རླུང་བུའི་སྙན་ངག་བདམས་བཀོད།

           གཉིད་ལབ་མ་ཡིན་པའི་དྲན་པ །  

བར་ཐག་རིང་ནས་རིང་དུ་བཀྱེད་དེ
ད་ལྟ་འུ་གཉིས་བར་གྱི་མི་དང་རི་བོ་དག་བསྐོར་བའི་ལྕགས་རི་མཐོང་མི་ཐུབ
རྐང་པ་སྤོ་ཚུལ
མེ་དམར་པོའི་ནང་འགྲོ་ཚུལ་ཡིན
ཉབ་ཉོབ་པར་གྱུར་བའི་མདུན་ལམ་ཕྲ་མོ་ཡི་དབུས་སུ
ལྭ་བ་དཀར་པོ་གྱོན་པའི་ནད་གཡོག་མ་ཞིག་གི་རྒྱབ་གཟུགས་ནི
ཇི་འདྲའི་རྩ་ཆེ་བའི་ནོར་བུ་ཞིག་རེད་ཨང

ལམ་འགྲམ་གྱི་རྡེའུ་དག
ཞོགས་པར་གཞན་ལ་ལེགས་སྐྱེས་ཉོ་རུ་བརྗེད་དེ
གཞན་ལ་དྲན་རྟེན་དུ་བྱིན
དྲོད་སྦུག་གི་ཚ་རླབས་ཀྱིས་དྲན་རྟེན་དུ་མ་ཁྱེར་བའི་ལོ་མ་དང་དངོས་པོ་འགའ
ནེམ་བརླན་བརླན་དུ་གྱུར་དེ་སྒོའི་ཧྲག་བར་ནས་འཛུམ་གྱིའི་དེད་འོང
བྱེ་མ་ནི  ལུག་ཁྱུ་རྒྱབ་ལྗོངས་བྱས་པའི་ལྡེབས་རིས་ལས་ཚུར་བྱོ་སོང
རླུང་ནི  དྲན་པ་བཀླགས་བྱེད་ཙམ་དུ་བརྗོད་རུང
གནས་ངེས་མེད་དུ་འཁྱམ་ཏེ་ལག་པའི་ངོས་ཀྱི་རི་མོ་གསུབས་ཐུབ་མི་འདུག
ཞོགས་པ་ལ་འཚམས་འདྲི་ཞུ་བ་དང
མཚན་མོ་ལ་བདེ་མོ་འཇོག་པ་དེའི
འཆི་བའི་ལྭ་བ་ཡི་དྲོད་ཁོལ་གྱིའི་རྩེད་འཇོ་ལ་ལག་བརྡ་གཏོང་པའམ
གནས་གང་ཞིག་ནས་དུས་ཚོད་ཀྱ་འདོད་བློར་ཁེན་ཏེ
གྲིབ་མ་གཉོར་བའི་ཕྱོགས་ཙམ་གྱི་སྐོར་ལབ་གླེང་རེ་བྱེད
རྒྱང་རིང་གི་གྲིབ་མ
འདི་ཕྱོགས་སུ་བསྲིངས་པ་ཙམ་གླེང
མཚམས་ལན་རེར་དུས་ཚོད་ཀྱི་མདའ་རྩེ་ལས་ཁྲག་ཐིགས་འབབ་ཀྱིན་པ་ཙམ་གླེང
འདི་དག་ནི
དུ་བ་ཤོག་དུལ་རྐང་གཅིག་ལ་མེ་བསྒོས་པ་དང་འདྲ་སྟེ
ཁང་བའི་སྒོ་མོ་གཞན་གྱིས་དམ་པོར་གཏད་པ་དང་ཡང་འདྲ
མཚན་མ་རུབ་གོང
བདག་པོ་ཡིན་པའི་སྨན་གཡོག་མའི་གདོང་ཁེབ་བྱས་ཏེ
སྤྱོད་ཁང་གང་དུ་ཡོད་པ་འདྲི་དགོས
སྤྱོད་ཁང་ལ་བསྟོད་ཚིག་ཀྱང་འབྲི་དགོས
གཅིན་པ་མ་བཏང་བར་མི་སྡོད་པ་དང
སྐྱག་པ་མ་བཏང་བར་མི་སྡོད་པའི་རྣམ་པ་འདིའི
སྤྱོད་ཁང་ལ་བསྟོད་ཚིག་འབྲི་བར་ལོབས་དགོས

            འདས་པའི་རྨི་ལམ།

སྨུག་པ་འཐིབ་པའི་རྫ་སྒང་ཞིག་ནས
རྒྱབ་གཟུགས་ཆ་འགྲིག་གཉིས་མག་མོག་རབ་རིབ་ཏུ་གྱུར་ཏེ
མི་སྣང་བའི་རྗེས་སུ
ཆར་ཐིགས  མདེའུ་རུ་གྱུར་དེ་ཀླད་ཆེན་གྱི་གཙིགས་ནས་རྐང་བའི་མཐིལ་བར་ཨི་ཁུང་བར་བརྟོལ་སོང
གཤེར་ཁུ་ཁོ་ནའི་མངོན་སུམ་གྱི་འདས་དོན་གླེང
རང་གི་གྲིབ་མ་མིན་པའི་གྲིབ་མ་གཞན་ཞིག་གི་ངོས་སུ་རི་མོ་ཕྱིར་འཁོར་བྲིས
ད་ལྟ་བ་གླེང་ཐུབ་བྲལ་ཏེ་ཤོག་བུའི་ཞིང་ཁམས་གླེང་ཐུབ་བྲལ
སྨུག་པ་ལྡོམ་པོ་ཞིག་གིས
དེ་དུས་ཀྱི་ས་ཁྲ་དང་སྨུག་པ  མེ་མདའ  མལ་སྟན
རླུང་གི་དབང་བསྒྱུར་བའི་མིག་མཐའ
མི་རྣམས་གཉིད་མི་འོང་བའི་དུས་ཆེན་དག      གློ་ཁུག་ཏུ་བསྡུ་གསོག་བྱས
འདམ་རྫོབ་ཀྱི་རྣམ་ཐར་དེ་ལས་ཕར་བརྒལ་རེག་བར
འཇིགས་སྐྲག་གི་མཁར་གྱང་ལས་ང་མདའ་མོ་བཞིན་འཆོར་བར་མ་ནུས

          འཆི་བའི་གླུ་དབྱངས།

གངས་རི་ནི་སྐྱོ་ངལ་གྱིའི་ཞི་མ་ཐུབ་པར་གཞིག་ན
བཀྱིགས་ཐག་ཚ་བོ་ཞིག་དགོསཔ་འདྲ་བས
ང་ཚོའི་ད་ལྟའི་བར་ནང་སེམས་དུ་གསོག་གསོག་པའི་མེ་དཔུང་ནི
ཁྱི་རྒན་ནད་པ་ཞིག་གི་ཁྱི་སྐྱག་ལའང་མི་དོ
དཔེ་དེ་འདྲ་ཡོད་པ་མ་རེད་ཅེས་ང་ལ་སུ་ཞིག་གི་བསྡིགས་བསྡིགས་ནའང
མིག་ཟུང་གིས
མགོ་བོའི་དྲང་འཐད་ཀྱི་དངོས་པོར་འགྱུར་བ་གཏོང་བའི་ཐབས་ཤིག་མི་འདུག

ཕུག་པ་རིང་བོ་ཞིག་དང་འདྲ་བའི་འཚོ་གནས་ཀྱི་གླགས་བར་ནས
ཁ་མང་པོ་ཞིག་དྲག་ཤུལ་གྱི་བརྫངས་གིན་པར་བལྟས་ན
མི་ཡི་ལྕེ་ཐོག་ན་བཀྲ་བའི་མདོག་ལྡན་གྱི་ཕོ་བྲང་དེའང
རུལ་མྱགས་སུ་གྱུར་དེ་མཐའ་མར་རང་གི་མིད་པ་བསྒགས་ངེས

          ཞོགས་པའི་ཁར་འགྲེངས་བ།

་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་
ཚེག་ཐིག་རེ་རེའི་མཚོན་བྱེད་ནི་སྦྲུལ་རེ་རེ་ཡིན
སྦྲུལ་མང་པོ་ཞིག་གི་འགྲམ་དུ་ལག་པ་མང་པོ་ཞིག་འགུལ་གྱིན
དེའི་གྲས་ཀྱི་ངའི་ལག་པས་སྙུག་གུ་ཐོགས་དེ་སྙན་ངག་འབྲི་གིན་ཡོད

མཚན་མོ་སླེབས་སོང མི་རྣམས་སྦྲུལ་ལ་སྐྲག་ཏེ་གཉིད་མི་ཁུགས་ཟེར
ཐུལ་སྤུང་རེ་རེའི་འགྲམ་དུ་སྦྲུལ་གྱི་འཕག་འཚག་ལ་ཉན་རྗེས
ཕྱིར་ས་ནག་གི་གཞིས་ཀར་ལོག་སྟེ
མུན་པའི་ནང་དུ་འོ་མ་དང་མེ་ལྕེ་ལོངས་སུ་སྤྱད
མི་རེ་རེའི་ངོ་གདོང་ངམ་ལུས་ཀྱི་སྨེ་བ་ནི
སྦྲུལ་ཁྲའི་སྟེང་གི་ནག་ཐིགས་རེ་རེར་
སྦྲུལ་རེ་རེའི་ལུས་དྲི་མེ་ཏོག་ལ་བསྒོས
མེ་ཏོག་གིས་ས་ཆེན་གཡི་གཞི་ལ་བསྒོས

་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་
སྦྲུལ་རེ་རེ་མི་ཚོའི་དུར་སའི་མགོ་རུ་ནུར
མ་ཤི་བའི་ཡར་སྔོན་གྱི་གཏམ་རྒྱུད་དྲུད་དེ་འོང
ལྷམ་ཆུང་ཞིག་གི་དོན་དུ་ཟད་ཀྱིན་པ་འཆད་དེ་ནམ་ལངས་པར་བྱས
མིག་ཤེལ་གྱོན་པའི་སྦྲུལ་ལ་བལྟ་བའི་གོ་སྐབས་དབེན་ཡང
ཧ་ཅང་ལྕི་བའི་ནམ་མཁའི་འོག་ཏུ
མདང་ནུབ་ཀྱི་མེ་ལྕེ་དང་འོ་མས་ཞོགས་པ་གླེང་བར་ཞུགས

           ལྷ་འབུམ་མཚོ་ལ་བྲིས་པའི་སྙན་ངག་བཞི་བ།

རུས་པའའི་ནང་དུ་མེ་ཏོག་གི་དྲི་བསུང་མྱོང་བའི་ཆར་བས
ལྕུགས་སྦུག་ནང་གི་ལུས་པོ་ལ་ཁ་བཏགས་བསྩལ
ང  ཕྱིར་ལོག་པར་མི་བྱ
ཡན་ལག་གང་རུང་དབྱངས་དང་མཉམ་དུ་སྐྱོམས
ཁྱེད་ཀྱི་ལག་པས་ངའི་གདོང་ལ་འཕྲད་མི་ཐུབ་པ་བཞིན
ངས་ཀྱང་ཁྱེད་ཀྱི་མཆི་སྒྲོས་ལ་འོ་སྦྱོར་བྱེད་མི་ཐུབ
དྲན་པ་ཡི་བསྲེགས་ཐུམ་སྟེང་དུ  གྱེས་བྲལ་བྱུང
དེ་ནས་བཟུང
མེ་ཏོག་ཐེའུ་ཡི་བརྡབས་གསིག་གིས་ངས་དབུགས་ལམ་བཅད

           དྲན་པ་མཆོག་ཏུ་གྱུར་པ་ཞིག

སྐྱག་པ་གཏོང་ཞོར་དུ་ཐགས་བཞིན་པའི་མཆོད་མེ་ཞིག་དྲན
གསལ་ལ་མི་གསལ་གྱི་མཚམས་སུ་སྣང་བ་གཅོགས་པའི་མག་མོག་རབ་རིབ་ཅིག་མ་ཡིན
དྲན་པ་ཞིག་ཡིན

སྐྱག་དྲི་ཡི་གསེབ་ཀྱི་གཙང་བོའི་གཡོར་གྲུ་ལ་བསྡད
དྲན་པའང་དྭངས་གཙང་གི་རླབས་གཉེར་ལ་བསྡད
 
           དྭངས་གཙང་གི་མྱ་ངན་ཞུ་ཡིག

ཤི་མ་གསོན་གྱི་སྐབས་སུ
གསོན་པའི་ལམ་གདམས་བྱུང
སྙིང་བོ་ཡོད་པར་འཐད་ནས་གདམས་པ་ཞིག་མིན
མི་ཞིག་ང་དང་བར་ཐག་བཀྱེད་དེ་རྒྱང་དུ་བཞུད
མི་གཞན་ཞིག་འང་ང་དང་བར་ཐག་བཀྱེད་དེ་རྒྱང་དུ་བཞུད

           ཨང་གསུམ་པ་དེ་མེད།

དབྱར་གཞུང་ལ་བསྒུག
དེ་ལའང་སྙིང་བོ་མེད་པར་སྣང
གཞན་སུ་ལའང་དད་པ་མེད་པར་གྱུར
སྐྱེ་བ་སྔ་ཕྱི་ཁས་ལེན་མི་འདོད་པ་ཞིག་ཏུ་གྱུར

མཇུག་མཐར ངུ་མ་དགོད་དུ་གྱུར་དེ
རྙིང་རྒྱུ་མེད་པའི་སྐྱེད་ཚད་བརྒྱུད

           འདྲེ་ཡི་ཟིན་བྲིས།

དེ་རིང་ངའི་ཁང་བའི་ནང་དུ
མི་ཞིག་ཐོན་བྱུང

མི་དེའི་གོམ་སྒྲ་ཐོས་ཐུབ་མ་བྱུང
མི་དེའི་སྒོ་མོ་བརྡུངས་བ་ཐོས་ཐུབ་མ་བྱུང

མི་དེ་ནི་བརྗེད་ངེས་རྐུན་པོའི་ཁྱེར་བའི་འདྲེ་ཞིག་ཡིན
ཁོ་ལ་ལྡེ་མིག་དང་ལག་པ་གཉིས་ཀ་མེད
སྒོ་གང་རུང་བརྗེད་དེ་ནང་དུ་ཐོན་འོང་བ་ཞིག་ཡིན

ཞོགས་པའི་ཁར་སྒེའུ་ཁུང་ལ་བལྟ་སྐབས
ཁོ་རང་མཐོང་ཐུབ་མི་འདུག
འོད་དང་འདྲེས་དེ་དཀར་པོར་གྱུར
མཚན་མོའི་ཁར་བལྟ་སྐབས
མཚན་སྨག་ལ་འདྲེས་དེ་མཐོང་ཐུབ་མི་འདུག

           དགུན་གཞུང་ཞིག་ལ།

ཤེལ་སྒོ་ཁྲག་གི་མཚོ་མོར་གྱུར་དེ
ཨག་སྐད་འདོན་པའི་ཁྭ་ཏའི་ཕྱོགས་སུ་གོམ་པ་སྤོ་ཐུབ་བྲལ
རང་གི་རྣམ་ཤེས་དང་དྲན་པ་ཧྲུག་ཆག་གས་ཆག་ཏུ་བཏང་སྟེ
དགུན་གཞུང་གི་ཉི་འོད་ཀྱི་ཆག་རོ་སྒྲུག
རང་ནི
དགུན་གཞུང་འདིའི་མཐའ་མཇུག་གི་འཁྱག་རོམ་ཡིན
ཉི་མའི་བརྩེ་བའི་བཞུ་བའང་མཐའ་མ་ཡིན
རི་བོའི་གྲིབ་མའི་ནང
བུད་མེད་ཀྱི་ལག་པ་བསྒུག་ནས་རྒས་པར་གྱུར

སྐྲ་ལོའི་སྣེ་ནས་ཁ་བ་ཟགས
ཁ་བ  ཁྱིམ་མཚེས་སུ་གྱུར

གྲང་ལྷགས་ཀྱི་ནང་ཁྲོལ་ན་ལྡང་བའི་འདོད་པའི་ངོ་གདོང་གིས
འཛིང་རྡོའི་གསེབ་ཏུ་སང་ཉིན་གྱི་རྒུམ་བུ་འཐུ་བའི་བྱེའུ་དག་ལ་འཕྲད་པར་གྱུར་ཚེ
སེམས་ཀྱི་རི་རབ་དག
ལག་མཐིལ་ནས་ཕྱེ་མ་ཟེགས་པ་བཞིན
དགུན་ཉལ་བྱེད་པའི་སྲོག་ཆགས་དག་གི་མིག་ཀོང་ན་འཚུབ

          རླུང་ནང་གི་ཁ་པར།
 
འཁྱགས་རོམ་གྱི་སྦུབས་རྒྱ་ལས་གྲོལ་མ་ནུས་པའི་བརྡ་རྟགས་འདིའི
མཚན་ཕྱེད་ཀྱི་བྱེའུ་སྐད་ལ་ཉན་ཏུ་བཅུག་སྟེ
ང་རང  ཁོ་མོའི་མཁུར་མགོ་ན་ཉུལ་བའི་མིག་ཆུ་བྱི་བའི
མུན་པ་སྲབ་མོ་ཞིག་ཏུ་བསྒྱུར
སང་ཉིན  སྤྲིན་པའི་ཟེའུ་འབྲུ་སྦྲུམ་ཏེ
བྱེའུ་ལ་ཁམས་བདེ་ཞུ་དུས
ངས་ནི་ཁྱེད་རང་བྱེའུ་ལ་འཁྲུལ་ཏེ་རང་ལ་གཤོག་པ་སྐྱེ་རུ་བཅུག
དོ་ནུབ    རྡོ་བ་དགུ་བརྩེགས་ཀྱི་དོང་ཞབས་སུ
རང་ལུས་གཅེར་བུ་འདི་འོད་སྣང་ལ་བསྟེན་ནས་གྲིབ་གཟུགས་རྙེད་དུ་བཅུག
 
ལྷིང་འཇགས་སམ་ཁ་རོག་གེར་གྱི་དབུས་སུ
ལམ་སྣེ་གཅིག་ཅིང་མི་མཐོང
རང་གི་སྙིང་རྩ་བཤིགས་ཏེ་ཁྲག་གི་མེ་ཏོག་གི་བྲིས་པའི་འཕྲིན་པ
དྲག་རླུང་ནང་དུ་བསྐུར
ཆར་བའི་མ་འཇིགས་ཤིང་དྲག་རླུང་གི་མ་ཐུལ་བའི་ཕྱི་རོལ་གྱི་རྡོ་བ
ཁྲག་གི་མེ་ཏོག་གི་འདབ་མས་གས་པར་བྱས་ཤིང་ཟད་པར་བྱས
གཙང་བོ་སྔར་བཞིན་གཉིད་དུ་ཡུར་ཡོད
ནམ་གུང་འདིར  ངས་ནི་ལུས་དྲོད་ཀྱི་བསྐྱེད་པའི་ཚེ་སྲོག་ལྟ་བུའི་སྙན་ངག་འདི
འུ་གཉིས་ཀྱི་བརྡ་རྟགས་མཚོན་བྱེད་དུ་ཕུལ་ཞིང
ཁ་མི་གྲག་པའི་རྡོ་བའི་གསེབ་ཏུ་སྐྱ་རེངས་ཐོན་རག་བར་དུ
འཕུར་ཐུབ་པའི་གཤོག་པ་ཆ་གཅིག་བཟོས་པའང་ཀུན་ནས་མཚུངས
འུ་གཉིས་མ་འཕྲད་པའི་ཡར་སྔོན་གྱི  སྐད་ཆ་འདི་དག་གིས
བརྡ་རྟགས་མ་ཆད་པའི་ཡར་སྔོན་གྱི  སྐད་ཆ་འདི་དག་གིས
གང་ལ་བགྲོད་དགོས་པ་འཕྱི་མེད་པ་དྲན་པར་བསླངས་སོང
 
           འདི་དག་གི་རྗེས་སུ།
 
དུས་ཚོད་ཀྱི་རྗེས་སུ་ཁྲིད་པའི་རྒྱང་རིང་གི་འབོད་བརྡ་རིང་མོ་དེའི
ལོ་རྒྱུས་ཀྱི་ཁུག་མ་ལས་གསེར་གྱི་དོང་ཙེ་ཕྱེད་ཀ་ཞིག་ཕྱིར་བཏོན་དེ
མི་རྟག་པའི་དངོས་པོ་ལ་སྐད་ཅིག་མར་བལྟ་བའི་མིག་ཏེ་གནང་བྱུང
 
འགྱོད་གདུང་ངམ་སྤྲོ་དགའ་ཡི་བཏེགས་པའི
ཉི་འོད་དམ་ཟླ་འོད་ཀྱི་ནང་གི་མཆོད་ཆང་ལ་ཡང་ཡང་སྤྱད
 
བཙའ་ཆགས་མི་ཐུབ་པའི་ངོ་གདོང་གསོན་པོ་ལས
ཡང་དང་བསྐྱར་དུ
རྒྱང་རིང་གི་ལག་པའི་བཀབ་པའི་དུང་ཙེ་ཕྱེད་ཀ་འདྲ་བུའི
དངོས་པོ་མང་པོར་བལྟ་བུར་བཟོད་པའི་སྐད་ཅིག་མ་དེ་ལས་བདེ་སྐྱིད་ཀྱི་སྤུ་ཉག་གནང
ནམ་ཞིག
མེ་མདའི་ཁ་ནས་ཐོན་པ་མདེའུ་མ་ཡིན་པར
མེ་ཏོག་ཡིན་དུས་ཤིག་ལ
བདེ་སྐྱིད་ཀྱི་པགས་རྩག་གིས་རྗེས་སུ་ཁྲིད་པ་དུས་ཚོད་མ་ཡིན་ལ
འཆི་བ་འང་མ་ཡིན
དོང་ཙེ་ལའང་ལྗིད་ཚད་གང་ཡང་མེད

           གསང་བའི་མིག་གི་མཐོང་ལམ་ན།

མགྲིན་པའི་སྐད་གཏོང་བྱེད་དུ་ཁྲག་བབས་བྱུང
དམར་ཐིག་ཇེ་ཆར་སོང་སྟེ་བྱེ་མའི་ཀློང་གི་ལུག་ཁྱུར་འཐིམས
ཁྲག་ལ་འབུ་ཚོགས་རོལ   མགྲིན་པ་དཀར་སོབ་སོང་ཏུ་ཟོས་སོང
རང་གི་མ་རྙེད་པ་དེ
འབུ་ཚོགས་ཀྱིས་རྙེད་པར་མ་ཟད་ཡོངས་སུ་སྤྱད་ཚར
འབུ་ཚོགས   སླར་ཡང་འཕུར་ཡོང
ཤ་གཟུགས་སུ་སྐྱེས་པའི་རྫི་བོའི་གླུ་སྐད་བཏང་ཡང
ཡུལ་ལྗོངས་བསེད་ཐུབ་པའི་ངང་ཚུལ་མ་བྱུང

            གཙང་བོ།
 
ང་ནི་རྒྱང་རིང་ལ་དགའ་མཁན་ཞིག་ཡིན
ནོར་འཁྲུལ་མཐའ་དག་གི་ཁྲོད་ནས་རྒྱང་རིང་ལ་གྱེར
རྒྱང་རིང་ལ་གྱེར་བ་ནི་སྔོན་པོ་ཞིག་མཐོང་འདོད་པས་མ་ཡིན
མ་འོངས་བ་མཐོང་འདོད་པས་ཡིན
རྒྱང་རིང་གི་མི་ཞིག
ངའི་འགྲམ་དུ་འོང་སྟེ་ཅུང་ཟད་བསྡད་རྗེས
ཕྱིར་རྒྱང་རིང་དུ་ལོག་སོང
དེའི་རྗེས་སུ  ང་རང་གཙང་བོ་དགས་མཁན་ཞིག་ཏུ་གྱུར
གྱེས་བྲལ་ནི་ངའི་འགྲམ་དུ་ལྷག་ཞིང
ཉི་ཟེར་གྱི་སྐྲ་ལོ་ཡིས་ང་ལ་ཁེར་རྐྱང་གི་མཛེས་སྡུག་བསྩལ
ཁང་སྟོང་ཞིག་གམ་རྒྱང་སྲང་ཞིག
ལུང་ཁོག་ཅིག་གམ་རྩ་ཐང་ཞིག་ནས
རང་གི་ལགས་པས་ལུས་པོའི་གྲིབ་མ་ཕར་བདའ་ཐུབ་མི་འདུག
རུས་པའི་ཚེར་མ་གྱོན་གོས་ཀྱིའི་བཏིམས་ཅི་ཐུབ་བྱས
གྱེས་བྲལ་ནི་མངལ་སྦྲུམ་སྟངས་ཞིག་སྟེ
གཙང་བོ་རྒྱ་མཚོའི་གྲོད་པུའི་ཁོག་ཏུ་བཞུར་བ་དང
མངལ་སྦུམ་པའི་བུ་མོ་གཞན་ཡུལ་ནས་ཚེ་གང་བོར་སྡོད་པ་གཉིས་ནི་འདྲ
རྗེས་སུ
འཛམ་གླིང་ལ་གློག་ཆད་སོང
ཁ་པར་ནང་དུ་བརྩེ་འཕྲིན་ནི་གཅིག་ཀྱང་བསྐུར་མི་ཐུབ་པར་གྱུར
བར་མེད་དུ་རྒྱུགས་པའི་གཙང་བོ
ནས་འབྲུ་རྡོག་གཅིག་གི་སྙེ་མའི་གཞུང་རྟའི་ནང་དུ
དལ་གྱིའི་འཐིམས་པའི་གཙང་བོའི
མི་རྣམས་ཀྱི་རྐང་འོག་ཏུ་གསང་བའི་རུལ་དུ་བཅུག་པའི
སེམས་ཚེག་གི་སྐད་ཆ་ཁུར་ནས་དལ་གྱིའི་འབབ་ཀྱིན་ཡོད

            ཆུ་ནང་གི་སེམས་པ།

ཆུ་ཡི་ནང་གི་ཉ་མོ་དེ
ཆུ་ལས་ཕར་བརྒལ་ཚེ་འཚོ་དཀའ་བ་ཁྱེད་ཀྱིས་ལོས་ཤེས
ཁང་བའི་ནང་གི་ང་ནི
ཁང་བ་ལས་བརྒལ་ན་འཚོ་དཀའ་བ་ཁྱེད་ཀྱིས་མི་རྟོགས
ཁང་བ་སྐམ་པོ་ལ་དབུགས་མེད་པར་གྱུར
སྐྱེས་པའི་ལྗོན་ཤིང་ལ་སྨྱོས་པ་ལྟ་བུའི་ཞེ་སྡང་མཁྲེགས་པོ་ཡོད
སོ་ཕག་ལྷ་སྒྲུང་གི་ཤག་པོ
མིག་གི་ཕྱི་ལོག་གི་ཁང་བ
ཤེལ་སྒོའི་ནང་གསོན་པའི་མི་དག་དང་འདྲ་བར་ཕྱི་གསལ་ནང་གསལ
གཉེན་སྒྲིག་ཟིན་པ་དག་གི་ལག་ཏུ
ལོ་མ་ལེབ་མོ་རེ་བཟུང་ཞིང་ནམ་ཟླའི་ཤོག་བྱང་རྒྱན་གོས་སུ་བཀླུབས
གང་ནས་འོང་བ་མི་ཤེས་པའི་ནམ་མཁའ་དང་དོང་ལམ
ཚར་འཕར་གྱི་སློག་པའི་ལ་བརྗེ་ཐུབ་མི་འདུག
ན་ཆུང་མ་ཞིག་གི་རྒྱབ་ཤའི་གླེགས་བུམ་བཟོས་ཤིང
ས་རྡོ་ཁམ་དུ་ཕྱེ་བའི་དུས་ཚོད་ནང
ཁྱེད་ཀྱི་ཆུ་བུར་དུ  འགྱུར་བག་རྒོད་པའི་དུས་རབས་འདི་ལ་མྱུ་གུ་འབུས་སུ་བཅུག
ཉི་འོད་ཀྱི་གཤོག་པའི་བར་ལ་མཚན་མོ་ཡོད་དོ་ཅོག་གིས
ཡིག་འབྲུའི་གསེབ་དུ་ཡོབ་པའི་གསང་བ་དག
ཆུ་ཡི་ནང་དུ་ཉལ་དུ་བཅུག་སྟེ་མི་དག་གི་ལུས་པོ་བཀྲུས

           དེ་རིང་།

ངས་དེ་རིང་གླུ་དབྱངས་ཤིག
ཡང་དང་བསྐྱར་དུ་ལེན
ཡང་དང་བསྐྱར་དུ་ལེན
ཉི་མ་ནི་སྲོག་ལེན་བྱེད་དུ་འོང་བ་དང་མི་འདྲ་ནའང
ངས  གླུ་དབྱངས་ཤིག་ཡང་དང་བསྐྱར་དུ་ལེན
གནས་གཅིག་ནས་མི་སྡོད་པར
གནས་སྤོར་དེ་ཡང་དང་བསྐྱར་དུ་ལེན
ཉི་མ་ནུབ་པ་བསྟུན
སྣ་གླུ་ཐན་ཐུན་ཞིག་ཏུ་གྱུར་དེ་གདངས་མེད་པར་གྱུར
ཞོགས་པ་ནས་ས་སྲོད་བར་གླུ་དབྱངས་གཅིག་བླངས་པ་དེའི
ཀ་ཏོ་རའི་ནང་གི་ངོ་གདོང་བཀྲུས་ཤུལ་གྱི་ཆུ་རྙོག་ལ་བལྟས་དེ
ང་རང་སུ་ཞིག་ལ་དུས་ཆད་བྱེད་པར་མངགས་ཀྱིན་ཡོད
སང་ཉིན
འོད་ཟེར་ཅིག་ངའི་ཕྱོགས་སུ་འཕྲོས་འོང་ཚེ
ང་རང་ཆུ་བོ་ཞིག་ཏུ་གྱུར་རུང་ཅ་ཅོ་མི་སྒྲོག

          སེམས་གཙོ་རིང་ལུགས།

མུན་ནག་གི་མིག་ཟུང་ལས་གྱང་ཞིག་མཐོང
ངའི་གྲིབ་མ་བར་སྣང་དུ་ལྡིང་དེ་གྱང་ལས་བརྒལ་མཐར
སྙིང་ཉེ་བའི་མཛའ་མོ་ང་དང་གྱེས་སོང
མིག་འདུན་གྱི་དཔྱངས་ཟམ་ལས
མཛའ་མོ་ལས་མཆེད་པའི་ལུས་དྲི་འཁྲུལ་མེད་དུ་བསྣོམས་ཐུབ
སྒོ་ནག་པོ་མང་པོ་ཞིག་ཕྱེས་མཐར
ངའི་ཆུང་དུས་སུ་ཕྱེས་པའི་སྒོ་དེ་ནི
རང་གིས་ཕྱེས་པ་ཡིན་བསམ

           ཁྱེད་ཅག་གིས་ངའི་མཛའ་མོ་ཨེ་མཐོང་།

སྒོ་མང་པོ་ཞིག་ཕྱེས་རུང
ངའི་མཛའ་མོ་སྡོད་པའི་ཁང་བ་ཞིག་རྙེད་ཐུབ་མ་བྱུང
མུན་ནག་གི་མིག་ཟུང་ལས་གྱང་ཞིག་མཐོང
དེ་ཡི་སྒེའུ་ཁུང་ནི་ང་རང་ཉིད་ཡིན

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་བུའི་སྙན་ངག་བདམས་བཀོད།

2014-07-20 རླུང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།