་མཚན  གདངས་ཀྱི་ཆེས་ཟབ་ས་ནས་ངས་ཁྱོད་ཐོས་བྱུང
 
སྙིང་ཉེ  ཁྱོད་དྲན་དུས
ངས་རི་མོ་འབྲི་བཞིན་ཡོད
རྒྱུ་མཚན  པུར་རྩེའི་ཆེས་ཕྲ་ས་ནས་ངས་ཁྱོད་རྙེད་བྱུང
 
སྙིང་ཉེ  ཁྱོད་དྲན་དུས
ངས་ཐ་མག་འཐེན་བཞིན་ཡོད
རྒྱུ་མཚན  ཁྲན་རྒྱུན་གྱི་ཚོར་བ་ཆེས་རྣོ་ས་ནས་ངས་ཁྱོད་ཚོར་བྱུང
 
སྙིང་ཉེ  ཁྱོད་དྲན་དུས
ངས་སྙན་ངག་འབྲི་བཞིན་ཡོད
རྒྱུ་མཚན  ཆགས་སྡང་གི་ཉམས་འགྱུར་ཆེས་ཆེ་ས་ནས་ངས་ཁྱོད་བསམ་བྱུང

         ༢ སྙིང་ཉེ།
སེམས་ཀྱི་དགོས་མཁོ་ལྟ་བུའི་ཆར་བ་འདི་འབབ་དུས
ངས་རང་ཉིད་ཁྱེར་ཏེ་ཕྱི་རོལ་ཏུ་རྒྱུགས
སྙིང་ཉེ  རྒྱུས་ཡོད་ཀྱི་ཤག་སྒྲ་ཞིག་ལས
ཆར་ཟིམ་གྱི་བརླན་གཤེར་ཁྲོད་ན་ཁྱོད་སྦྲུམ་ཡོད་སྣང་འདུག
 
བརྙན་འཕྲིན་ལེ་ཚན་ལས་ཧ་ཅང་འདྲིས་ཡོད་ཀྱི་བྱིས་སྒྲུང་བཤད་དུས
ངས་སེམས་ཀྱི་རྣ་བ་གཏད་དེ་གཟབ་ཉན་བྱས
སྙིང་ཉེ  འདྲ་ཆགས་པའི་ནང་དོན་ལས
བྱིས་སྒྲུང་ལྟ་བུའི་བབ་ཆགས་པའི་གཏམ་རྒྱུད་ཀྱི་གསེང་ན་ཁྱོད་སྐུང་ཡོད་སྣང་འདུག
 
བདག་དང་བདག་གི་ཁྱོད་དང་འབྲེལ་བ་ཡོད་པའི
ཚིག་རྒྱན་རིག་པའི་སྙན་རྩོམ་ཞིག་ལ་ལྟ་ཀློག་བྱེད་དུས
ངས་ལུས་ཀྱི་དབང་རྩ་ཡོངས་རྫོགས་གཅིག་ཏུ་བསྡུས
སྙིང་ཉེ  ཆ་ཡོད་ཆ་ཡོད་འདྲ་བའི་ཉེ་འགྲམ་ནས
སྙན་ངག་ཚན་པ་གཅིག་གི་གསེབ་ན་ཁྱོད་ཡིབ་ཡོད་སྣང་འདུག

         ༣ སྙིང་ཉེ།
གྲོང་ཁྱེར་གྱི་མཁའ་དབུགས་སྨུག་པས་གཡོགས
སྙིང་ཉེ  ངས་ཁྱོད་བོར་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་ཁྲོམ་སྲང་གད་སྙིགས་ཀྱིས་ཁེངས
སྙིང་ཉེ  ངས་ཁྱོད་སྦག་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་མི་ཁྱུ་རིགས་འདྲ་མང
སྙིང་ཉེ  ངས་ཁྱོད་ནོར་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་རྒྱུ་རྫས་རྫུས་མས་ཁྱབ
སྙིང་ཉེ  ངས་ཁྱོད་བསླུས་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་ཚ་བ་ཧ་ཅང་ཆེ
སྙིང་ཉེ  ངས་ཁྱོད་ཞུ་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་འཇབ་བུ་ཞོར་ན་ཡོད
སྙིང་ཉེ  ངས་ཁྱོད་བརྐུས་འགྲོ་སྙམ་ནས་སྐྲག་གི
གྲོང་ཁྱེར་གྱི་ཡོད་ཚད་འགྱུར་བཞིན་ཡོད
སྙིང་ཉེ  ངས་ཁྱོད་ཚར་འགྲོ་སྙམ་ནས་དམར་གི

       ༤ སྙིང་ཉེ།
སྙིང་ཉེ
བྱེ་མ་སྤར་མོ་གང་ས་རུ་ཟགས
དེ་ལ་བརྩེ་དུངས་ཟེར་རམ
 
སྙིང་ཉེ
ས་རྡུལ་རིམ་པ་གཅིག་རླུང་གིས་ཕྱགས
དེ་ལ་བརྩེ་དུངས་ཟེར་རམ
 
སྙིང་ཉེ
རླུང་བུ་ཕྲ་མོ་ཞིག་སྡོང་རྒན་ཞིག་དང་གདོང་ཐུག་བརྒྱབ
དེ་ལ་བརྩེ་དུངས་ཟེར་རེམ
 
སྙིང་ཉེ
སྡོང་རྒན་དེ་ལས་འབུས་པའི་ཤིང་ལོ་ལེབ་མོ་གཅིག་ཆུ་ཁར་གཡེང་ནས་ཁུར
དེ་ལ་བརྩེ་དུངས་ཟེར་རམ
 
སྙིང་ཉེ
ཆུ་ཐིགས་ཁམ་བུ་གང་སྤང་ལ་བཀྲམ
དེ་ལ་བརྩེ་དུངས་ཟེར་རམ
 
སྙིང་ཉེ
སྤང་ལྗོངས་སྡུག་པོ་ཞིག་མེ་ཏོག་གི་བསླུས
དེ་ལ་བརྩེ་དུངས་ཟེར་རམ
 
སྙིང་ཉེ
མེ་ཏོག་རྐང་གཅིག་འཛུམ་གྱིས་གྲོལ་ཞིང་སྨྲེང་ནས་འཐོར
དེ་ལ་ཡང་བརྩེ་དུངས་ཟེར་རམ
 
         གྲོགས་མེད་ཁེར་རྐྱང་།

ཐལ་མདོག་གི་ནམ་མཁའ་ལ་སྡུག་བསྔལ་གྱི་ན་བུན་འཐིབ་པས
ངས་སྙན་ངག་འདི་འབྲི་དོན
དོན་དངོས་སུ་ཁེར་རྐྱང་གི་ས་སྲོད་འདི་འབྲི་བའི་ཆེད་དུ་ཡིན
ཡང་ན་ཁེར་རྐྱང་གི་རླུང་བུ་འཁྱག་པ་འདི་འབྲི་བའི་ཆེད་དུ་ཡིན
 
གྲོགས་མེད་ཁེར་རྐྱང་གི་སྙན་ངག་འདི་འབྲི་དུས
ང་ལན་གྲུ་གྲོང་ཁྱེར་ན་ཡོད
 
གྲོང་ཁྱེར  བུ་མོ་འཕྱོན་མ་ཞིག་གི་སེམས་ཁམས་བཞིན་རྙོག་པས
ངས་སྙན་ངག་འདི་འབྲི་དོན
ཁེར་རྐྱང་གི་རྨ་ཆུ་འདི་འབྲི་བའི་ཆེད་དུ་ཡིན
ཡང་ན་ཆང་དཀར་རྒྱ་མ་གང་གི་སྟུག་ཚད་འདི་འབྲི་བའི་ཆེད་དུ་ཡིན
 
གྲོགས་མེད་ཁེར་རྐྱང་གི་སྙན་ངག་འདི་འབྲི་དུས
ང་རྨ་ཆུའི་ལྕགས་ཟམ་ཁ་ན་ཡོད
 
དཔུང་རྡང་གི་ལམ་པ་གྲལ་དུ་བསྟར་བའི་མི་འགྲུལ་གྱི་གཞུང་ལམ་ནས
ངས་སྙན་ངག་འདི་འབྲི་དོན
དོན་དངོས་སུ་བོད་མི་ཞིག་གི་ཁེར་རྐྱང་འདི་འབྲི་བའི་ཆེད་དུ་ཡིན
ཡང་ན་གྲོགས་མེད་ཁེར་རྐྱང་གི་ང་གཅིག་པུ་འབྲི་བའི་ཆེད་དུ་ཡིན
 
གྲོགས་མེད་ཁེར་རྐྱང་གི་སྙན་ངག་འདི་འབྲི་དུས
ང་ཞག་སྡོད་མགྲོན་ཁང་ན་ཡོད
 
དབེན་སིམ་གྱི་དྲན་སྣང་སྦྲུམ་པའི་དུས་ཚོད་ཀྱི་ལྷོད་བག་ལས
ངས་ཁེར་རྐྱང་གི་སྣང་བ་ལ་རེག་རེག་བྱས
གྲོགས་མེད་ཁེར་རྐྱང་གི་སྣང་བ་ལ་རེག་རེག་བྱས
ངས་སྙན་ངག་འདི་རང་ཉིད་ཀྱི་བྲང་ལ་འབྲི་དོན
སྐྱེ་རྒ་ན་འཆི་དང་འདྲ་བར་མི་ཚེ་འདི་ཡང   མ་གཞི་ནས
གྲོགས་མེད་ཁེར་རྐྱང་གིས་བདག་གིར་བཟུང་བ་འབྲི་འདོད་པའི་ཆེད་དུ་མ་ཡིན་ནམ
 
གྲོགས་མེད་ཁེར་རྐྱང་གི་སྙན་ངག་འདི་འབྲི་དུས
ང་རང་སེམས་ཀྱི་ཆེས་གཉོམ་ས་ན་ཡོད
          2012.12.3ཉིན་ལན་གྲུ་ནས།

        ཤོག་བུ་ཟ་བའི་སྒྲུང་།
ཉི་མ་འདི་ཚོར
དབྱིན་ཡིག་དགེ་རྒན་ཡོང་སྟེ
ངས་ཁྱོད་ཚོར་ཚད་གཞི་མཐོན་པོ་འཛིན་གྱིན་མེད་དེ
དཔེ་ཆ་འདི་ཧྲིལ་གྱིས་བློ་ལ་འཛིན་དགོས་ཟེར
སྐབས་འདིར  ངས་མ་བཅོས་པའི་རང་ཉིད
ཁ་གདངས་པའི་སྣོད་ཆ་ཆེན་པོ་ཞིག་ཏུ་བཅའ་འདོད
 
ཉི་མ་འདི་ཚོར
རྩོམ་རིག་དགེ་རྒན་ཡོང་སྟེ
ཟླ་བ་གཉིས་ཀྱི་ཡུན་ལ   མ་མཐའ་ཡང
བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་སྒྲུང་བརྒྱ་ཕྲག་ཙམ་ཞིག
ཅི་ནས་ཀྱང་ཀློག་ཚར་དགོས་ཟེར
སྐབས་འདིར  ངས་རང་ཉིད་ཆ་ཚང་བོ
དུམ་བུ་དུམ་བུར་གཏུབ་སྟེ་བགོ་བཤའ་རྒྱག་འདོད
 
ཉི་མ་འདི་ཚོར
གཞུང་ལུགས་དགེ་རྒན་ཡོང་སྟེ
ཉི་མ་དེ་རིང་ནས་བཟུང  སྨྱུ་གུ་ལག་ཏུ་བླངས་ཏེ
ལོ་ངོ་གསུམ་གྱི་བསླབ་མཐར་མ་ཕྱིན་བར་དུ
རབ་ཡིན་ན་དཔྱད་རྩོམ་ལོ་གྲངས་དང་མཉམ་པ་ཞིག་འབྲི་དགོས་ཟེར
སྐབས་འདིར  ངས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་ཏེ
རང་ཉིད་མི་མངོན་པའི་ལྷ་ཆེན་པོ་ཞིག་ལ་སྤྲུལ་ནས་རྫུ་འདོད
 
ཉི་མ་འདི་ཚོར
ཐག་རིང་གི་གྲོགས་པོས་ང་ལ་ཁ་པར་བཏང་འོངས་སྟེ
མི་སེམས་དུས་ཚོད་ལས་མྱུར་བའི་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་ནས
དཔེ་ཀློག་གི་གྲུབ་འབྲས་ཅི་འདྲ་རེད་ཟེར
སྐབས་འདིར   ངས་རང་ཉིད་ཤུབས་ནང་དུ་སྒྲིབ་སྟེ
ཇི་བཞིན་དུ་བརྗེད་པ་མེད་པའི་གྲུབ་ཐོབ་པའི་སྐྱེས་པ་ལེན་འདོད
 
ཉི་མ་འདི་ཚོར
ངའི་ཚོར་སྣང་རྒྱུགས་འོངས་ཏེ
ང་ལ་དཔེ་ཆ་དཔར་དུ་བསྐྲུན་རྒྱུ་ནི
འཕྲུལ་ཆས་ཀྱི་ལས་ཀ་རེད་ཟེར
སྐབས་འདིར   ངས་རང་ཉིད་འཕྲུལ་འཁོར་ཞིག་ལྟར
ཤོག་ལྷེ་ཤ་བའི་ལྷུ་ལག་ཅིག་ཡིན་ན་སྙམ
         2012.9.27 ཉིན་ལན་གྲུ་ནས།

        དུས་ཚོད་ཀྱི་རང་གཏམ།
ཚེ་ཐམས་ཅད་གསོ་མཁན་ང་ཡིན              
སྲོག་ཚང་མ་ལེན་མཁན་ཡང་ང་ཡིན
ངའི་མིང་ལ་དུས་ཚོད་ཟེར
ང་ནི་སྐྱོབས་ཐག་ཡིན
ང་ནི་ལག་དམར་ཡིན
ང་ལ་སྙིང་རྗེ་མེད  ང་ལ་ཕྱོགས་ལྷུང་མེད
ཡིན་ན་ཡང  ངས་ཚང་མ་དུམ་བུ་གཉིས་སུ་བགོ་བཞིན་ཡོད
ངའི་མིང་ལ་དུས་ཚོད་ཟེར
ང་ལ་ཐོག་མ་མེད
 
རྫོགས་རྒྱུ་མེད་པའི་ད་ལྟ་བ་ང་ཡིན
སྐད་ཅིག་མའི་ད་ལྟ་བ་ང་ཡིན
ང་ཇི་ལྟར་ལྕེབས་པ་དེ་བཞིན་དུ་གསོན་པ་ཡིན
སྐད་ཅིག་མ་ཅིག་ལ་ང་འགྱུར་གི་ཡོད
སེ་གོལ་གཅིག་ལ་ངས་རྙིང་ཚབ་གསར་བརྗེ་བྱེད་བཞིན་ཡོད
ང་ནི་རྫོགས་ཚིག་ཡིན
ང་ནི་དབུ་ཁྱུད་ཡིན
ང་ལ་ཁ་ཕྱོགས་མེད  ང་ལ་དམིགས་ཡུལ་མེད
ཡིན་ན་ཡང  ང་ནམ་ཡང་མདུན་ཕྱོགས་སུ་ནུར་བཞིན་ཡོད
ངའི་མིང་ལ་དུས་ཚོད་ཟེར
ང་ལ་འཆི་བ་མེད
ངས་འབྲི་འདོད་པའི་སྙན་ངག
ནམ་མཁའ་མ་གཞི་ནས་འདི་ལྟར་རྒྱ་ཆེ
ས་གཞི་ཐོག་མ་ནས་འདི་ལྟར་གཏིང་ཟབ
བར་སྣང་ཡང་དང་པོ་ནས་འདི་ལྟར་ཁོད་ཡངས
དེ་བས    ངས་འབྲི་འདོད་པ་གནམ་སའི་བར་གྱི་སྙན་ངག་ཡིན
 
བྱིས་པ་ཞིག་གི་རྨི་ལམ་ཅི་ནས་ཀྱང་ལྗང་མདོག་ཡིན་སྲིད
བགྲེས་སོང་ཞིག་གི་མཆི་མ་ཅི་ནས་ཀྱང་སེམས་ཁུར་ཡིན་སྲིད
གཞོན་པ་ཞིག་གི་སྙིང་སྟོབས་ཅི་ནས་བདག་འཛིན་ཡིན་སྲིད
དེ་བས   ངས་འབྲི་འདོད་པ་མི་ཡུལ་གྱི་སྙན་ངག་ཡིན་སོང
 
འདས་ཟིན་པ་ཡོད་ཚད་ངེས་པར་དུ་རྫོགས་ནས་བུད་སོང
ད་ལྟ་བ་ཚང་མ་ངེས་པར་དུ་འགྲོགས་ནས་རྒྱུགས་འགྲོ
མ་འོངས་པ་ཚང་མ་ངེས་པར་དུ་གླེང་ནས་ཚར་འགྲོ
དེ་བས    ངས་འབྲི་འདོད་པ་དུས་གསུམ་གྱིས་སྙན་ངག་ཡིན་སོང
 
         མ་ཕྱི་དང་དེ་བཅོས་རྗེས།

མ་ཕྱིར་ཕབ་པ་ནི   གཉེན་མ་སྒྲིག་གོང་ལ
གཉེན་མ་སྒྲིག་པའི་ལོ་ངོ་གཉིས་ཀྱི་གོང་ལ
 
ཁོ་མོས  གལ་ཏེ་མི་ཚེ་འདིར་ཁྱོད་དང་མཉམ་དུ
འཚོ་མ་ཐུབ་ན་ཟེར་བཞིན་མཆི་མ་བཞུར་བྱུང
བདག་གིས་འཚོ་མ་ཐུབ་ན་ཅི་ཞིག་ཡིན་ཞེས་དྲིས་པར
ཁོ་མོས་དངོས་གནས་འཚོ་མ་ཐུབ་ན་ལྕེབས་རྒྱུ་ཡིན་ཟེར
 
མ་ཕྱི་དེ་བཅོས་རྗེས   གཉེན་སྒྲིག་གི་རྗེས་སུ
གཉེན་སྒྲིག་ནས་ལོ་ངོ་གཉིས་ཀྱི་རྗེས་སུ
ཁོ་མོས   གལ་ཏེ་མི་ཚེ་འདིར་ཁྱོད་དང་སོ་སོར
འབྲལ་མ་ཐུབ་ན་ཟེར་བཞིན་མཆི་མ་བཞུར་བྱུང
བདག་གིས་འབྲལ་མ་ཐུབ་ན་ཅི་ཞིག་ཡིན་ཞེས་དྲིས་པར
ཁོ་མོས་དངོས་གནས་འབྲལ་མ་ཐུབ་ཚེ་ལྕེབས་རྒྱུ་ཡིན་ཟེར
 
        གཉའ་ཁྲི་བཙན་པོ།

ངས་ཕོ་ལོ་སུམ་ཅུའི་གཞོན་ཤུགས་བཀོལ་དུས
ཨ་ཕས་ང་ལ་སེམས་ཆུང་བྱོས
ཕམ་ཁ་ཉོ་ན་ཐང་ཟེར་བཞིན
ངའི་གཉའ་གོང་ལ་བཅག་བཅག་བྱེད
 
བུ་ཆུང་གིས་ཨ་མཚར་མཚར་དགུ་གཏིང་འདྲི་བྱེད་དུས
ངས་མཛེར་མ་ལྟ་བུའི་བྱིས་པ་ཞིག་ལ
སྐད་ཆ་མ་མང་ཅེས་བཤད་བཞིན
ཁོའི་གཉའ་གོང་ལ་ཆག་ཆག་བྱས
 
ངའི་ཨ་ཕས་ཐུགས་སྒམ་སྒམ་དུ
ཉི་ཁྱམས་ནས་མ་ནི་ཟློ་དུས
བུ་ཆུང་རྒྱུགས་སོང་སྟེ
ཨ་ཕའི་གཉའ་གོང་དུ་རྟ་ལ་ཞོན་ཏེ་ཀྲབ་ཀྲབ་བྱེད
 
         རྣ་བ་སེམས་ལ་གཏད་དུས།

རྣ་བ་སེམས་ལ་གཏད་དུས
སྤྲང་བོ་ལྟར་འུ་ཐུག་གི་མིག་ཆུ་ཁ་རོག་གེར་བཞུར་གྱིན་འདུག
ཅི་ཡང་མེད་པའི་བྲང་གཞུང་འཁྱག་པ་ལས
ཐོབ་འདོད་ཀྱི་ཧམ་པ་ཅི་འདྲའི་ཚ་ན་ཡང
མེད་མུག་གི་འཇིག་རྟེན་ན་གདུག་རྩུབ་ཀྱི་མཆེ་སྡེར་རྫོགས་རྒྱུ་མེད
 
རྣ་བ་སེམས་ལ་གཏད་དུས
བྱིས་དུས་ཀྱི་རྩེ་ར་ལས་བསྒྲིགས་པའི་རྩེད་རྡོ་དག
དམག་འཁྲུག་བརྒྱབ་ཤུལ་གྱི་འཐབ་ར་དང་འདྲ་བར
ཡིད་སྡུག་པའི་ཁྲག་དང་ལྷག་རོ་མང་བོས་གང་སར་ཁྱབ
དེ་དག་རེ་རེ་བཞིན་ཡང་བསྐྱར་གསར་བ་ཞིག་ལ་བསྒྱུར་འདོད་ཀྱང
བློ་རྣལ་དུ་ཕབ་ན
སྙིང་ལ་ཁབ་གཙགས་པའི་ན་ཟུག་ལས་ཅི་ཡང་མི་འདུག
 
རྣ་བ་སེམས་ལ་གཏད་དུས
མི་བུ་ཞིག་དྲན་མེད་དུ་རྒྱལ་བའི་བཙོན་ལས་དེ་དྲན་འོངས
སྲོག་ཐོག་ལ་བབ་པའི་བཤན་པའི་གྲི་འོག་གི་གཡག་རྒོད་དེ་དྲན་འོངས
དབུགས་ཆད་ལ་ཉེ་བའི་ཁྱི་མོ་དེའི་མིག་ལྕིབས་ཡང་དྲན་འོངས
 
རྣ་བ་སེམས་ལ་གཏད་དུས
དུར་ཁྲོད་དུ་མི་རོ་ཞིག་གི་བྲང་ཁོག་དམར་བོ་ཁ་ཕྱེས་པ་དང་འདྲ་བར
བྱིས་པ་ཞིག་གིས་མཐོང་ན་སྐྲག་སློང་བའི་འཇིགས་སྣང་དང
རྒན་པོ་ཞིག་གིས་བསམ་ན་ཟུག་རྔུ་བསྐྱེད་པའི་སྙིང་རྗེ་བ
གསར་བུ་ཞིག་གིས་བལྟས་ན་ཞེ་མེར་བའི་སྐྱུག་བྲོ་ཨང
 
          དར་ལྕོག་འོག་གི  ……

དར་ལྕོག་ནི་རླུང་གིས་བརྡར་ཏེ་རྩ་བ་ནས་ཟད་ན་ཡང
དེའི་སྟེང་གི་ཚུལ་ཁྲིམས་འཐུལ་བའི་ཡིག་འབྲུ་དག
སྤྲིན་དཀར་གྱི་སྐྲ་ལོ་ཐང་ལ་བཀྲམས་པའི་ལུག་ཁྱུ་དང་འདྲ་བར
ས་ནག་སྟེང་གི་དཀར་ཐིག་རེ་རེ་ལ་གྱུར
ཡང་ན   མི་ཡུལ་གྱི་གཏམ་རྒྱུད་མཁའ་ལ་འཐོར་བའི་སྐར་ཚོགས་ལྟར
བར་སྣང་གི་དཔའ་བོའི་སྣང་བརྙན་རེ་རེ་ལ་གྱུར
 
དར་ལྕོག
མཐོ་ས་ནས་རང་ལུས་ལྷག་མེད་དུ་ཚར་ན་ཡང
དྲི་བཞོན་གྱིས་གྱེར་བའི་ཆོས་སྐད་ཀྱི་རོལ་དབྱངས་འཇེབས་པོའི་ཁ་ཁུག་ན
རྩྭ་ལོའི་གསེབ་དུ་སིམ་གྱིན་པའི་ཚེ་སྲོག་དག་ཅི་འདྲའི་ལྷིང་འཇགས་ཤིག་རེད
 
དར་ལྕོག་འོག་གི་རྡེའུ་འབུམ་དང་ལབ་ཙེ
དར་ལྕོག་འོག་གི་ཨ་མ་དང་མ་ཎི
དར་ལྕོག་འོག་གི་རླུང་བུ་བསིལ་བསིལ་དང་རི་ལམ་ཕྲ་མོ
དར་ལྕོག་འོག་གི་ལུག་ཁྱུ་དང་ཞོགས་པ་རེ་རེ་ཨང
 
          མི་རྟག་པ།
ཡོད་ཡོད་འདྲ་བའི་འདི་སྣང་མཐའ་དག་ནི
སེ་གོལ་གཅིག་ལ་བདག་མེད་དུ་གྱུར
མངོན་སུམ་དུ་འགྲེལ་བཤད་རྒྱག་མཁན་ནི
འཇིག་རྟེན་གྱི་མི་རྟག་པ་ཁོ་ན་ཡིན
རྣ་བ་སེམས་ལ་གཏད་དེ་ཉོན་དང
མི་གཅིག་འགྱེལ་བའི་འཁུན་སྒྲ་ཐོས་བྱུང
མི་གཉིས་འགྱེལ་བའི་འཁུན་སྒྲ་ཐོས་བྱུང
མི་གསུམ་འགྱེལ་བའི་འཁུན་སྒྲ་ཐོས་བྱུང
……
མི་གྲངས་མེད་པ་ཅིག་ཅར་དུ་འགྱེལ་བའི་འཁུན་སྒྲ་ཐོས་བྱུང
ཨ་ཨ  འཇིག་རྟེན་ནམ་ཡང་ནུབ་ཕྱོགས་སུ་བརྡིབས
 
          བརྩེ་བ་གཞན་དག

ཁྱོད་ཀྱིས་རང་ཉིད་ལག་མཐིལ་དུ་བཞག་པ་ནས
བརྩེ་བ་གཞན་དག་ནི
མུན་པ་སྟུག་པོ་འཐིབས་པའི་རྫ་རི་གང་ཞིག་གི་འཁྲང་སེམས་ཡིན་ནམ
མི་ལོ་སྟོང་ལ་ཁེར་རྐྱང་དུ་གཅིག་པུར་ལུས་པའི
རྩྭ་ཐང་གི་བྲང་གཞུང་འཁྱག་པ་དེའི་མཆི་མ་ཡིན
རླུང་བུ་ནི་བཙན་པོའི་བང་སོ་བསྔོག་རྗེས་ཀྱི
སེམས་པ་སྟོང་བ་དེ་དང་འདྲ་བར
མཚན་མོ་གྲངས་མེད་པ་ཞིག་ལ་རེག་པའི་གྲིབ་གཟུགས་ནི
སྙིང་ཉེ་བའི་ཁེར་རྐྱང་གི་འཆི་བས་བསྡོམས་པའི
དུས་ཚོད་ཀྱི་ཐག་པ་རལ་བོའི་བརྩེ་བ་གཞན་དག་མ་ཡིན་ནམ
མེ་ཏོག་གི་སྐྲ་ལོ་ཐོར་བའི་ངང་ཚུལ་ལས
གཞོན་ནུ་མ་ཞིག་གི་ཁ་རླངས་ཙམ་གྱིས་ཀྱང
རྩྭ་ཟིལ་གྱི་སྤྲིན་པ་བཟི་འཐོམ་དུ་འགྱུར་སྲིད་པར་སྣང་བས
དཔྱིད་དུས་ཀྱི་འོད་འཚེར་བའི་བཟོ་ལྟ་ཚང་མ་ནི
རྡོ་རྗེ་ཕ་ལམ་གྱི་ཚེ་སྲོག་བརླག་པའི་གདུག་རྩུབ་རིགས་ཤིག་མ་ཡིན་ནམ

          ཚོར་སྣང་ལ་བསྙད་པ།

ཆར་བ་ཟམ་ཟིམ་དཔྱིད་རླུང་གི་རམ་འདེགས་ལ་བརྟེན་ཏེ
ཞིང་ཁ་དང་རྩྭ་ལོའི་གསེབ་ལ་སིམ་སིམ་དུ་འཐོར
རླུང་དང་ཚོར་སྣང་ལ་བསྡེབས་པའི་སྙན་ངག་གི་རི་དྭགས་ཁྱོད
ངའི་ཉེ་འཁོར་གྱི་ཁོར་ཡུག་གང་ཞིག་ལ་ཉུལ་བཞིན་ཡོད
ཁྱོད་ཀྱི་རྒྱུན་དང་འགྲོགས་པའི་བང་རྒྱུགས་དེ
གྲོགས་མེད་ཁེར་རྐྱང་གི་ན་ཟུག་ལྟ་བུའི
ངའི་སྙིང་ཉེ་བའི་ལྕགས་སྨྱུག་གི་བུ་སྣོད་དུ་སྦྲུམ་ནས་མངལ་ཆགས་དོན་ཅི
 
སྨུག་པ་བན་བུན་ཆུ་འཛིན་གྱི་སྙིང་ཁོངས་ལ་འཇབ་ཀྱིན
རྩྭ་ཐང་དང་སྦྲ་ནག་གི་ཐོང་ཀར་ཡང་ཡང་འཁྱུད
དར་ལྕོག་དང་ཆུ་ཕྲན་གྱི་གསེབ་ན་ངུ་ཤུམ་རྒྱག་པའི་སྙན་ངག་གི་ཕོ་ཉ་ཁྱོད
ངའི་འཇིག་རྟེན་གྱི་གོམ་སྒྲ་ཅི་ཞིག་ལ་བཅར་བཞིན་ཡོད
ཁྱོད་ཀྱི་གྲུ་ག་གང་ཞིག་གི་སྡུག་བསྔལ་དེ
དྲང་མོ་དྲང་རྐྱང་གི་སྐར་མདའ་ལྟ་བུའི
ངའི་མཚན་མོའི་འཇིག་རྟེན་ལ་འཁྱུག་ནས་བསླུ་དོན་ཅི
 
ཉི་ཟེར་ལམ་ལམ་མེ་ལྕེ་དམར་པོའི་རྣོ་ལྕགས་ལ་དྲངས་ཏེ
ཐབ་ནང་དང་སྙིང་ཁོང་གི་བར་གསེང་ན་འུར་འུར་དུ་འབར
འོད་ཟེར་དང་ཁ་དོག་ལ་འཐབ་པའི་སྙན་ངག་གི་གཤོག་པ་ཁྱོད
ངའི་ལུས་ཟུངས་ཀྱི་རྣམ་རིག་ཅི་ཞིག་ལ་བྲེལ་བཞིན་ཡོད
ཁྱོད་ཀྱི་འོད་དཀར་པོའི་ཞགས་པ་དེ
མི་རྐྱང་རྟ་རྐྱང་གི་ལམ་འགྲོ་བ་ལྟ་བུའི
ངའི་རྔུལ་ཆུ་ཤམ་ཤམ་ལ་འཁྲེང་ནས་མི་གཏོང་དོན་ཅི
 
ཁ་བ་དང་གྲང་རེག་གི་ན་ཟུག་ལས
ངའི་མིག་མདུན་གྱི་མཛེས་སྡུག་ཧྲུལ་ཆག་ཏུ་འཐོར
མཇུག་མཐར་ཁྱོད་ནི་ངའི་སྒལ་གཞུང་གི་ལྷུ་རྐང་དུ་བཞུར་ནས
འཁྱག་སིབ་སིབ་ཀྱི་གདུང་སེམས་འདྲ་བའི་ཆུ་འཁྱག་འཕོ
སྙན་ངག  ཁྱོད་ནི་ང་དང་འགྲོགས་པའི་ནག་རོག་རོག་གི་གྲིབ་མ་དེ་མ་ཡིན་ནམ
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅོར་འཇམ་གྱི་སྙན་ངག་འགའ།

2013-09-30 ཅོར་འཇམ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།