སྙུག་སྟོབས་བདེ་གྲོལ་གྱི་བཅད་རྩོམ་སྙན་ངག་ཕྱོགས་བསྒྲིགས།

སྙུག་སྟོབས་བདེ་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-02
 
  ཕ་ཡུལ།   ལ་སྟོད་དིང་རི།
  སྨྱུག་མིང་།  སྙུག་སྟོབས་བདེ་གྲོལ།
  དགའ་ཕྱོགས།  སྙན་ངག་དང་འབོལ་རྩོམ་བརྩམས་སྒྲུང་།

           མཛེས་མ་ཚོར་འདི་ལྟར་ལབ་ན།
ཆུ་མོས་རྡོང་ཀ་གཞུ་ལ་ཉ་མོས་དངངས་འདར་བྱེད།།
གཟིག་གིས་མཆེ་སྡེར་ངོམ་ཞིང་ལུག་གིས་མིག་མཆུ་འདོན།།
ལྦ་མོས་གཡོ་རྒྱུ་འཁྲབ་ཅིང་བོད་ཁྱི་ངུ་སྐད་འཆོར།།
དེ་རིང་བསུས་པའི་བག་མ་ཁྱོ་གའི་མཆན་འོག་ཤུམ།།
 
རྩེ་ཤིང་དག་གིས་སྙིང་བརྗེའི་མིག་ཆུ་ཤམ་ཤམ་ལྷུང་།
མེ་ཏོག་འདི་ཚོས་རླུང་དང་མཉམ་དུ་སྐྱོ་གླུ་ལེན།།
ཆུ་བོ་བཞུར་གྱིན་བཞུར་གྱིན་སེམས་གསོ་ཡང་ཡང་བྱེད།།
བག་གསར་འདི་ལ་འུ་ཚོས་སྙིང་བརྗེ་བྱེད་ལགས་སམ།།
 
རི་བོས་མགོ་བོ་དུད་ཅིང་སྤྲིན་པས་ངུ་ཚིག་འདོན།།
ཆར་པས་སྐྱོ་ཆར་ཕབ་ཅིང་འབྲུག་གིས་ཚིག་ངན་བསྒྲོག།
ཚངས་པ་ཁོང་ཁྲོས་བཟི་སྟེ་ཆད་པ་སྤྱོད་ལ་བྲེལ།།
མཛེས་མས་ད་དུང་འདི་ལྟར་བསྡད་ན་འགྲིག་གམ་ཀྱེ།།
 
             ལག་པ་སྐྱོང་ཤེས་པ་ཙམ།
སུ་ཡི་དཀའ་ངལ་ཤེས་པར་མི་བྱེད་ཅིང་།
ཁོ་ཚོའི་མྱ་ངན་རྟོགས་པར་མི་འདོད་དེ།།
རང་གིས་ལག་པ་གཤེད་ཀྱིས་སྐྱོང་བཞིན་དུ།།
མ་ཎི་གསལ་མིན་འགའ་ཞིག་འདོན་པར་བྱེད།།
 
ཕ་ཡུལ་ཆོས་ལྡན་ཞིང་དེ་ཡིན་པས་སམ།།
བོད་མི་བྱམས་སེམས་ཆེ་བས་ཡིན་ནམ་ཀྱེ།
ཐག་རིང་རྒྱ་ནག་ཡུལ་གྱི་སྤྲང་བོ་ཡང་།
གནས་འདིར་ངལ་བས་རུབ་ནས་ཡོངས་བཞིན་འདུག།
 
རྒྱལ་ཕྱི་རྒྱལ་ནང་སོགས་ནས་ཡོངས་བའི་མིར།།
རྣ་བ་ཟན་ལ་ཡིད་དམུག་སྐྱེ་བར་བྱེད།།
བོད་མི་སྤྲང་བོ་ཞེས་བའི་ཐ་སྙད་སློང་།
ང་ཚོས་ང་ཚོ་མིན་པའི་སྤྲང་བོ་བསྡུ།།
 
བྱམས་དང་སྙིང་རྗེ་ཧ་ཅང་ལེགས་མོད་ཀྱང་།
ལག་པ་བསྐྱང་མ་ཐག་དུ་བསྟེར་བ་འདི།།
ལེགས་ཉེས་བློ་འབྱེད་དབེན་པའི་ཕག་དང་འདྲ།།
དེ་འདྲའི་ལྐུག་རྟགས་མ་བསྟོན་སྤུན་ཟླ་ཚོ།།
 
ཐེངས་གཅིག་ཐེངས་གཉིས་སྐྱོབ་པ་ལུགས་ཡིན་ཀྱང་།
ནམ་ཡང་ལག་པ་བསྐྱང་ནས་འཚོ་བ་འདི།།
ལས་བྱ་བསྒྲུབ་པར་ཁག་ནས་གཡོལ་བ་ཡིན།།
དེ་ལྟའི་སྤྲང་བོར་སྙིང་རྗེ་བརླག་ན་དགའ།།
 
མིག་དང་རྐང་བ་ཞར་ཞིང་སྒུལ་བསྐྱོད་ཆད།།
བདེ་ཐང་མི་ལྟར་བྱ་བ་བསྒྲུབ་ཐབས་ཟད།།
འཚོ་གནས་བྱེད་པའི་ཐབས་ཤེས་དང་བོ་འདི།།
སློང་རྒྱུ་ཉིད་ལས་མེད་ན་བསྟེར་བར་ཞུ།།

            མདང་ནུབ་སྦི་རག་འཐུང་རྗེས།
ལྦུ་ཆང་སོབ་སྒྲ་བཏུང་ནས།།
མཛེས་མ་འགྲམ་དུ་ཉར་ཏེ།།
སེམས་པ་སྐྱིད་དུ་བཀོད་འདོད།།
གཟུགས་པོ་བདེ་ལ་བཀོད་འདོད།།
བཏུང་བཞིན་འཐུང་གྱིན་བདག་རང།།
མགོ་བོ་གས་ལ་ཉེ་སོང་།
ཕོ་བ་མེ་ཡིས་འཚིག་སོང་།
གྲོད་པ་ཆུ་ཡི་གང་སོང།།
གསང་སྤྱོད་ཡང་ཡང་བཀོལ་ཏེ།།
གོ་ལ་གཅིན་ཀྱིས་བཀང་ཡོད།།
ཨ་ཙི་དྭངས་གཙང་ཆུ་བོ།།
ང་འདྲའི་མགོ་སྟོང་འདི་ཚོས།།
བཙོག་པ་བཟོ་བ་མིན་ནམ།།
དྭངས་གཙང་མཁའ་རླུ་འདི་ཡང་།
ང་འདྲའི་སྒེར་སེམས་ཅན་ཚོས།།
དྲི་མས་སྦག་པར་བྱེད་འདྲ།།
ཨེ་མ་ང་ཡི་ནག་ཉེས།།
ཁྲིམས་གྱི་དག་ཐབས་མིན་འདུག།
སྲོག་གིས་འཇལ་ཆོད་མེད་འདྲ།།
ང་ནི་མི་ཚོགས་ནང་གིས།།
རྒྱལ་ཁབ་རིམ་པ་དང་པོའི།།
ནག་ཉེས་ཅན་གྱི་མེ་དེ།།
ང་ནི་མི་མང་ཁྲོང་ཀྱི།
སྡིག་ཆེན་དེ་ཡང་ཡིན་ནོ།།
 
       ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་གཏམ་༼སོ་ནམ་ཤོར་བའི་ལྗང་བུ༽ཞེས་པ་བཀླགས་རྗེས།།
ཁྱིམ་ཚང་བདེ་ཞིང་སྐྱིད་ལ་དྲོ་འཇམ་ཉི་འོད་འཕྲོ་ས་ནས།།
རང་རང་གཅིག་པོའི་ཆེད་དུ་བུ་ཕྲུག་བསྐྱུར་བར་ཡ་རེ་ང་།
བསམ་མྱོང་མེད་ལ་དྲན་ཡང་མི་ཕོད་པ་ཡི་བྱ་ངན་དེས།།
ཁྱོ་བོ་ཧད་དེ་ལུས་ཤིང་མགོ་བོ་གས་ལ་ཉེ་བར་འདུག།།
དེ་འདྲ་དེ་འདྲའི་བུ་མོར་མི་ཡི་འདུ་ཤེས་ཡོད་ལགས་སམ།།
འདུ་ཤེས་དབེན་པའི་བུ་མོ་འདི་ནི་ཁྱིམ་ནས་ཕུད་མ་ཐག།
ཁོ་ཡི་ཁྱིམ་ནས་ཆག་སྒོ་རབ་དང་རིམ་པས་ཉོས་པར་གྱུར།།
དང་པོ་ཕ་རྒན་ཤི་ཤིང་སྡུག་གི་དུག་ནག་ལྷོག་ལྷོག་འཕྱུར།།
གཉིས་པ་རང་གི་མྰ་ཅང་བདེ་གྲོགས་ཤིག་ཏུ་ངོམས་ཏེ་རྩེད།།
གསུམ་པ་བུ་ཕྲུག་སྤྱང་ལ་གྲུང་བ་དེ་ཡང་འཁྱམ་པོར་གྱུར།།
དེ་ལྟ་དེ་ལྟར་ཁྱིམ་ཚང་སྐྱ་བོ་སྐྱ་བོར་གྱུར་ཞིང་འགྲོ།
ཐམས་ཅད་ཁྱོད་ཀྱི་ལན་པ་མིན་ཞེས་བཤད་པར་མི་བྱ་ཞིག།
སྐྱོ་ཞིང་སྐྱོ་བ་སྤྲང་པོའི་འཚོ་བ་དངོས་འདྲ་བསྐྱལ་བའི་བུར།།
ཇི་ལྟ་ཇི་ལྟར་བསམ་ཀྱང་ཕྲུ་གུར་ཅི་ཡི་འགན་འཁྲི་ཡོད།།
དང་པོ་ཨ་མས་འཆལ་མོ་རབ་ཅིག་བྱས་པས་ཡིན་འདྲ་རེད།།
གཉིས་པ་ཨ་ཕས་ཁྱིམ་མཐོང་མེད་པའི་འཁྱམ་པོ་རྩེ་ཅིག་བྱས།
དེ་འདྲའི་བུ་ལ་སྙིང་རྗེའི་མེ་ཏོག་སུ་ཡིས་གཏོར་ལགས་སམ།།
ང་ནི་སེམས་པ་ཁྲེང་ཞིང་མིག་ཆུའི་རྒྱ་མཚོ་ཟོས་ནས་འདུག།
ང་ནི་ཁྲོ་ཉམས་བསྡུས་ནས་དམོད་མོ་བོར་བར་བྲེལ་ནས་འདུག།
བུ་ཕྲུག་དེ་ལྟར་མི་ཟོ་བ་ཡིས་དམ་བཅའ་བཞག་ནས་ཡོད།།
ཆུང་མ་དེ་འདྲ་མ་ཐུག་པ་ཡིས་སྨོན་ལམ་བཏབས་ནས་འགྲོ།
                ༢༠༡༣ ༥ ༢༦ ཉིན

          སྡེར་སེན་ཡོད་པའི་མི།
སྡེར་སེན་ཡོད་འདྲ་མཇུག་མ་ཡོད་འདྲ།།
མཆེ་བ་ཡོད་འདྲ་སྤུ་ཚོགས་ཡོད་འདྲ།།
སྤྱན་གཟན་ཡིན་འདྲ་མི་ཡང་ཡིན་འདྲ།།
ང་ཡི་དབྱེ་འབྱེད་ལེགས་པར་མི་ཤེས་སོ།།
 
སྲིན་པོ་ཡིན་འདྲ་མི་མགོ་ཡོད་འདྲ།།
ཤ་ཁྲག་གཉིས་ལ་བརྔམས་བཏུང་བྱེད་སྐབས།།
ལངས་ཟུག་ཅན་གྱི་སྤྱན་གཟན་དེ་ཚོས།།
ང་ཡི་ནོར་གནག་བསད་པར་ཁག་ཅི།།
 
འཚོ་བཅུད་ཡོད་ཅེས་ཞིམ་མིན་གླེང་གི།
སྔོ་ཚལ་ཟོས་ན་འཚོ་བཅུད་མེད་ཟེར།།
སྡིག་སྲིང་སྦལ་བ་ཟ་རྒྱུར་དགའ་འདུག།
ཡང་ཉིན་ཞི་བདེའི་འཛམ་གླིང་ཡོང་ངམ།།
 
མི་ཤ་ཟ་མིན་ཤད་པར་དཀའ་སོང་།
ས་གཏིང་ས་འབུ་ཐར་ཐབས་མིན་འདུག།
ཨེ་མ་ང་ཡི་འབུ་གྲོགས་ཁྱེད་ཚོ།།
ང་ཡི་ཁོག་པའི་ནང་དུ་ཚངས་ཤོག།

           ང་ཡི་སྒྲོལ་མ།
ང་ཡི་སྒྲོལ་མའི་སྣ་ནི་རན་ལ་འཚམ།།           
མིག་ཟུང་གཉིས་ཀྱང་ཆེ་ལ་སྒོར་ཞིང་སྒོར།
སྒྲོལ་མའི་ཕྲ་ས་ཕྲ་ལ་ཆེ་ས་ཆེ།
སྒྲོལ་མ་མཛེས་མའི་ནང་གི་རྩེ་གྲ་རེད།།
ཁྱེད་ནི་ང་ལ་དགོས་པའི་སྒྲོལ་མ་རེད།།
 
སྒྲོལ་མའི་དཀར་ས་དཀར་ལ་དམར་ས་དམར།།
སྒྲོལ་མས་འཇམ་སར་འཇམ་ལ་རྩུབ་སར་རྩུབ།།
སྒྲོལ་མས་རང་སྐད་བརྩོན་བཞིན་གཞན་སྐད་སྦྱོང་།
སྒྲོལ་མ་བོད་ཀྱི་སྲོག་སྲུང་སྒྲོལ་མ་རེད།།
སྒྲོལ་མ་གདོང་དམར་བོད་ཀྱི་མཚོན་རྟགས་རེད།།
 
སྒྲོལ་མས་གཞན་ལ་མིག་ལོག་ལྟ་ས་ནས།།
ང་ལ་མིག་གི་འོད་སྣང་གསལ་སེ་གསལ།།
སྒྲོལ་མ་མཛེས་མའི་ནང་གི་མཛེས་མ་སྟེ།།
གཞན་གྱི་འོ་ཟུང་བཙན་གྱིས་ཕུར་ཀྱང་རུང་།
མོ་མཚན་ནམ་ཡང་གཞན་ལ་སྤྲོད་པ་མིན།།
དེ་ཡི་ལྡེ་མིག་ང་རང་ཅིག་པོར་གནང་།
 
སྒྲོལ་མ་གཞན་ལ་ཇི་ལྟར་སྡང་ན་ཡང་།
རྒས་ཞིང་གོག་པའི་མི་བུ་རྣམས་ལ་བྱམས།།
སྒྲོལ་མ་ཇི་ལྟར་བྱམས་པར་གྱུར་ན་ཡང་།
རང་གི་དགྲ་བོ་རྣམས་ལ་ང་ལས་སྡང་།
དེ་འདྲ་དེ་ཡང་བཙན་པོའི་རྟགས་ཤིག་རེད།།
ང་ཡི་སྒྲོལ་མའི་མདུན་དུ་མཛེས་མ་འགས།།
ཕྲག་དོག་བྱེད་ལ་འགའ་རེ་ཡིད་སྨོན་འཕྱོར།།
ཕོ་གཞོན་རྣམས་ནི་མོ་ལ་ཆགས་ནས་མྱོས།།
 
ང་ཡི་སྒྲོལ་མར་ཡོངས་སུ་རྫོགས་ཤིང་རྒྱན།།
སྒྲོལ་མ་རྒྱན་གྱི་ནང་གི་འོད་རེད།།
སྒྲོལ་མ་མཛེས་མ་རྣམས་ཀྱི་ན་ཟུག་རེད།།
སྒྲོལ་མ་ཕོ་གཞོན་རྣམས་ཀྱི་མེ་ཏོག་རེད།།
ང་ཡི་སྒྲོལ་མ་ནམ་ཡང་ང་ཡི་རེད།།
སྒྲོལ་མ་ང་གཉིས་ནམ་ཡང་བདེ་སྐྱིད་རེད།།
དེ་རིང་མི་ཚོགས་སྟུག་པོའི་ཁྲོད་ནས་ནི།།
ཁྱོད་ལ་ལག་འཇུ་གཏང་སྟེ་ཁྲོམ་ལ་འགྲོ།
 
      ༢༠༡༣ ༥ ༡༧ ཉིན
 
བོད་ལྗོངས་སློབ་ཆེན་གྱི་བོད་སྐད་ཡིག་དགེ་རྒན་འཛིན་གྲྭའི་སློབ་ཐོན་སློབ་མ་སྒྲོལ་མ་ངེད་གཉིས་ཀྱི་འབྲེལ་འདྲིས་དང་འགྲོག་ནས་སྦྱར་བ་ཡིན་ལ་མོ་ནི་ང་རང་ཆེས་དགའ་སའི་བུ་མོ་ཞིག་ཡིན། རྒྱུ་མཚན་གང་ལ་ཞེས་ན། མོ་ཡང་བོད་ཀྱི་རིག་གནས་ལ་ཧ་ཅང་དུངས་བ་ཟབ་པས་ཡིན་རྒྱུ་རེད།།

ང་ཚོར་ཡིད་རྟོན་ཡོད་དམ།
 
ང་ཡི་བཏོན་པའི་དྲི་བ་མཐོས་མ་ཉིད་དུ་ལན་ནི་འདེབ་མཁན་མང་ཚོད་རེད།།
ལན་གྱི་ནང་དུ་བོད་ཀྱི་རིག་གནས་ཡག་པའི་ཡག་རབས་མང་དུ་བསྲེས་བྱས་ཏེ།།
ང་ཚོར་ཡིད་རྟོན་ཡོད་ལ་གཞན་ལ་ཕན་སེམས་ལྷག་པར་ཆེའོ་ཟེར་བར་ངེས་ཀྱང་།
ཡང་ཉིན་དོན་དམ་རང་གི་ཕན་པ་བསྐྲུན་དང་གནོད་པའི་ནག་ནོག་ལས་ངན་དག།
རང་གི་དམར་ཆུང་སེམས་ཀྱི་སྟེང་དུ་ལག་པ་གཉིས་པོ་བཞག་ཏེ་སོམས་དང་ཤེས།།
 
མི་ཚོ་འཇར་མན་ཡུལ་དུ་ཡིད་རྟོན་མེད་ན་འཇོན་ཐང་ཇི་ལྟར་ཆེ་ཡང་རུང་།
ཕོ་བ་རྒྱག་པའི་ལས་ཀྱང་མི་སྤྲོད་ལས་ངན་དེ་དག་ཤུགས་ཀྱི་བཀག་པ་རེད།།
ནག་མེད་མི་བུ་དག་ལ་སྤྱི་སྒེར་མང་བོས་ཟ་གཟུར་མང་ནས་རོགས་རེ་བྱེད།།
འུ་ཅག་ཡུལ་དུ་དེ་འདྲིའི་ཀུན་སྤྱོད་ལེགས་པར་མི་སྲུང་ཁྲམ་དང་གཡོ་རྒྱུ་སྱུང་།
འུ་ཅག་མེས་པོས་བཞག་པའི་ཕ་ནོར་དེ་འདྲ་མ་རེད་གཟུར་བོའི་ལས་དག་རེད།།
 
བསམ་ཞིང་བསམ་ན་འུ་ཅག་ཡུལ་དུ་དེ་འདྲིའི་སྤྱོད་བཟང་རྣམས་ནི་ལེན་རེ་དགོས།།
དྲན་ཞིང་དྲན་ན་མེས་པའི་མཛད་རྗེས་བརླགས་པས་ངུ་རེ་ཤོར་ལ་ཁོང་རེ་ཁྲོ།།
ཇི་ལྟ་ཇི་ལྟར་བསམ་ཀྱང་སྔོན་སོང་བྱ་བ་ཐམས་བཅད་ཕྱིན་ཏེ་ལོག་པ་མེད།།
དེ་ལྟ་དེ་ལྟར་ད་ལྟའི་འཁོར་ཡུག་འདི་དང་བསྟུན་ཏེ་དགོས་ངེས་དག་ནི་ལེན།།
མ་འོངས་ལམ་བུ་དག་ནི་ཁ་གཞེང་ཆེ་བའི་རྒྱ་ལམ་ཞིག་ཏུ་བསླེབས་པ་ངེས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙུག་སྟོབས་བདེ་གྲོལ་གྱི་བཅད་རྩོམ་སྙན་ངག་ཕྱོགས་བསྒྲིགས།

2013-09-02 སྙུག་སྟོབས་བདེ་གྲོལ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།