དུང་བུ་ཆོས་འབུམ་རྒྱལ་གྱི་སྙན་ངག་ཉིང་བཏུས།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-25

image001.jpg 

               ཆར་བ།

                   --ལྷ་སྒྲོལ་ལ་ཕུལ།

ཁྱོད་ཀྱིས་ངའི་དྲན་ངོགས་ལ་བྲིས་པའི་སྤྲིན་པ་ལས་ཆར་བ་བབས་ཏེ
སྣང་བའི་ཡོལ་རས་ངོས་ཀྱི་མེ་ཏོག་བརླན་ཞིང
ཁྱོད་ཀྱི་ཕྱོགས་ལ་དྲི་བསུང་གིས་ལམ་བུ་བཏོད་པས
ང་རང་དྲི་ལ་ཞེན་ཏེ་རླུང་ལས་ལྡང

ཆར་ཐིགས་རེ་རེས
རྨི་ལམ་གྱི་སྔས་འབོལ་སྦངས་ཤིང
གཉིད་ཀྱི་རྩད་པར་ནེམ་ཤ་བྱིན
ངའི་སེམས་པར་རློན་ཐིག་གི་ཁྲོན་པ་བཟོས་ཤིང
ཁྲོན་ཞབས་ལ་འཁྱིལ་བའི་དྲན་གདུང་གི་ཆུ་ངོས་ནས
ཁེར་རྐྱང་གི་ཟླ་གཟུགས་སྒུལ།
                  ༢༠༡༤ ༠༨ ༣༠

                དྲན་སྣང་།

རྒྱང་རིང་ནས ཁྱོད་ཀྱིས་ངའི་དྲན་སྣང་ཡོད་ཚད་ཐགས་སུ་བཏགས་པས
རྒྱུ་སྤུན་ལྟར་བསྣོལ་བའི་འཁྲེང་ཞེན་གྱི་བར་གསེབ་ནས
དངན་པ་ཡོད་ཚད་རླུང་ལ་གཡེང

ཉི་ནུབ་ཀྱི་རྒྱབ་གཟུགས་ངོས་ནས་རྨི་ལམ་གྱི་རྩེད་ར་སྒྲིག་པའི་འབུ་མེ་ལྕེབས་ཤིག
ཁྱོད་ཀྱི་སྣང་བ་བསྒྲོན་པའི་མར་མེའི་ཕྱོགས་ལ་འཕུར་ཞིང་རྩེན།
                   ༢༠༡༤ ༠༧ ༢༧

              འཆར་སྒོ་འཚག་རྗེས།

འཆར་སྒོ་འཚག་རྗེས
ཡིད་ཀྱི་མེ་ལོང་ཁ་རུ་བབས་པའི་བྱེའུ་དེ་ཡིས
གཤོག་སྟེང་ལ་འབྱར་བའི་དབྱར་ཁར་བྱིལ་བྱིལ་གནང་སྟེ
ཀྱུར་ཀྱུར་གྱི་སྐད་སྒྲ་སྒྲོག་ཅིང
ཁོ་མོའི་ཕྲག་གོང་གི་རི་མོའི་ངོས་ཀྱི་ཡལ་ག་ལས
གཏམ་གྱི་ཕོ་ཉ་མཛད།
                  ༢༠༡༤ ༠༥ ༢༡

              རླུང་བུ།

ཁྱོར་བའི་ནང་ལ
འཐག་ལ་ཉེ་བའི་དུས་ཚོད་ཀྱི་ཆུ་ཐིགས་འཁྱིལ
མཆུ་སྒྲོས་ཀྱི་དུབ་པ་བྱན་རེག་བར་དུ
མཛུབ་བར་དག་ནས
རྨི་ལམ་གྱི་སྨུག་པ་མ་ཚོགས་པར་ཐུར་དུ་འཛག་འོང་བ་ནི
རྐང་རྗེས་འགམ་པའི་རླུང་བུ་ཞིག་གོ།
                     ༢༠༡༤ ༠༥ ༢༢

             མིག་ཟུང་།

ཤྭ་འོད་བརྡོལ་བའི་ཁྱོད་ཀྱི་མིག་ཟུང་གི་གྲོག་རོང་དུ
ང་རང་འདམ་ལ་ཟུག
གློག་དམར་འཁྱུག་པའི་ཁྱོད་ཀྱི་མིག་ཞགས་ཀྱི་སྣེ་ནས
ངའི་རྐང་རྗེས་རེ་རེ་ཐོག་གིས་གཏོར
ཁྱོད་ཀྱི་སེམས་པའི་ནགས་གསེབ་ནས
མཆེ་བ་གཟིངས་པའི་སེང་གེ་ཞིག
ངའི་ལུས་སྟེང་ལ་མཆོངས་འོང་།
                  ༢༠༡༤ ༠༧ ༢༠

             འཕྲིན་ཡིག་ཏུ།

ཁོ་མོའི་ཉིན་ཐོ་འགའ་བཀླགས་རྗེས།
འཕྲིན་ཡིག་ཏུ
ཁྱོད་ཀྱིས་ཆར་བ་ཕབ་ཡོད
ང་ཡི་ནགས་ཚལ་བརླན་གྱིས་བཟུང་བྱུང
ཁྱོད་ཀྱི་རྐང་རྗེས་ལ་བཞད་པའི་མེ་ཏོག
ཟིལ་བ་ཁུར་ཏེ་གཉིད་ལ་ཡུར་འདུག

ཞོགས་པ་དེར
ཁྱོད་ཀྱིས་འཕྲིན་ཡིག་འབྲི་མཚམས་བཞག་རྗེས
ངའི་སེམས་པར་ཁེན་ཏེ
དགའ་སྐྱོའི་ཁྲེས་པོ་རླུང་ལ་བསྐྱོན་ཞིང
རྒྱང་རིང་གི་མཛེས་སྡུག་དྲན་པར་བརྩམས

རྒྱང་རིང་དུ
ནང་སེམས་ལ་ཁ་བ་བབས་པས
ཁྱོད་ཀྱིས ངའི་ཁ་རླངས་ཀྱིས་ལག་པ་བསྲོས་རྗེས
སླར་ཡང་འཕྲིན་ཡིག་འབྲི་བར་བརྩམས
ཁྱོད་ཀྱི་བརྩེ་བ་སྦྲུམ་པའི་ཡིག་འབྲུ་དག་ཀློག་དུས
ང་ཡི་འཚོ་བར་ཆགས་པའི་དར་ཁ དགའ་སྐྱོ་ལས་ཞུ་སྟེ
ཁྱོད་ཀྱི་མིག་འདབ་ནས་འཛར་བྱུང སྙིང་ཉེ།
                      ༢༠༡༤ ༡༢ ༢༣

             ཨ་ཅེ། རི་ལུང་ཐང་གསུམ་འདི་ཧ་ཅང་ལྷིང་འཇགས་རེད།

ངའི་ཁེར་རྐྱང་གི་གོམ་ཁ
ཁྱོད་ཀྱི་རྐང་མཐིལ་གྱི་སེར་ག་རུ་ཟུག་མྱོང་བའི
རྩྭ་ཕྲན་དག་གི་གསེབ་ལ་འཁོར་ཐེངས་རེར
མིག་ཆུའི་ཟིལ་བ་རླུང་ལ་ཞོན་ནས་ཐང་ལ་ལྷུང་འོང
ཁྱོད་ཀྱིས་ཐོམ་བུ་བསྒྲེས་ཏེ་དྲན་པ་རླུང་ལ་བསྐུར་མྱོང་སའི
ཆུ་ཕྲན་འདིའི་གམ་ནས
སྐྱོ་སྣང་གི་ཤག་སྒྲ་མཚམས་མེད་དུ་མཆེད་འོང
ཁྱོད་ཀྱི་ཟོ་བའི་ཁ་རུ་གཡེང་བའི་རྨི་ལམ་གྱི་འོ་སྤྲིས
ལྷང་འཇགས་ཀྱི་འཚོ་གཞིས་འདི་ལྟར་ལྷོད་ཀྱིས་ཆགས་ཤིང
ཁུ་སིམ་མེར་ཁྱོད་ཀྱི་མཚན་གཞུང་ལ་སིམ་ཡོད་ཨང
ཨ་ཅེ སྐར་ཚོགས་ཀྱིས་བཏབ་པའི་དགུ་ཚིགས་རིང་མོ
ལོང་ཐག་ཅིག་ལྟར མཁའ་དབྱིངས་ན་དཔྱངས་དུས
ཁྱོད་ཀྱིས་རང་གི་སྐྱིད་སྡུག་མ་ལུས ཆུ་ཟོ་བ་གང་ལྟར
རྩྭ་ཐང་འདིར་བྱོ་བར་འདོད་དམ

ཨ་ཅེ མེ་ཏོག་གི་འདབ་མ་སླར་ཡང་ས་ལ་འཐོར་དུས་འདིར་ཡང
རྩི་ཤིང་རྐང་གཅིག་གི་སྟེང་ལ་བབས་པའི
ཁྱོད་ཀྱི་ལྗང་མདོག་ག་ལ་ཡལ་སྲིད

ཨ་ཅེ ཁྱོད་ཀྱི་གོམ་པས་འཇལ་བའི་རི་ལུང་འདི་ནས
ལོ་ཟླའི་ཕྲེང་རྡོག་རེ་རེ ངལ་དུབ་ཀྱི་མཛུབ་བར་ནས
ཆར་ཐིགས་ལྟར་ས་ལ་བབས་ཤིང
བརླན་གྱིས་བཟུང་བའི་རི་ཟོམ་དང་ལུང་མདོ་ཡི
ཁྱོད་ཀྱི་རྐང་རྗེས་ལ་འཁྱིལ་བའི་མཚེའུའི་ངོགས་ལ
རླངས་པ་ཐོལ་ཐོལ་དུ་འཕྱོ་བའི་རྒྱབ་གཟུགས་ཤིག་ཆགས་ཡོད
ཁྱོད་ཀྱིས་མཛེས་སྡུག་གི་གྲུ་ཁ་འདི་གཅིག་པུ་བསྲུངས་ཏེ
ང་ཚོའི་ལོག་ཕེབས་ལ་སྒུག་པར་མ་གནང་དང
རྩྭ་ཐང་གི་སྐྱོ་བ་འཁྲིགས་པའི་སྨུག་རྒྱུ་ལང་ལོང
ཕྱོགས་དང་ཕྱོགས་ནས་ལྡང་བྱུང

ཨ་ཅེ ཆད་སྣང་གི་རྩྭ་ལོ་ཧྲུག་ཧྲུག་ཏུ་ལྡད་པའི་སྒོ་འབྲི་དག་གིས
ཁྱོད་རང་ནམ་མ་ལངས་སྔོན་ལ་གཉིད་ལས་བསླངས་ཡོད་སྲིད
འབྲི་མོའི་ཕོ་བར་གླན་པའི་མཁུར་ཚོས་ཀྱི་དྲོད་ཁོལ་ལས
སྐྱ་རེངས་ཤིག་ཤར་རྗེས
རྣ་བར་ཐིངས་པའི་འོ་མའི་ཤག་སྒྲས
རི་ལུང་འདིའི་ལྷིང་འཇགས་དལ་བུར་སྒུལ་ཞིང
ཉིན་མཚན་གྱི་སོག་རུས་ངོས་ཀྱི་རྩྭ་ཐང་འདི་ལ
ཁྱོད་ཀྱི་ལང་ཚོ་དང་མཛེས་སྡུག་ཕབ་འོང
ཁྱོད་ཀྱིས་གཉོམ་ཆུང་ངུ་མ་མཛད་དང
ནམ་ཞིག མི་དག་གིས་སོག་རུས་ཀྱི་སེར་ག་བརྒྱུད་དེ
རླུང་ངོགས་ཀྱི་ཨོཾ་ཡིག་བཙལ་དུས
ང་ཚོ་བྱེ་རྡུལ་གྱི་འཚུབ་ལོང་ཁྲོད་དུ
ཁྱོད་ཀྱི་རྐང་རྗེས་ཀྱི་མཐིལ་ན་འགྲེང་ཡོད་ངེས
གཏན་དུ་བློ་བདེ་མོས་གཉིད་པར་མཛོད་ཅིག ཨ་ཅེ
ཁྱོད་ནི་རྩྭ་ཐང་འདིའི་ཚེ་སྲོག་ལ་འཐིམ་པའི་གཞུང་རྟ་དེ་ཡིན

ཨ་ཅེ ཁྱོད་ཀྱིས་བུ་ཆུང་གི་ནང་སེམས་འོ་མས་བཀྲུས་རྗེས
རྩྭ་དང་རྩི་ཏོག་གི་མགོ་བོ་སྒུལ་གྱིན
རྩྭ་ཐང་གི་འཕང་ཤིང་འདི་ལ་ཚེ་གཅིག་གི་རྩིད་སྐུད་དཀྲིས་ཀྱང
སུ་ཞིག་གིས་ལྗང་མདོག་ཐགས་སུ་བཏགས་ཏེ
ཁྱོད་ཀྱི་བུ་ཆུང་ལ་སྐྱེས་སུ་དབུལ་ངེས
ཨ་ཅེ རྩྭ་ཐང་འདི་ཁྱོད་ཀྱི་མཐའ་མཇུག་གི་སྔས་འབོལ་གྱིས་ཤིག
བག་ཕེབས་ངང་འཚོ་རོགས་གནོངས་དང
ཨ་ཅེ རི་ལུང་ཐང་གསུམ་འདི་ཧ་ཅང་ལྷིང་འཇགས་རེད།
              ༢༠༡༣ ༠༨ ༡༥ཉིན་རྩེ་གཞུང་ནས་བྲིས།
              ༢༠༡༤ ༡༢ ༡༧ ཉིན་ཟི་ལིང་ནས་བཅོས།

               ཤད་ལ་ཕུལ་བ།

ཁྱོད་ལ ཚིག་འབྲུ་རེ་རེས་མིག་ཕིགས་པས
སྐད་ཆ་བཤད་ཡུན་ལ
ཁོ་མོ་དར་འབུ་ཞིག་ཏུ་གྱུར་ཏེ
ཁྱོད་ཀྱི་མིག་ལ་ཚུད་པའི་དར་སྐུད་ཀྱིས
ང་ལ་གཏམ་རྒྱུད་སླེ་བར་སྤྲོ

ནམ་ཞིག
ཁྱོད འཛེར་མ་ཞིག་ལྟར་ལག་ནས་ལྷུང་སྟེ
ཁོ་མོའི་རྡོག་སྣེ་ས་ལ་འདོགས་དུས
ངས་དར་འབུ་ཞིག་ལྟར་སུ་ལ་གཏམ་རྒྱུད་བསླེ་དགོས།
                     ༢༠༡༤ ༡༢ ༠༤

               རགས་ཁ་ཤོར་བ།

ང་ཚོ་དར་ལྕོག་ལྟར་མཐོ་ས་ནས་འགྲེང
དུས་ཀྱི་གདུང་བ་རླུང་གིས་བསྐྱོད
སྨྲ་སྒོ་ན་བསྣར་བའི་དར་ལྕེའི་སྟེང་ནས
གཞན་ལ་གཡབ་མོ་བྱེད་པའི་ཡི་གེའི་ལག་པ་ཆད་སོང་བས
ས་རྡུལ་ལྟར་ཡལ་བའི་ཡིག་འབྲུ་དག་གིས
རྒྱལ་ཁམས་འགྲིམ་མི་སྲིད
ཁེར་རྐྱང་ངང ང་ཚོའི་མིག་ནང་ལ་ལྷུང་རྗེས
མིག་ཆུ་རུ་གྱུར་འགྲོ
ང་ཚོས་སྟག་ཤ་རས་མིག་ཆུ་མི་འཕུད་ཟེར་ཞོར
ཡུན་རིང་ཞིག་ལ་མིག་ཟུང་དུ་རུམ་རྗེས
ནང་ཁོག་ལ་རགས་ཁ་ཤོར་དུ་འཇུག་ངེས
དེ་དུས ང་ཚོའི་གློ་སྙིང་མཆིན་གསུམ
ལོ་རྒྱུས་ཀྱི་གླེགས་ཐག་གིས་བསྡམས་ཏེ་ཁུར་འགྲོ
རྒྱང་ལ་ཁུར་འགྲོ
                    ༢༠༡༤ ༡༡ ༠༡

              ལམ་ལ་ཆས་པ།

ཁོག་ལ་དུག་པའི་བརྩེ་དུངས་ཀྱི་མེ་རོའི་སྟེང་དུ
འདས་ཟིན་པ་ཐལ་བ་ལྟར་ཆགས་ནའང

པགས་རྩག་གཡང་ཤམ་ངང་གྱོན་པའི་སྐྱེས་པ་དེས
ཐབ་ཁུང་ལས་སད་རྟོགས་ཀྱི་སྨུག་པ་བྲུས་རྗེས
རྒྱུན་ལྡན་ལྟར་ཁ་ལག་ཞིག་ཀྱང་མ་བསྲོས་པར
ད་ནི་འདུག་རན་ཞིག་ག་ནས་ཡིན་ཞེས
བཤད་མ་ཐག་ཏུ་ལམ་ལ་ཆས་ཤིང
རྒྱང་རིང་དུ་སླེབས་དུས གཞི་ནས
རང་གི་རྐང་བ་སྦྲ་ནག་གི་གཏེར་ཁུང་ལས་ཐོན་པའི་བ་ཚྭས་ཟིན་པའི་ལྕགས་རིགས་ཤིག་ཡིན་སྣང་སྐྱེས་ཤིང
རྣོ་ཁབ་ལེན་ཞིག་གིས་རང་ལུས་ཧྲིལ་བོ་ཕྱིར་འདྲེན་གྱིན་པ་ཚོར

ཁོའི་གོམ་འགྲོས་ནི་གཅུ་གཟེར་ཞིག་ལྟར
ཚེ་སྲོག་གི་འཛེར་མགོ་ནས་གཅུས་གཅུས་ཀྱང
གང་ལའང་ཐོགས་རེག་མ་བྱུང
                ༢༠༡༤ ༠༥ ༢༧

              སྐྱོ་གར།

མངོན་སུམ་གྱི་འཚིག་རོས་ཁེངས་པའི་ནང་སེམས
ལང་ཚོའི་མེ་ཏོག་བཞད་ཅིང་རྙིད་སའི་མལ་ཁྲི་སྟོང་བ་ཞིག་ལྟར
མི་ལུས་གཡར་མའི་འགྲོན་ཁང་གི་ཟུར་ན་བདག་མེད་དུ་ལུས་འདུག

བུ་མོ་མཛེས་མ་ཞིག་གིས་ཟླ་མཚན་གྱི་གཞུང་ལ་འདྲེས་པའི་ལོ་ཟླ་ནག་པོར་ཅེར་ཏེ
མི་ཚེ་ནི་གླལ་སྒྱིང་ཐེངས་ཤིག་དང་འདྲའོ་ཞེས
སེམས་ཀྱི་ཁྲོན་པར་ལྷུང་བའི་ཟླ་གཟུགས་ལ་ལག་སྙོབ་བྱས་ཀྱང
ལག་མགོར་འབྱར་འོང་བའི་འགྱིག་ཁུག་ཐེད་པོ་དེ་ལས
རང་ལ་འོས་པའི་དར་ཆ་ཅི་ཡང་མ་རྙེད

དུས་ཚོད་ཀྱི་དུག་ཁ་ཕོག་རྗེས
འདས་ཟིན་པ་དག་ལ་ཁ་ཐུམ་མཐུག་པོ་རེ་བརྒྱབ་ཀྱང
འགྱོད་གདུང་གི་སྐད་ཆ་ཆུ་རྙོག་བཞིན་བྲུགས་ཏེ
ནང་ཁོག་གི་གྲོག་རོང་དག་ལས་སྐྱོ་ངལ་གྱི་རྡོ་བ་བྲབས།
                     ༢༠༡༤ ༠༥ ༢༧

              བགྲེས་པོ།

ཁོ་པ་རང་གི་རྒྱབ་ཀྱི་འདམ་ལ་ཟུག་པའི་ཕྱི་རྟིང་ལ་ཅེར་ཏེ་དགོད་ཙམ་བྱས་ཡུན་ལ
དུང་སོ་སུམ་བཅུ་རེ་རེ་བཞིན་འཐོར་མགོ་བརྩམས

མཐེ་བོང་གི་རྒས་ཉམས་འདམ་རྩྭ་ཐོར་བུས་གཡོགས་ཤིང
སྒ་ཆ་བོར་བའི་རྟ་ཕོ་ཞིག་གིས
ཁོའི་ནང་སེམས་ཀྱི་ཉག་ཉོག་དཀྲུགས་ཏེ་གྲིབ་མ་དག་བརྒལ

ཁོས་གདོང་ལ་བབས་པའི་ཤུར་མོ་དག་སྤྱད་དེ
དགའ་སྡུག་གི་ལྷུ་ལག་མང་པོ་བཟོས་ཤིང
འཐུས་ཚང་བའི་གཏམ་རྒྱུད་ཅིག་བྲིས

གཏམ་རྒྱུད་ཀྱི་རྩྭ་རྫུབས་ན
དུས་ཚོད་ཀྱི་རུས་པ་འོད་ཀྱིས་བྲབས་ཏེ
དཀར་པོ་དཀར་རྐྱང་དུ་གྱུར་འདུག
              ༢༠༡༤ ༠༤ ༢༢

             འཇིག་ཉེན།

སྐད་ཆ་རེ་འགའ་བཤད་མ་ཐག་ཏུ་རྙིད་འགྲོ་བས
མགྲིན་པའི་ངོས་ཀྱི་ཐན་པ་དེ་ལས
མེ་ཏོག་ཅིག་བཞད་སྙིང་མི་འདུག

མཁའ་དབུགས་ཀྱིས་སྤྲད་པའི་རྔན་པ་དེའི་ཕྱིར་དུ
དབུགས་རྒྱུན་ཆད་ག་ལ་སྲིད

སྐད་ཆ་རེ་འགའ་རླུང་གིས་ཀྱང་འཁུར་མི་ནུས་པས
བ་ཚྭ་ཆགས་པའི་ཁྲོན་པའི་ནང་དུ
སུ་ཞིག་གི་ནམ་མཁའ་ལྷུང་ཡོད།
               ༢༠༡༤ ༠༤ ༡༤

              མིང་མེད།

ཕོར་བའི་ནང་ལ་ཤོང་བའི་རང་གི་གཤེར་གཟུགས་ཡོད་ཚད་ཀྱིས
སྟོན་གྱི་ལོ་མ་ཁྱོད་རང་སྦངས་ཤིང
ནམ་མཁའི་ཁ་དོག་བཀྲུས
རླུང་གི་ལག་པས་བསེད་པའི་སྤྲིན་པ་དག་ཁྱོད་ཀྱི་མལ་ཐུལ་དུ་བཅུག་པས
སྔོ་བསངས་ཀྱི་ཐུ་བའི་ཁུགས་ནས
ཁྱོད་ཀྱི་སྐར་ཚོགས་ཁྲ་ཆིལ་ལེར་འཐོར་སོང
མཚན་མོ་དེར སྐར་འོད་གྲངས་མེད་ཅིག
ངའི་ཕོར་བའི་ཁ་རུ་གཡེང་འདུག
                ༢༠༡༤ ༠༧ ༠༧

              མེ་ལྕེ།

གནས་ལུགས་ཐོར་བུ་རེ་མེ་རུ་སྦར་ཞིང དེའི་སྟེང་དུ
བརྣབ་སེམས་ཀྱི་ཤིང་ཐུར་ཕྲ་མོ་དག་བཞོགས

རལ་གྲིའི་དབྱིབས་ཀྱི་དུད་ཞགས་ཀྱིས
ནམ་མཁའི་ཕོ་བ་གཤགས་ཤིང
རླུང་གི་རྒྱུ་མ་ས་ལ་དྲིད

སྐད་ཆའི་རྩད་པ་ཁོག་ནས་ཚིག་ཅིང
མགྲིན་པའི་སྦུབས་སུ་མེ་ཏོག་གི་འདབ་མ་ཁྲག་དམར་གྱིས་འཕྱོ

མེ་ལྕེ་གར་ལ་རོལ་ཞིང་སོལ་བའི་རུས་པ་དཀར་པོར་བསྒྱུར།
                         ༢༠༡༤ ༠༤ ༢༢ཉིན་བྲིས།
                         ༢༠༡༤ ༠༩ ༢༧ཉིན་བཅོས།

              སྒེའུ་ཁུང་།

སྐགས་རྫས་ཀྱིས་བཟོས་པའི་ངོ་གདོང་གི་འགྲུལ་ཁང་དེ་རུ
ཁྱོད་ཀྱི་མིག་ཟུང་ལས་ཅི་ཡང་མི་མཐོང་ནའང
ང་ཁྱོད་ཀྱི་སྒེའུ་ཁུང་འགྲམ་ན་ལངས་ཡོད

བརྒྱ་ཤོག་ངོས་ཀྱི་མའོ་ཙེ་ཏུང་གིས་ཁ་རླངས་ནག་པོ་ཕུད་དེ
ཁྱོད་ཀྱི་མིག་ཤེལ་བད་ལ་བསྒྲེས་པས
ཁྱོད་ཀྱིས་རང་གི་སྒེའུ་ཁུང་ལས་ཅི་ཡང་མི་མཐོང་ནའང

རྐང་བ་གཉིས་ཀྱིས་སྔར་བཞིན་གཏམ་རྒྱུད་སླེ་ཤེས།
                ༢༠༡༤ ༡༢ ༠༩

              ནུབ།

ས་ཁར་ལུས་པའི་མེ་ཏོག་རྙིད་པ་ལས
ཐུར་དུ ཕྱོགས་བཞིར་འཛིངས་པའི་རྩད་པ་རྒྱས

གཟུགས་པོོ་སྐྱེས་ཚོད་ཀྱིས ཡལ་ག་ཞིག
འདམ་གྱི་གཏིང་ལ་ནུབ་ཅིང
ཡལ་ག་དང་ཡལ་གའི་གཙུབ་བརྡར་ལས
སྡུག་བསྔལ་གྱི་མེ་ཆ་ནགས་ལ་བསྒྲོན་པས
ཁེར་རྐྱང་གི་ཡུལ་དུས་སྐམ་ལ་ཚུད

ངོ་གདོང་གི་ས་ཁྲའི་ངོས་ཀྱི་ལམ་བུ་ཉིལ་དུས
རྒྱང་རིང་གི་སྣེ་མོ་བྲང་ལ་སྲིང་འོང

ལམ་གྱིས་དྲུད་པའི་རྦབ་རྡོ་དག
སེམས་ཀྱི་ཁུང་བུར་འཛུལ་ཏེ
གཏིང་ཟབ་སར་ཟུག་ཅིང
མིག་ཟུང་གི་མཚོ་མོའི་འཇིངས་སུ་མུན་པ་དང་རྡུང་ཀ་བརྒྱབ

རྐང་རྗེས་ལས་གྲིབ་མའི་གད་པ་ཞིག་བརྡིབས
སྐྱ་ཉིལ་ལེར་ལངས་པའི་རྡུལ་གྱི་རྟ་ཕོ
འཕག་གིན་འཕག་གིན་ཉི་མའི་དཀྱིལ་འཁོར་ལ་ནུབ།
                    ༢༠༡༤ ༡༠ ༠༨

             ཉིན་ཐོ།

ཚེས་པ་1ཉིན་ནི་ཉི་མའི་ཆོན་ཐག་སྣེ་ཡི་ཕུར་བུ་དེ་ཡིན
གནམ་ངོ་ཕྱེད་གནག་ཅན་གྱི་ཁ་ཚུབ་ལས
མངོན་སུམ་ལ་དུད་དྲག་འགོས
རྨི་ལམ་གྱི་གློ་བ་འགག
ཐབ་མགོ་སྟོང་བར་གྱུར
ཐབ་མེ་ཐལ་ལ་གཟིམས
ས་སྲོད་ཀྱི་རི་སྒང་ལས
ཡོད་ཚད་ཤོག་ངོས་ལ་བལྟབས།
              ༢༠༡༤ ༡༢ ༠༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུང་བུ་ཆོས་འབུམ་རྒྱལ་གྱི་སྙན་ངག་ཉིང་བཏུས།

2015-04-25 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།