སེར་ལེགས་འཕྲིན་གྱི་སྙན་ངག་བདམས་བཀོད།

IMG_2733.JPG 
  སེར་ལེགས་འཕྲིན་ནི་ཁྲོ་ཁོ་སྨད་མ་ཟེར་བའི་ས་མཐོའི་སྒང་གི་འབྲོག་སྡེ་ཆེན་པོ་དེར་སྐྱེས་ལ། ཁོས་སྔ་གཞུག་ཏུ་སྙན་ངག་མང་བོ་བྲིས་ཤིང་། 《བརྩེ་བའི་ཁམས》དང་《དབྱངས་ཅན་ལ་བྲིས་པའི་གླུ》ཟེར་བའི་སྙན་དེབ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་ལ། མི་རིང་བར་《སྐལ་བ་སྙིགས་མའི་གླུ་》ཞེས་པའི་སྙན་དེབ་ཅིག་ཀྱང་དགྲམ་ལ་ཉེ།

            སྨིག་རྒྱུ་རབ་རིབ།

             ༡
སྨིག་རྒྱུའི་ཆུ་དང་གློག་གིས་བཅིལ་བའི་
ངག་གི་མཆོད་མེ
ཡང་ན་སྨིག་རྒྱུའི་རབ་རིབ་ལ་ཐིམས་པའི་
ལུས་ཀྱི་མི་རྟག་པའི་ཆ་ཤས
སྨིག་རྒྱུ སྐད་ཅིག་མའི་ཡུན་ལ་
འཁྲབ་པའི་མིག་གི་ལམ་གྱི་འཁོར་བ་ཐུང་ཤོས
སྨིག་རྒྱུ ལྷིང་འཇགས་ཀྱི་ཞོགས་པ་དཀྲོགས་པའི་
རོལ་དབྱངས་ཟ་ཟི
སྨིག་རྒྱུ ཁྱོད་དང་འུ་གཉིས་བར་ན་བཞུར་བའི་
གཙང་བོ་རབ་མེད
སྨིག་རྒྱུ དགུན་གྱི་བུ་མོས་དཔྱིད་ལ་གཡར་བའི་
ཀཱ་ཤི་ཀའི་ཤམ་བུ་འཇམ་པོ་དེ་དལ་གཅིག་བདག་གི་
ལུས་ལ་གྱོན་ནས
ཁྱོད་ཀྱི་རྨི་ལམ་འཁྲུལ་བའི་ཞབས་འདྲེན་གྱི་
སྤྲུལ་བ་བསྒྱུར་བར་བྱེད
དེ་དུས་ཁྱོད་ཀྱིས་ང་རང་ལྟ་ན་སྡུག་པའི་
ཡི་གེ་ཞིག་ལ་འཁྲུལ་ཨེ་ཡོང
ངའི་མགོ་ན་བརྩེ་བ་མཚོན་བྱེད་ཀྱི་
གསེར་གྱི་ན་རོ་མེད
ང་ནི་གུ་གི་ཞབས་ཀྱུའི་སྐུད་པས་དཀྲིས་པའི་
གྲུ་གུ་ཞིག
ང་ནི་དུས་རབས་གསར་བའི་དམག་འཁྲུག་གི་
ཤུལ་དུ་ལྷག་པའི་ཤེལ་ཆག་ཅིག་སྟེ
ངའི་གདོང་ན་ད་དུང་ཨེ་ཙེའི་འགོས་ནད་ཀྱི་
རྨ་ཤུལ་ཟབ་མོ་ཡོད
            ༢
གནམ་གྱི་གས་ཁ་ལག་པས་མ་སིམ་པའི་མཚན་མོར
ཟླ་བའི་འོད་ཟེེར་ཆུ་རུ་གྱུར་ཏེ་རྨི་ལམ་གྱི་
ཟོ་བ་འགེངས་པར་བྱེད
ཚེ་རབས་ལས་ཀྱི་མ་ཕྱི་དཀར་པོ་དེའི་ངོས་གཅིག
ཁྲལ་དང་བུན་གྱི་རི་མོས་བཀང
ལུས་ཀྱི་མཐེའུ་ཆུང་གི་འོག་ཏུ་མནན་པའི་
རྡུལ་ཕྲ་རབ་ཀྱི་ཕུང་བོས་བར་སྣང་
གཏིབས་ཏེ
རྒྱང་རིང་གི་སྨིག་རྒྱུ་ཆུ་རུ་སྣང་བ་དེ་
རྡུལ་གྱི་ཐག་པ་ཞིག་ཏུ་བཅོས་ནས་
འདོད་པའི་ལྷ་མོ་ལ་དཀྲིས་གསུམ་བརྒྱབ་འདུག
མལ་སའི་ནང་གི་མིག་གཉིས་མ་ཕྱེས་པའི་བུས་པ་དེའི་
དོན་ལྔ་སྣོད་དྲུག་སྨིག་རྒྱུའི་རྡུལ་རླུང་གིས་བརྣངས་ཀྱིན
གདོང་ཉི་མར་ཕྱོགས་ཏེ་སྐད་ཆེན་པོས་ངུས
སྐབས་དེར་སྣང་བའི་ཁམས་ཀྱི་གངས་རི་མཐོན་པོ་དེ
སྨིག་རྒྱུའི་རབ་རིབ་ལ་འདྲེས་ནས་
རྒྱང་རིང་རྒྱང་རིང་ཞིག་ལ་ཡལ་སོང
འཕྲུལ་ཆས་ཀྱི་མི་མང་བོ་ཞིག་གི་ལག་ཏུ་
སྦྱོར་ཆུ་དང་འཛེར་མ་སོགས་ཐོགས་ཏེ
ང་ལ་མ་ཉེས་ཁག་གཡོགས་ཀྱི་བཙོན་ར་ཞིག་བཟོ་འགོ་བརྩམས
ངས་རང་གི་རྨི་ལམ་གྱི་རྟ་ཕོ་
རླུང་གི་རྨིག་བཞི་ལྡེམ་པ་དེ་བཞོན་ཏེ
སུས་ཀྱང་མ་མཐོང་བའི་དག་ཞིང་ལ་
ཐེངས་གཅིག་སོང
           ༣
སྨིག་རྒྱུའི་མདའ་དང་ཁབ་ཀྱིས་བསེད་པའི་
ལང་ཚོའི་བལ་དཀར
སྨིག་རྒྱུའི་རབ་རིབ་ཀྱིས་གྱེར་བའི་
སྒྱུ་མའི་གཞས་ཆུང
སྨིག་རྒྱུའི་རྐང་དང་རུས་ལ་ཐིམས་པའི་
རང་བྱུང་གི་དབྱངས
སྨིག་རྒྱུའི་ཀློང་ན་རྨི་ལམ་གྱི་ཕུག་པ་རིང་མོའི་ནང་གི་
བཙལ་ནས་རྙེད་ཐབས་མེད་པ་དག་ཡོད
འདོད་ཆགས་ཀྱི་སྐད་ཆ་ཟ་ཟི་བསྒྲིགས་ཏེ་
བཤད་པས་རྫོགས་མཐའ་མེད་པ་དག་ཡོད
སྨིག་རྒྱུའི་ཀློང་དུ་བལྟས་བལྟས་ཚེ་ཁྱོད་རང་རི་དྭགས་ཤིག་ལ་འཁྲུལ་ཡོང
ལུས་ཀྱི་རྨིག་བཞི་རང་བྱུང་གི་ཚེར་མས་རྨས་པའི་
རི་དྭགས་ཤིག་ལ་འཁྲུལ་ཡོང
མི་ཡུལ་གྱི་སྡུག་བསྔལ་བསུབ་པའི་
སྤྲིན་པ་ཞིག་ལ་འཁྲུལ་ཡོང
འདོད་ཡོན་གྱི་ལག་པས་བྲིས་པའི་
ཟླ་ཚེས་ཤིག་ལ་འཁྲུལ་ཡོང
སླར་ཡང་བལྟས་བལྟས་ཚེ་ཕྱོགས་བཞི་མཚམས་བརྒྱད་དུ་འཐོར་བའི་གྲིབ་མ་ཞིག་ལ་འཁྲུལ་ཡོང
གཅིག་ནས་བཅུ་དང་བཅུ་ནས་བརྒྱ་སོགས་ལ་འཁྲུལ་ཡོང
ཁྱོད་ཀྱིས་ང་རང་དགུན་གྱི་ཆོ་ངེ་སྨྲེང་བས་
བརྡུང་བའི་དཔྱིད་རླུང་ཚན་པ་ཞིག་རེད་འདོད་ན
ན་ནིང་ངས་ཁྱོད་ལ་དབྱར་གྱི་མཛེས་སྡུག་གི་
མཚན་གླུ་བསྐྱལ་ཡོང་བ་མི་དྲན་ནམ
ད་ལྟ་ངས་དགུན་ལ་གྱོན་པའི་དབྱར་གྱི་
ཞྭ་མོ་ལྗང་གུ་འདིའི་ཐོག་ན་སེར་ཆེན་དང་
རེ་ལྕག་གིས་མཐའ་རྒྱན་བྱས་པའི་སྒྲོག་གུ་
ད་རུང་ལྷུང་མེད
མི་ལོ་དུ་མའི་རྗེས་སུ་ཁྱོད་ཀྱིས་རང་གི་བུ་ཕྲུག་དག་ལ་
སྨིག་རྒྱུའི་ཀློང་གི་གཏམ་རྒྱུད་འཆད་ཚེ
དེ་ལས་ཤ་སྦྲང་ཞིག་གིས་རང་གི་རྟ་ཕོའི་འཕ྄ོང་ལས་
ཁྲག་ཁམ་གང་འཐུང་སྟེ་སླར་ཡང་སྨིག་རྒྱུའི་
ཀློང་དུ་བྲོས་སོང་བའི་སྣང་ཚུལ་འཆད་ངེས
            ༤
སྨིག་རྒྱུ
དྭངས་གཙང་གི་ཡུལ་ལྗོངས་དེ་ཐ་མག་གི་
དུ་བས་བསྒྲིབས་པའི་ཞོགས་པ་རབ་རིབ
སྨིག་རྒྱུ
ཁྱོད་རང་འཕྲུལ་ཆས་ཀྱི་རྟ་ཕོར་ཆིབས་ཏེ་རྒྱང་རིང་དུ་
སོང་རྗེས་ཀྱི་ཉིན་ཐོར་བཀོད་པའི་ཟླ་ཚེས་རབ་རིབ
ཁྱོད་ཀྱི་མཁའ་མཐའ་ནས་སྐར་མ་རབ་རིབ་
མར་མེ་རབ་རིབ་ཀྱི་ཚུལ་དུ་འབར་ཚེ
ཁྱོད་ཀྱི་སྒེའུ་ཁུང་དུ་ཕ་ཡུལ་ཟེར་བའི་ཤོག་སྐྱ་ཞིག་ཁུར་ཡོང
མིག་གི་དར་ཐག་སྣེ་ཡི་གངས་རི་དེ
ལྟོགས་སྐོམ་གྱིས་གདུང་བའི་སྤྱང་ཀི་སྐྱ་བོ་ཞིག
སྙིང་དང་མཆིན་པའི་རྩ་ལམ་ནས་
ལྷ་སྒྲུང་གི་བུམ་པར་མ་ཆུད་པའི་
དམག་འཁྲུག་གི་མདེའུ་ཧྲུག་ཧྲུག་འཐོར
ཁྱོད་ཀྱི་བྲང་ཁོག་སྟོད་ཀྱི་ཤ་འཁོན་ཀྱི་
སྡེར་མ་དེ་སུ་ལ་བཟེད
ཁྱོད་ཀྱིས་དབྱངས་གསལ་གྱི་རྡུལ་ཚོན་པང་གང་བཟུང་སྟེ
ཕ་ཡུལ་ཨེ་མཚོན་གྱི་སྐྱ་ཐིག་མང་དུ་བཏབ་མཐར
དངུལ་ལོའི་འབུ་སྲིན་གྱིས་ནམ་མཁའ་དཀྲིགས་པའི་
སྨིག་རྒྱུ་རབ་རིབ་ཅིག་ལས་ཅི་ཡང་མ་གྲུབ
ཁྱོད་ཀྱང་རྡུལ་གྱི་ཀྭ་བ་ཞིག་ལ་འཁྲིལ་བའི་
རུལ་སུངས་ཀྱི་དར་ལྕེ་འདར་གྱིན་པ་དེའོ
ཁྱོད་ཀྱི་སེམས་ན་གཡའ་མ་ཆགས་པའི་
ལོ་རྒྱུས་ཀྱི་ཁྱེའུ་དེ
ཁྱོད་ཀྱི་ངག་ནས་འཁྲུངས་མ་ཐག་རྙོག་འཛིང་གི་སྤྱི་ཚོགས་སྐྲུན་པའི་དབྱུག་པ་ཞིག་ཏུ་གྱུར་ཏེ་
ཁྱོད་ཀྱི་ཕྱི་ནང་གསང་གསུམ་གྱི་འོད་ཀྱི་ལོ་མ་དག་
རེ་རེ་ནས་འཇོམས་པར་བྱེད
ཁྱོད་རང་སྨིག་རྒྱུའི་ཀློང་གི་སྦྱར་བྱུང་གི་ཚིག་དྲི་ལུས་ན་
འཐུལ་བའི་འགྱིག་གི་ཕྱེ་ལེབ་ཅིག
ཁྱོད་རང་རང་གི་ངག་ནས་བྲིས་མ་ཚར་བའི་
ཇག་སྒྲུང་དང་མཉམ་དུ་འཇིག་སོང
ཁྱོད་རང་རང་གི་ལུས་ནས་འདོར་མ་ཚར་བའི་
ཡུལ་ལྗོངས་དང་ལྷན་དུ་ཚར་སོང
             ༥
སྦྲ་ནག་གི་ཕྱོགས་སོ་སོ་ནས་ལྡང་བའི་སྒོ་ཁྱིའི་ཟུག་སྐད་ཀྱིས
ནམ་མཁའི་མཛོངས་ཁུག་ན་གཉིད་དུ་ཡུར་བའི་
རྒྱུ་སྐར་དག་ལུག་ཁྱུ་བཞིན་བདས་རྗེས
སྐྱ་རེངས་ཀྱི་ཤིང་རྟས་སླར་ཡང་ཟགས་ནས་འཇིག་ལ་ཉེ་བའི་ཉི་མ་ནད་པ་ཞིག་དྲུད་དེ་ཁྱོད་ཀྱི་འཇིག་རྟེན་ལ་
སྒྱིད་ལུག་གི་དཀར་ཆ་འདོན་འགོ་བརྩམས
ཉི་མའི་ཁ་དོག་གིས་སྤྲས་པའི་གསེར་དངུལ་སྟེང་གི་
འོད་ཟེར་དེས
རྩིག་པའི་ངོས་ཀྱི་ལྷ་མོ་དེའི་མཛེས་སྡུག་གི་པགས་པ་
སྦྲུལ་ཤུན་ལྟར་བཤུས་རྗེས
ཤུལ་དུ་ལུས་པའི་མཚན་མ་སྐམ་པོ་དེ་ལས་
ཁྱོད་ཀྱིས་ངེས་འབྱུང་གི་ཚིག་དྲི་ཚོར་ཡོང
མིག་གི་ལམ་ན་ལྷོད་ཀྱིས་འབབ་པའི་རྨ་ཆུ་སྔོན་མོ་དེ་
སྨིག་རྒྱུའི་བཙོན་དུ་ཚུད་པའི་ལྷ་སྒྲུང་གི་ནལ་བུ་ཞིག་ཏུ་
གྱུར་རྗེས
ཁྱོད་རང་སྐོམ་གདུང་གིས་འཆི་ལ་ཉེ་བའི་ར་ལུག་ཁྱུ་གཅིག་དང་ལྷན་དུ་མྱ་ངམ་གྱི་བྱེ་ཐང་ཞིག་ནས་
ཉོན་མོངས་དང་འདོད་སྲེད་ཀྱིས་གདུང་བའི་
གླུ་དབྱངས་ཤིག་ཆང་རག་དང་ཟླ་འོད་ཀྱི་ཚབ་ཏུ
རང་གི་སེམས་ལ་ལེན་པར་བྱེད
ཁྱོད་རང་གཏམ་རྒྱུད་ཀྱིས་དཀར་འདོན་བྱེད་དཀའ་བའི་དུས་རབས་སྙིགས་མའི་ནད་གཞི་ཞིག
ཁྱོད་རང་རྨི་ལམ་མངོན་སུམ་ལ་འདྲེས་པའི་
དགུན་ཟླའི་མཚན་མོ་ཞིག
ཁྱོད་རང་གོམས་སྲོལ་གྱི་བྱས་ཉེས་དག་ལས་བསུབ་ཐབས་མེད་པའི་ཆོ་འཕྲུལ་ཞིག
             ༦
ངལ་དུབ་ཀྱིས་འཚེར་བའི་
སྐལ་བ་སྙིགས་མའི་དུང་ཟླ
མུན་ནག་གི་ལྟོ་བའི་སྟེང་ལ་ལྕགས་གཟེར་བཞིན་བརྡབས་པའི་སྐར་མའི་མདའ་མོ
སྦྲ་ནག་སྟོང་བའི་ཕུག་གི་ཁེར་རྐྱང་གི་ཐབ་མེ
སྣང་སྲིད་འཁོར་བའི་སྡིངས་ཆའི་འོག་གི་རྨི་ལམ་གྱི་ཐེམ་པ་སྒྱུ་མའི་འཕྲེང་ཐག་ལྟ་བུ
སྐྱེ་འཆི་གཉིས་ཀྱི་དོས་ཐག་ཏུ་དཔྱངས་པའི་
སྲིད་པའི་འབྱོར་བ་མིག་གིས་མི་ཟིན་པ་དེ
ཏེང་ངེ་འཛིན་གྱི་རྐང་གླིང་གི་མགྲིན་པའི་
ཕུག་གི་བརྟན་གཡོའི་ཟིང་ཆ
སྟོན་མཇུག་གི་རྨ་ཆུའི་འགྲམ་དར་དང་ལྷན་དུ་
ཉི་འོད་ཚ་མོས་ཞུ་མ་ཐུབ་པའི་ཁྲུང་ཁྲུང་གི་
གཤོག་རྩེའི་ཟིལ་བ
སྲིད་པའི་གར་སྟེགས་ཧྲིལ་བོར་ཁྱབ་པའི་
འདུས་བྱས་མི་རྟག་པའི་མཉམ་བསྒྲོགས་རོལ་མོ
ཆོས་ཉིད་སྤྲོས་བྲལ་གྱི་ཀློང་ན་གཡོ་བའི་
གཉུག་མ་སེམས་ཀྱི་རུ་དར
འཁོར་བ་སྲེད་འཇིག་གི་སྨྲ་ལྕེའི་སྟེང་གི་དུས་ཚོད་ཀྱི་
རྫས་རྒྱུན་ཕྱི་མ
ད་དུང་སྨིག་རྒྱུའི་ཀློང་ན་ཉམ་རྒུད་ཀྱི་མགོ་བོ་དུད་པའི་
རི་ཚོམ་ཁྲི་ཕྲག
གནམ་སའི་མཚམས་སུ་དཔའ་སྤོབས་ཀྱི་ཀི་སྒྲ་ལྷང་ལྷང་ངང་བཞུད་སོང་བའི་མེས་པོ་དུང་ར་ཅན་ཚོའི་
ཁྲག་མདོག་གི་ཞབས་རྗེས
ལོ་རྒྱུས་ཀྱི་རྡུལ་རླུང་ལ་འདྲེས་པའི་
ཉི་ཟླའི་རྟ་ཁྱུ
ས་མཐོའི་སྒང་ན་ཁེར་རྐྱང་དུ་འཚེར་བའི་
གངས་ཀྱི་ཅོ་པན
རྫས་དུག་གི་མཁའ་དབུགས་ཀློང་ནས་གསལ་ལ་མི་གསལ་བའི་ཁྱོད་ཀྱི་ངོ་གདོང་དང་
ཁྱོད་ཀྱི་སྐད་ཆ
ཁྱོད་རང་མདོག་མེད་པའི་འཇིག་རྟེན་ཞིག་ཏུ་འཁྲིད་པའི་ཝུ་བའི་ལག་པ་དང་འོད་ཀྱི་ག་ཞ
མཇུག་མཐར་ས་རུབ་སོང
མི་རབས་རྗེས་མའི་སེམས་ཁོང་ནས་གསར་དུ་བཟོས་པའི་དུས་ཚོད་ཀྱི་ཆོམ་སྒྲ་དྲག་པོས་
ཁྱོད་དང་ང་ཡི་ལྗང་མདོག་གི་སྟོང་བསམ་རྙོག་སོང

                     ༢༠༡༤/༡༡/༢༡

               ང་རང་།

ང་རང
རྫས་དུད་ཀྱི་སྨུག་པའི་ཀློང་གི་
ཤོག་གུའི་སྐར་མར་བལྟས་ཏེ་དངངས་ཟུག་བྱེད་པའི་
མཚན་གུང་གི་ཁྱི
ང་རང
ཆང་རག་དང་ཐ་མག་གི་སྙིགས་རོའི་གསེབ་ཀྱི་
མིང་དང་ཚིག་གིས་གྲུབ་པའི་ཤོག་དངུལ་སྟེང་གི་རི་མོ
ང་རང
འབྲོག་སྡེ་ཆེན་པོ་ཞིག་འཇིག་སོང་བའི་ཤུལ་གྱི་
སྤང་ལྗོངས་ཀྱི་རྩྭ་གསེང་ན་ལུས་པའི་
སྲིན་འབུ་ཁེར་འཁྱམས
ང་རང
ཚ་གྲང་གི་རྒྱུ་བ་སྣོལ་མར་འཐབ་པའི་
དུས་ཚིགས་ཀྱི་ལག་པས་བྲིས་པའི་
སོས་ཀའི་འཇའ
ང་རང
བདེན་པ་གཅེར་བུ་མའི་སྲོག་དང་བླ་རུ་སྦྲུམ་པའི་
སྣང་བའི་ཀུ་ཅོ
ང་རང
འདུས་བྱས་ཀྱི་སྤྲིན་དང་རླུང་གིས་བརྙས་པའི་
སྟོན་ཁའི་ཤིང་བལ
ང་རང

              གཟུགས།

གསེར་བུམ་གྱི་ལྟོ་བར་མ་ཆུད་པའི་
འདུས་མ་བྱས་པའི་ནམ་མཁའ
ནམ་མཁའི་ངོས་སུ་བྱ་ཁྱུའི་གཤོག་རྡང་གིས་
བྲིས་པའི་དུས་མཐའི་ངོ་བོ
གཞི་གྲུབ་ཀྱི་ཐག་པའི་དཀྲིས་པའི་ས་གཞི
ས་གཞིའི་པང་དུ་ངང་བའི་མགྲིན་དབྱངས་ཀྱིས་
གྱེར་བའི་ས་མཐོའི་འཚོ་བ
ལང་ཚོའི་གློག་ཞགས་ཀྱིས་འཁྲབ་པའི་
འདུས་བྱས་ཀྱི་མཚན་ཉིད
ཆང་རག་གིས་ངར་བའི་ལག་པ་
འདུག་བཟོད་མེད་པ་ཞིག་གིས་བྲིས་པའི་
མཁའ་ཡི་དགུ་ཚིགས
དགུ་ཚིགས་ཀྱི་ཕང་བ་ལས་འཐོར་བའི་
སྐར་མ་ཁྲ་ཁྲ
ཆུ་ཡི་ཕྱི་གོས་འཇམ་པོས་ཡང་ཡང་བཀྲུས་པའི་
གྲམ་པའི་རྡོ
འཆི་བའི་མལ་སྟན་དུ་ཟུག་པའི་
ཚེར་མའི་ཕང་ཕུང
རྫས་དུག་གིས་མགྲིན་པ་བསྡམས་པའི་
ལྡན་མིན་འདུ་བྱེད
ཨ་ཧྥེ་རི་ཀའི་རྩྭ་ཐང་ན་
བདག་མེད་དུ་འཁྱམ་པའི་བ་ལང་
དཀར་ཟལ་དང་ནག་སྒུར་གཉིས
མུན་ནག་ལས་རྐང་བ་ཐོགས་སའི་
དོན་དམ་གྱི་ལྕགས་དྲ
མིག་དང་སེམས་པའི་སྒོ་ཁར་ཁྲ་ལ་མེར་
སྤུངས་པའི་དོན་བྱེད་ནུས་སྟོང་དེ་དག
ཡང་ན་དེ་དག་གི་དེ་དག

ཁྱོད་ཡོད་སའི་ས་ཕྱོགས་ནས་འཐུལ་བའི་
ཙན་ཏན་གྱི་དུ་བ
ཁྱོད་ཀྱིས་ད་བར་དུ་ང་ལ་སྦས་སྐུང་བྱས་པའི་
རྣམ་སྨིན་གྱི་རྒྱུ་དང་འབྲས་བུ
ནམ་ཡང་རང་གིས་ངོས་མི་ཟིན་པའི་
རང་མ་ཡིན་པ་ལས་ལོག་པ་དེ
ཁྱོད་རང་ཕྱིར་མི་ལྡོག་པའི་དག་ཞིང་ཞིག་ཏུ་
སྐྱེ་བར་སྨོན་པའི་ལྷག་བསམ་རྣམ་པར་དག་པ
ཁྱོད་ཀྱི་རྗེས་ལ་རབ་ནས་སུ་གཏོར་བའི་
ངག་གི་ཀུར་གུམ
ཁྱོད་མི་རྟག་པའི་མཚན་གཞིར་སྦྱོར་བའི་
ཐལ་འགྱུར་གྱི་འཛེར་མ
ཐང་སྟོང་ཞིག་ནས་བོར་ཏེ་མ་རྙེད་པའི་
རི་བོང་གི་རྭ
མི་སྡིག་པའི་ཉེས་པ་འགེབ་པར་བྱེད་པའི་
ཨོཾ་བཛྲ་སཿ་ཏོ

རྒྱ་མཚོ་ཐག་རྒྱུ་ཡིན་པར་རྟོགས་ཏེ་སྐྲ་རྩེས་བསླངས་པའི་ཆུ་ཐིག་གིས་ཆག་ཆག་བཏབ་པའི་རྩྭ་
འཇག་མ
རི་ལུང་ཀུན་ལ་རྩྭ་སྔོན་སྐྱེ་སྲིད་པའི་
ལོ་རྗེས་མའི་དཔྱིད་ཀ
སྐྱག་རྫུན་དང་དོན་དངོས་རྫོགས་མཐའ་མེད་པ་
དཔྱངས་པའི་ལོ་རྒྱུས་ཀྱི་ལྡ་ལྡི
རྒྱལ་ཁྲིམས་དང་འགལ་བའི་
ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དེ
ཁོའི་འགྲམ་པའི་ཁུར་ཚོས་ལ་བྲིས་པའི་
དམར་མདངས་མངོན་ལ་མི་མངོན་པ་དེ
ལག་པས་འཛིན་རྒྱུ་མེད་པར་
ཆུ་ནང་གི་བློའི་ཡུལ་དུ་བྱ་རུང་བ་དེ་དག
གཟུངས་འཛིན་གྱི་ཚོར་བར་དཔྱངས་པའི་
སྣང་བའི་ཡོལ་བ་དཀར་དམར་སེར་གསུམ
སྐད་ཅིག་རང་མི་སྡོད་པར་བཞུར་གྱིན་པའི་
རྨ་ཆུ་ལི་མ
ཁྱོད་མེད་པའི་ས་ཕྱོགས་ནས་བྱུང་བའི་
གང་ཟག་གི་བདག་མེད
ཁྱོད་ཐ་སྙད་ཚད་གྲུབ་ཀྱིས་སྐྱུགས་པའི་
ཟག་བཅས་ཀྱི་དངོས་པོ་བྱེ་མའི་མཆིང་བུ་ལྟ་བུ
ཁྱོད་ཀྱི་སེམས་ཀྱི་མེལ་ཚེ་དང་ལུས་ཀྱི་བྱ་ར་རུ་ཁྲིད་པའི་རྒྱལ་ཆེན་མིག་མི་བཟང་བ
ཁོའི་སྤྱན་གྱིས་མ་མཐོང་ས་དང་ཉམས་མ་བཞག་ས་ནས་བྱུང་བའི་རླུང་དང་བར་ཆད

IMG_2732.JPG

             ཚིག་གི་ཕྲེང་བ།

འཁོར་བ
ངེས་འབྱུང
སྒྱུ་མ
ཉོན་མོངས་ཀྱི་ཙོར་ལོ
ཆུ་ནང་གི་སྐར་མ

སྟོང་ཉིད
མེ་ལོང
འགོག་བདེན
ནད་ཀྱི་འོད་ཟེར
གཏམ་གྱི་ཚི་གུ

གཟུགས
སེམས
འཕྱོ
འདོད་སྲེད་ཀྱི་དར་ཟབ
ནམ་མཁའི་དཔྱངས་ཟམ
ཁ་བའི་སྒྲོལ་མ

འཆི་བ
སྨིག་རྒྱུ
སྒེའུ་ཁུང
ལང་ཚོའི་ཐུར་མ
མུན་པའི་བ་སྤུ
རྩིག་པ
ངོ་གདོང
སྐད་ཆ

ཐག་རྙི
ཚེ་སྲོག
འཇའ་ཚོན
མི་ཁོམ་པའི་བཀུར་སྟི
གདུལ་བྱའི་རླབས
བདག་གཞན་མཉམས་རྗེ
            ༢༠༡༤/༥/༡༣

            མིང་མེད།

དཔྱིད་ཀའི་ཉི་འོད་ཀྱི་དམར་མདངས་གྱོན་ཏེ་
སའི་གོ་ལའི་སྒང་ནས་སྔངས་ཟུག་བྱེད་པའི་ཁྱི་སྨྱོན་དེས
བས་མཐའི་བས་མཐའ་ཞིག་ན་འཚོ་བའི་
ང་ཚོ་ཐུ་བྷོད་ཀྱི་མི་རབས་ཕྱི་མ་དག་
འཛམ་གླིང་ཟེར་བའི་གླེགས་བམ་མཐུག་པོ་ཞིག་གི་
མཇུག་བྱང་དུ་བཀོད་སོང་ལ
དེ་དང་མཉམ་དུ་ཇོ་མོ་གླིང་མའི་མདུན་གྱི་
མཚེའུ་མུ་ཏིག་གི་སྒྲོག་གུ་འདྲ་བ་དེ་ཡང་
གསར་འགོད་པ་ཞིག་གིས་འདྲ་པར་དུ་བཏབ་ནས་
ཐག་རིང་ལ་ཁྱེར་སོང

འདུས་བྱས་མི་རྟག་པའི་ཤིང་རྟ་འཁོར་ལོར་ཆིབས་པའི་རྣལ་འབྱོར་བ་དེའི་སྒོམ་པའི་ཀློང་གི་སྤྲིན་དཀར་
གླང་བོ་འདྲ་བ་དེ་ཤར་ནས་ནུབ་ཏུ་བསྐྱོད་རྗེས
ཁོའི་ཏིང་ངེ་འཛིན་གྱི་ཉམས་བཞག་ལས་འགོངས་པའི་
སེམས་ཀྱི་ཕ་ཡུལ་དེ
ལ་གཞས་ཚན་པ་ཞིག་གི་འགྱུར་ཁུགས་དང་བསྡེབས་ནས་རྣ་ལམ་དུ་ལྷང་ལྷང་གྲགས་ཡོང

དུས་ཚོད་ཀྱི་རུལ་མྱུགས་ལ་ལྕེབས་པའི་རྣམ་ཤེས་ཀྱི་
ཕྱེ་མ་ལེབ་དེའི་མིག་ཀོང་གི་འཆི་བ་ནི་
འདམ་གྱིས་མ་གོས་པའི་པད་མ་དཀར་པོ་ཞིག་ཏུ་བསྒྱུར་རྗེས
བཅོས་མའི་འཇིག་རྟེན་རྫས་ཀྱི་མེ་ལོང་ལྟ་བུ་འདི་ལ་
ཅི་འདྲའི་ཞེ་རེ་འཚེར་ཨང
            ༢༠༡༤/༦/༡༠

             ཉིན་དེའི་ཕྱི་དྲོ།

རྔོན་པ་དེས་ཤ་ཐག་ལས་
སྟོན་ཁའི་ཤྭ་བོ་རྭ་བརྒྱད་ཅིག་གི་མགོ་བོ་
ནགས་ཚལ་གྱི་དྲི་བསུང་དང་བཅས་ཏེ་
མར་ལེན་ཞོར
སཱི་ཏཱ་ཞེས་རང་གི་ཆུང་མའི་མིང་ནས་ཐེངས་འགར་བོས་རྗེས
རང་ཉིད་རཱ་མ་ཎ་ཟེར་བའི་བརྩེ་དུང་གི་
རྒྱལ་སྲས་དེ་ལ་འཁྲུལ་ཡོང
མིག་ལམ་དུ་སྨིག་རྒྱུའི་གཙང་བོས་ཁུར་བའི་
སྒམ་ཆུང་ཞིག་ཡོམ་ཡོམ་ངང་མངོན་ཡོང

འོན་ཀྱང་ཁོའི་རྣ་ལམ་ནས་ཆུ་བོའི་ཅ་ཅོ་དང
རླུང་བུའི་ངུད་མོ་དག་འཇགས་ཐབས་མི་འདུག

             སྙན་ངག་ནི།

སྙན་ངག་ནི
མངོན་སུམ་གྱི་འཇིགས་པ་བརྒྱད་ལ་གཡོལ་བྱེད་ཀྱི་
འཁྲུལ་སྣང་གི་རས་ཡོལ་ནག་པོ
སྤྲིན་པའི་ནང་གི་ཆོམ་རྐུན་གྱི་ལག་པས་
ཟིན་དུ་མེད་པའི་ནོར་བུ་དམར་པོ
གཉུག་མའི་འོད་ཟེར་ཀྱིས་བྲིས་པའི་
གསལ་སྟོང་གི་ཐིག་ལེ་ཁྲ་ཁྲ་མ་ཁྲ
དོན་དམ་གྱིས་སྟོང་བའི་དངོས་པོའི་སྟེང་གི་
མི་རྟག་པའི་ཆ་དེ་
ཆུ་ཉིད་ཆུ་ཡིས་གཤགས་པ་1ལྟར་ངོ་སྤྲོད་བྱེད་ཀྱི་
རལ་གྲིའི་ཕྱག་རྒྱ
འཁྲིག་པའི་སྒང་ནས་ཁུ་བ་དང་མཉམ་དུ་ཤོར་བའི་
སྐད་ཆ་ཟ་ཟི
ལོ་རྒྱུས་ཀྱི་བྱེ་ཐང་ན་འཁྱམས་པའི་བོང་བུ་ཞིག་གི་འག་སྐད
སྐྱེ་འཆིའི་ངལ་དུབ་ཀྱིས་མནར་བའི་སྐྱེས་པོ་ཞིག་གི་
ཉམས་མྱོང་གི་མཆི་མ
པེ་རོ་སི་ལྟ་བུའི་མི་མདོ་མེད་སྐོར་ཞིག་གིས་བཟོས་པའི་ཟག་བཅས་ཀྱི་པ་ཏྲ

སྙན་ངག་ནི
དུས་ཀྱི་རྔ་བོ་ཆེ་ཞེ་སྡང་གི་ཐོ་བས་བརྡུང་བའི་
ཚིག་གི་བྲག་ཅ
སྣང་སྟོང་གི་མེ་ལོང་ལྗང་གུར་འཕོས་པའི་
ཡི་གེའི་ཝུ་བ
སྤྲོས་བྲལ་གྱི་འཇིག་རྟེན་ཞིག་ལ་བཏགས་པའི་
མིང་གི་གཡར་དམ
ཕལ་བའི་འཚོ་བ་ལ་གཏོར་བརླག་བཟོ་བའི་
གཟུགས་ཀྱི་སྒྱུ་མ

         1སྔོན་གྱི་བཀའ་གདམས་པའི་མཁས་པ་ཚོས་མི་རྟག་པ་སྟོན་བྱེད་ཀྱི་ཚིག་གི་དཔེ་རིས་ཤིག
               ༢༠༡༤/༤/༢༩

             སྙིང་བོ་མེད་པའི་གླུ

མདང་གི་རྨི་ལམ་ལ་གཞོམ་དྲི་བདུག་པའི་
ན་ནིང་གི་ཡུལ་ལྷའི་རྩེ་ཡི་བསང་མེ་དམར་པོ་དེས
ནམ་མཁའ་སྔོ་སངས་མའི་མངལ་དུ་སྦྲུམ་པའི་
ཉི་མ་དང་ཟླ་བ་ཟེར་བའི་ཁྱེའུ་མཚེ་མ་དེ་གཉིས་
སོ་སོར་ཕྲལ་ཏེ
ཉིན་མཚན་བྱ་བའི་མེ་ལོང་དཀར་ནག་གཉིས་སུ་བསྒྱུར་རྗེས
ཁྱོད་ཀྱིས་འཕྲུལ་ཆས་ཀྱི་རྟ་ཕོ་ལ་ལྕག་གིས་བྲབས་ཏེ
ཉིན་མོའི་སྨིག་རྒྱུ་བདའ་འམ
མཚན་མོའི་རླངས་པ་འདེད

འགུལ་རིས་བརྙན་འཕྲིན་ནང་གི་གྱད་མི་ནག་པོ་དེས
དམར་འཛིང་གི་ཁྲག་དྲི་འཐུལ་བའི་ཡུལ་ལྗོངས་ཤིག
དུས་ཚོད་ཀྱི་ཤ་འཁོན་དང་བཅས་ཏེ་ཁྱོད་ཀྱི་
མདུན་དུ་བསྐྱལ་ཡོང
ཁྱོད་ཀྱིས་འཁྲུལ་སྣང་གི་ཤྭ་བ་བསད་པའི་
མདའ་མོ་རྒོད་སྒྲོ་མ་དེའི་རྩེ་མོ་ཁྲག་ལ་བགྲེས་འདུག
ཁྱོད་ཀྱིས་འདས་མ་ཐག་པའི་རི་དྭགས་དེ་ལ་མྱ་ངན་
མཚོན་བྱེད་དུ་ཕངས་པ་མེད་པའི་མིག་ཆུ་ཡང་
ཆུ་ལྟར་བཞུར་དུ་བཅུག་རྗེས
ཁྱོད་ཀྱི་གདོང་གི་དམར་མདངས་དང་གཞུ་མོའི་
རྒྱུན་ཐག་ལ་བཙའ་ཆགས་སོང

ཐང་གའི་ངོས་ཀྱི་ལྷ་མོ་དེ
ཉོན་མོངས་པའི་དྲི་མ་སྣ་ཚོགས་ཀྱིས་ཐེངས་གཅིག་བརྒྱལ་རྗེས་གཟུགས་ལས་འདས་པའི་ནད་ཡམས་ཀྱི་
རླངས་པ་ཞིག་ཏུ་གྱུར
དུས་ཚོད་ཀྱི་ལྕེབས་ཐག་ལ་དཔྱངས་པའི་གངས་རི་དཀར་པོ་དེའི་སྤྲུལ་བསྒྱུར་ཐ་མ་ནི
ཁྱོད་དང་ང་ཡི་མིག་ལམ་ན་འཚུབ་ཀྱིན་པའི་
ཤོག་དངུལ་གྱི་རླུང་རྟ་དམར་པོ་དེ་རེད
           ༢༠༡༥/༢/༢༧

              མི་རྟག་པའི་དམངས་གླུ

ཁྱིམ་གྱི་མཆོད་རྐོང་ནང་གི་མར་ཁུ་དེ་
འདྲེན་ནས་ཐགས་པ་མ་ཡིན་པར་
འཁྱག་ནས་སྐགས་པ་རེད
སྒོ་ཕྱི་ཁྱིམ་གཉིས་ཀ་ལྷགས་པ་རེད
ང་ཚོས་བཏགས་པའི་སྒོ་ཁྱི་དང་
འཚོས་པའི་བོང་བུ་ཁྲིད་དེ་གང་ལ་འགྲོ

མུག་སྐྱོབས་འབྲུ་རིགས་ཀྱིས་གསོས་པའི་
རྟ་ཕོ་གྱོ་གྱོ་ཞིག་བཞོན་ཏེ
ཁ་སང་མཐའ་སྲུང་དམག་ལ་སོང་བའི་ཨ་ཕ
ད་ནངས་ཕྱིར་ཡོང་དུས་སྒ་སྲབ་ལག་ལ་བཟུང་བའི་
དམངས་མི་རྐང་ཐང་ཞིག
          ༢༠༡༤/༢/༢༨

              ཆར་བ།

སྤྲིན་པ་ནི་ནམ་མཁའི་རྩྭ་ཐང་ན་རྒྱུ་བའི་
བ་མོ་དཀར་པོ་ཞིག
དེ་དབྱར་གྱི་ལྗང་མདོག་གི་ལག་པས་བཞོས་པའི་
འོ་མ་དེ་ལ་ང་ཚོས་ཆར་བ་ཞེས་བཏགས
ཆར་བ་རྩྭ་དང་རྩི་ཤིང་གི་གསེབ་ཏུ་ཉལ་བའི་
འབའ་འབུ་ཚོའི་ལས་ཉོན་གྱི་སྒྲིབ་པ་བཀྲུ་བའི་
བྱབས་ཁྲུས་རེད
ད་དུང་ཆར་བས་ང་ལ་
རྨི་ལམ་གྱི་གསང་བའི་འཇའ་དང་
སྨག་ནག་གི་མཚན་མོའི་གློག་བསྐྱལ་ཡོང་བ་རེད།
ཆར་བ ཆར་བ ཆར་བ ཆར་བ
             ༢༠༡༥/༨/༡༤

            ཟླ་བའི་འཁྲབ་ཚན།

འཁྲབ་ཡོལ་མ་ཕྱེས་པའི་སྔོན་ནས་
བཀྲེས་སྐོམ་གྱིས་གདུང་བའི་སྟག་མོ་ཞིག་གི་ང་རོ་རྣ་ལ་གཟན་པ་ཞིག་གྲགས་བྱུང
མཚམས་སྤྲིན་གྱི་འོད་མདངས་དམར་སེར་དེས་མདུན་གྱི་རི་བོར་སྤྲས་པའི་ཁ་དོག་མི་ཚོགས་ཀྱི་གདོང་ལ་འཕོས་ཏེ་ཚོགས་ར་ཧྲིལ་བོ་བཀྲག་མདངས་འཚེར་བའི་དགུ་ཚིགས་ཤིག་ཏུ་གྱུར
གར་སྟེགས་སྟེང་གི་གོམ་འགྲོས་ལྷོད་ཅིང་དལ་བའི་བུད་མེད་གཉིས་ཀྱི་རྒྱབ་ཀྱི་ཆུ་ཟོ་ལས་
ཟླ་བ་སྐྱོ་གདུང་དང་བཅས་ཡར་འཕགས་བྱུང
ཕྱོགས་སོ་སོ་འཁོར་བའི་ངོ་བོ་མཚོན་པའི་ལྕགས་ཀྱི་ལྷན་པ་ཟུར་གསུམ
འཕང་གི་སྐུད་པ་དཀར་ནག
མུན་ནག་ལོངས་སུ་སྤྱོད་པའི་སྲིན་འབུ་ཉམ་ཐག་གི་རིགས་ཀྱིས་ཁེངས་འདུག
བལྟས་བལྟས་་རིག་རིག་ལ་ཟླ་བ་སྤྲིན་པའི་མངལ་ན་རུལ་བའི་ཆར་ཆུའི་མྱུགས་མ་རུ་གྱུར་ཏེ
ནམ་མཁའ་སྔོན་པོ་དེ་གཞོམ་དྲི་འཐུལ་བའི་ཐ་མག་གི་དུ་བ་མག་མོག་ཅིག་ཏུ་བསྒྱུར་རྗེས
ལྟད་མོ་བའི་གདོང་གི་ཁ་དོག་དམར་སེར་དེའང་ག་ལེར་ཞི་འགོ་བརྩམས
              ༢༠༡༤/༥/༢༣

              གླུ་ལག་བྲིས་མ།

༡ ངག་གི་གཙང་བོ།

ཞོགས་པ་སྤྲིན་གྱི་སྒོ་དར་ཅན་པོ།།
ལུས་ལ་གྱོན་པའི་དར་གོས་ཡིན་སོང་།།
དུས་ཚོད་སྣང་བའི་མཐའ་ཤམ་ཅན་མ།།
སེམས་ལ་བྲིས་པའི་རྒྱན་ཆ་ཡིན་སོང་།།

ཚེས་ཆེན་བཅོ་ལྔའི་དུང་ཟླ་གོར་མོ།།
མདུན་ལ་བཀལ་བའི་མེ་ལོང་བྱས་ཏེ།།
མནོག་ཆུང་གདོང་གི་སྨིན་མའི་རྩེ་ལ།།
སྣང་སྲིད་འཁོར་བའི་ཟིལ་བ་བྱུགས་ཡོད།།

རྨི་ལམ་འོད་ཀྱི་གུར་ཁང་འཁྲིགས་མ། །
མི་ཤིགས་ཏིང་འཛིན་འཕེལ་བའི་གཞི་མ།།
མངོན་སུམ་མིག་གི་ལམ་བུ་ཁྲ་ཁྲ།།
རེ་དོགས་སྒྱུ་མའི་གོམ་ཆུང་སྤོ་ས།།

༢ ཚིག་འཁྲུལ་བ།

ལས་ཀྱི་ཁྱེའུ་གར་མ་དེས།།
སྙིང་ལ་ངལ་གསོའི་མདའ་འཕངས་ཏེ།།
རྨོངས་པའི་ར་རི་དག་བྱས་པའི།།
ཚིག་གི་ཟླ་བ་དབྱིངས་ལ་འདེགས།།

བཅོས་མའི་གདོང་གི་རྨ་སྒོ་ལས།།
རྙོག་མའི་ཆབ་རྒྱུན་ཕྱིར་བརྡོལ་ཏེ།།
བརྩེ་བའི་གསེར་ཉ་སྦགས་པ་ལ།།
མི་འཇིགས་གླུ་ཡི་རྒོལ་བ་ཡོད།།

སྨིག་རྒྱུའི་ཚེར་མ་བྲེ་གང་གིས།།
འདོད་པའི་རྨི་ལམ་ཕྱིར་བདས་ཏེ།།
འཁྲུལ་བའི་ལག་པ་སྐུམ་ཤུལ་ན།།
འགྲེལ་དུ་མེད་པའི་རི་མོ་ཞིག།

༣ རླབས་ལ་འགྲོགས་པ།

ཉ་བ་གྲུ་བ་རྡོ་རྗེ་ཡིན།།
ལྕགས་ཀྱུ་རང་བྱུང་གློག་ཞགས་ཡིན།།
སྣང་བ་མཁའ་ཁྱབ་སྒྲོན་མེ་ཡིན།།
སྤྱོད་པ་ཞི་ཁྲོའི་ཕྱག་རྒྱ་ཡིན།།
བརྩེ་བ་དམིགས་མེད་འཇའ་རིས་ཡིན།།
ལྟ་བ་མི་འཇིག་འཁྲུལ་སྣང་ཡིན།།
སྒོམ་པ་རྟེན་འབྱུང་སོ་གྲི་ཡིན།།
བསླབ་པ་སྒྱུ་མའི་དྲ་བ་ཡིན།།
འཚོ་བ་འདོད་ཡོན་སྣ་ལྔ་ཡིན།།
ལག་རོགས་སྲས་མོ་ཟླ་བ་ཡིན།།
སྙིང་རྗེ་འོད་དཀར་མཚོ་མོ་ཡིན།།
ཐབས་ཤེས་སྒྱུ་འཕྲུལ་ཟུང་འཇུག་ཡིན།།
སྐུ་བཞི་ཆོས་ཀྱི་བཙན་ས་ཟིན།།

༤གདུང་བའི་དུས་ཚོད།

དུས་རླུང་དྲག་པོའི་ཟེ་བ་ན།།
འདུས་མ་བྱས་པའི་ནམ་མཁའ་ཡང་།།
གཤོག་པ་མེད་པའི་ཕུག་རོན་ཞིག།
ལུས་ཀྱི་སྤུ་ཁྲ་རླུང་གིས་འཁྱེར།།

དུས་ཀྱིས་དཀྲོགས་པའི་སེམས་པ་ཡིས།།
ལུས་པོ་དྲུད་དེ་འདྲོགས་ཤུལ་དུ།།
ཚོན་གྱིས་བཏུམ་པའི་སྒམ་ཆུང་།།
སུ་ཡིས་མི་ཁེད་རྨི་ལམ་ཞིག།
          ༢༠༡༤/༡༠/༣༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེར་ལེགས་འཕྲིན་གྱི་སྙན་ངག་བདམས་བཀོད།

2015-03-13 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།