སྒྲེན་པོའི་སྙན་ངག་རིང་མོ། རྩྭ་མི་ཤིང་མི།

IMG_0740.JPG

                                            _____སྙན་ངག་འདི་དཔལ་ཡོན་གྱི་སྔུན་ནས་རང་ཉིད་འབོར་མཁན་དག་ལ་ཕུལ།

ཁོ་ཚོས་ནང་སེམས་ཀྱི་འབྱོར་ཕྱུག་ཚོང་རྫས་སུ་བྱས
ཁོ་ཚོས་རང་གི་གྲིབ་མ་དཔལ་ཡོན་ལ་བརྗེས
ཁོ་ཚོས་རང་གི་བླ་སྲོག་ཤོག་སྒོར་ལ་བཙོངས
ཁོ་ཚོ་ཁུར་མོང་བགྲེས་པོ་བཞིན་རླུང་གིས་གང་སར་འཁུར
ཁོ་ཚོ་ལན་ཚྭ་རྡོག་པོ་བཞིན་རྒྱ་མཚོའི་ནང་དུ་འཐིམས
ཁོ་ཚོ་གྱང་ཁའི་རྩྭ་ཕྲན་བཞིན་རླུང་གི་རྒྱུ་ཕྱོགས་ན་ཡོ
ཁོ་ཚོ་རྩྭ་མི་ཤིང་མི་ཡིན
ཁོ་ཚོ་ནི་སྟོན་ཐོག་སྲུང་བྱེད་ཀྱི་རྩྭ་ཐོ་ཡིན
ཁོ་ཚོ་ནི་རི་སྤྱང་འགོག་བྱེད་ཀྱི་ལུག་ཐོ་ཡིན
ཁོ་ཚོའི་སྤྱོད་སྒོ་དེ་ག་ཙམ་ཡིན
ད་ཆ་ཁོ་ཚོ་སྨྱོ་ནད་ཀྱིས་ཟིན་ཚར
ཁོ་ཚོས་རང་ཁྱིམ་མ་རྙེད་པར་ཡུན་རིང་སོང
ཁོ་ཚོས་གློག་བརྙན་ལ་བལྟས་ནས
ནང་སེམས་ཀྱི་དགུན་འཁྱགས་ལ་ཉི་འོད་དྲངས
ཁོ་ཚོས་དར་སྲོལ་གསར་མའི་ཚོང་རྫས་ཉོས་ནས
རང་གི་བླ་སྲོག་ལ་ཉལ་ས་བཅོས
ཁོ་ཚོས་རིང་ལུགས་མང་པོ་ཞིག་ལ་ཆ་འཇོག་བྱས་ནས
རང་ཉིད་ཤོང་སའི་སྤྱིལ་བུ་བོར
ཁོ་ཚོས་ཁྲོམ་རའི་དགོས་མཁོའི་སྔུན་ནས
རང་ཉིད་ཀྱི་ཚོར་བར་བཙན་གཡེམ་བྱས
ཁོ་ཚོས་དཀོན་ཅོག་གི་ཚབ་ཏུ་ཚན་རིག་བཀུར་བས
ཁོ་ཚོར་ལུས་སེམས་འཁེན་བྱེད་ཀྱི་འཁར་བ་མེད
དངོས་པོར་སྐྱབས་སུ་ཅི་ཙམ་བཀུར་རུང
སེམས་ཀྱི་སྐྱབས་གནས་ཡང་དག་མ་རྙེད
འུར་གྱིས་བདས་པའི་མི་ཚོགས་ཀྱི་ཁྲོད་ན
ཁོ་ཚོ་ཁེར་རྐྱང་ཡིན
མེ་བཞིན་འབར་བའི་འདོད་ཡོན་གྱི་སྔུན་ན
ཁོ་ཚོ་འཁྲུག་ཅིང་ཟིང
ཁོ་ཚོས་སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་ལ་འཆའ་དགོད་སྟེག
ཁོ་ཚོས་མི་ལ་རས་པའི་དཀའ་ཐུབ་ལྷ་སྒྲུང་ལ་བརྩིས
ཁོ་ཚོས་ཙོང་ཁ་བའི་སྙན་ངག་ཚོར་བ་མེད་པའི་ཚིག་ལུད་དུ་བགྲང
ཁོ་ཚོས་བཙན་པོའི་རྒྱལ་རབས་ཀྱི་འཇིག་རྐྱེན་ལ་གླེང་ལོག་བཏབ
ཁོ་ཚོས་གསུང་རབ་མང་པོ་རབ་གནས་མ་བྱས་པའི་ཤོག་ཧྲུལ་དུ་བརྩིས
ཁོ་ཚོར་འདས་པ་མེད
ཁོ་ཚོར་མ་འོངས་བ་མེད
ཁོ་ཚོར་ཡོད་པ་ད་ལྟའི་སྣང་བ་སོབ་སོབ་པོ་དེ་ཡིན
ཁོ་ཚོའི་སྔུན་ན་ལམ་མེད
ཁོ་ཚོའི་རྐང་ན་ལྷམ་མེད
ཁོ་ཚོའི་རུམ་ན་བྲོ་མེད
ཁོ་ཚོའི་རྒྱབ་ན་ཕ་ཡུལ་མེད
ཁོ་ཚོར་ཡོད་པ་ཉག་གཅིག་པུ་ནི
ལམ་རྟགས་བཀོད་ཚར་བའི་གཞུང་ལམ་གྱི
སྤྱི་སྤྱོད་རླངས་འཁོར་གྱི་ཚིགས་མལ་རེ་རེ་མ་བོར་བར
ཕྱིར་སྔར་གྱི་སྐང་སྣེ་ལ་ཐོན་རྒྱུ་ལས
ནམ་མཁའ་མཐོང་གི་མེད
ད་ཆ་ཁོ་ཚོར་འཁྱགས་ཤི་ཐེབས་གྲབས་འདུག་ཨང

ཁོ་ཚོས་ལྷ་རྟེན་ཆོས་གསུམ་བཙོངས
མེས་པོའི་ཁྱིམ་ཆས་བཙོངས
རི་བཙོངས
ས་བཙོངས
མི་བཙོངས
ཁྱི་བཙོངས
རྡོ་བཙོངས
ཆོས་བཙོངས
བླ་བཙོངས
གངས་ཀྱི་ཞུན་མ་བཙོངས
ས་ཡི་སྤྲིས་ཞག་བཙོངས
སྒང་གི་བསང་དུད་བཙོངས
འབྲོག་གི་སྦྲ་རྒན་དུ་བ་ཅན་བཙོངས
རོང་གི་ཞིང་ས་འོར་མ་གྲུ་གསུམ་བཙོངས
རྟའི་སྒ་སྲབ་བཙོངས
མཛོའི་རྣ་གཅུ་བཙོངས
འབྲི་མོའི་བཞོ་ཟེའུ་བཙོངས
ལུག་གི་གཡང་བལ་བཙོངས
གཡག་གི་རྨེད་ཐག་བཙོངས
ཁོ་ཚོས་རྨོན་གྱི་དོར་ཁ་བཤིག
ཞིང་གི་ཐོང་གཤོལ་དོར
ས་བོན་གཏོར་བྱེད་ཀྱི་སླེ་བོ་དོར
ཡུར་མ་ཡུར་བྱེད་ཀྱི་ཡུར་ཆས་དོར
འབྲུ་རིགས་ཀྱི་ཉར་ཆས་དོར

ཁོ་ཚོས་ཐོན་མིའི་ཡིག་ཕུད་བརྗེད
ཁོ་ཚོས་ས་པཎ་གྱི་ལེགས་བཤད་ས་རྡོ་རུ་བརྩིས
ཁོ་ཚོས་སྟག་སྒྲ་ཀླུ་ཁོང་གི་རྡོ་རིང་བཤིགས
ཁོ་ཚོས་ཁྲི་སྲོང་ལྡེའུ་བཙན་གྱི་བང་སོ་བྲུས
ཁོ་ཚོས་ལྷ་སྲས་ཀྱི་དབུ་ལ་གླང་རྭ་བཙུགས
ཁོ་ཚོས་རྒྱལ་དབང་བཅུ་གསུམ་པའི་བློ་གཤོག་རྨས
ཁོ་ཚོས་དགེ་ཆོས་ཀྱི་དེབ་ཐར་དཀར་པོ་གཙབ་ཧྲུལ་བྱས
ཁོ་ཚོས་རང་གྲོལ་གྱི་རྐང་ལམ་ཕྲ་མོ་ཁ་ཆག་སྣ་རལ་དུ་བཏང
ཁོ་ཚོས་སྐལ་ལྡན་མགུར་མ་འཆོལ་བར་བྱས
ཁོ་ཚོས་མེས་པོ་མཁའ་ལམ་འགྲིམས་བྱེད་ཀྱི་རྨུ་ཐག་བཅད
ཁོ་ཚོས་མ་ཅིག་ལབ་སྒྲོན་གྱི་སྒྲུབ་ཕུག་ལྗན་ལྗིན་དུ་བཏང
ཁོ་ཚོས་སྒྲོལ་མ་ཉེར་གཅིག་གི་འདོན་དབྱངས་བསྐྱུར
ཁོ་ཚོས་མྱང་ཚ་དཀར་རྒྱན་གྱི་ཆགས་སྡང་བག་ལ་ཞ་བར་བྱས

ཁོ་ཚོས་གསེར་ཕར་བཙོང་ནས་ཚུར་བྱེ་མའི་ཆིངས་བུ་བླུས
ཁོ་ཚོས་གམ་གྱི་རྒྱ་མཚོ་བསྐྱུར་ནས་ཁྲོན་པ་བརྐོས
ཁོ་ཚོས་འོ་མའི་འཁོལ་མགོ་ལྷ་ལ་མ་མཆོད
ཁོ་ཚོས་ཟས་ཀྱི་ཐོག་མ་ཕ་མར་མ་དྲངས
ཁོ་ཚོས་ཆབ་ཀྱི་དྭངས་མ་མཆོད་མདུན་ལ་མ་ཕུལ
ཁོ་ཚོ་ནི་སྨིག་རྒྱུའི་འབབ་ཆུ་སྙེག་པའི་ཡི་དྭགས
ཆུ་མོ་ཤང་ཤང་སྣག་ཁྲག་གི་ལྟེངས་ཀར་མཐོང
ལམ་མེར་འཕྲོ་བའི་དགུང་གི་ཉི་ཟེར
རང་ལུས་འཚོད་བྱེད་ཁྲོ་ཟངས་སུ་མཐོང

 བོད་ཡིག་དགེ་རྒན་ཚོའི་སྨྲ་བ་ཐོན་པ།
འུ་ཚོའི་དབྱངས་དང་གསལ་བྱེད་ལ་བཙའ་ཆགས་འདུག
འུ་ཚོའི་སྐད་ཁོངས་ཆེ་རུ་བསྐྱེད་མ་ཐུབ་པ་ང་ཚོ་ཁོ་ན་ལན་པ་མིན
འུ་ཚོའི་སྐད་ལ་རེག་དུག་འགོས་ཡོད་པ་ང་ཚོ་ཁོ་ན་ལན་པ་མིན
འུ་ཚོའི་བོད་ཡིག་ལ་སྤྱོད་སྒོ་མེད་པ་ང་ཚོ་ཁོ་ན་ལན་པ་མིན
འུ་ཚོའི་སྐད་ཀྱི་འཕར་རྩ་གཉོམ་པ་ང་ཚོ་ཁོ་ན་ལན་པ་མིན
ང་ཚོ་ཁོ་ན་ལན་པ་མིན
ཁོ་རེད
མོ་རེད  
ཁོ་ཚོ་རེད
ཚོགས་འདུའི་སྟེང་བོད་ཡིག་ཤེས་ཀྱང་མི་བཤད་མཁན་ཚོ་རེད
གཞུང་ཡིག་བོད་ཡིག་གིས་མི་འབྲི་མཁན་ཚོ་རེད
བོད་ཡིག་གིས་དོན་སྟོན་པ་ལ་རྨོངས་འདུག་ཟེར་མཁན་ཚོ་རེད
བོད་ཡིག་བོད་ཡིག་ཟེར་ཞོར
བོད་ཡིག་འདྲུད་ལྷམ་དང་ནུ་ཁེབས
དོར་ཐུང་གི་སྟེང་བཀོལ་ན
རིག་གནས་ལ་མ་བཀུར་བར་བསྙད་མཁན་ཚོ་རེད
ང་ཚོ་ལ་ངན་ཁག་འདེད་རྒྱུ་མེད
ང་ཚོར་དབང་མེད
ང་ཚོར་སྟོབས་མེད
ང་ཚོར་གོ་ཐོབ་མེད
ང་ཚོ་བས་མཐའ་བ་ཡིན
ང་ཚོ་ལས་བྱེད་པ་མིན
ང་ཚོ་བྱིས་རྫི་ཁོ་ན་ཡིན
ང་ཚོ་ལག་སྟོང་ཡིན

ལས་བཟོ་བས་མགྲིན་པ་གཟེངས་སུ་བཏེགས་པ།
ང་ཚོའི་གླ་ཕོགས་ཉུང་ཉུང་གིས་ཁང་རིན་མི་སོད
ང་ཚོའི་རྔུལ་ཆུ་འཛར་འཛར་གྱི་ཁྲོད་ན་སྤྲོ་དགའ་མི་འདུག
ང་ཚོ་གླ་མཁན་མི་འདུག
ང་ཚོར་ལྕགས་ཀྱི་ཅ་ནེ་མི་འདུག
ང་ཚོའི་བློས་གཏོང་ལ་ཐོབ་ཆ་མི་འདུག
ང་ཚོ་དུས་ཡུན་རིང་བོར་ལག་སྟོང་མཆན་སྟོང་ལ་བསྡད
ང་ཚོས་དུད་སྣེ་གཅིག་མཉམ་འཐེན་བྱས
ང་ཚོས་ཆང་དམ་གང་ཁམ་བསྐོར་བྱས
ང་ཚོས་གླང་རྫིའི་དོར་མ་གཅིག་རལ་རག་བར་གྱོན
ང་ཚོའི་ལག་པ་གཉིས་གློ་ཁུག་སྟོང་བའི་ནང་འཁོབས་ཏོ་ཉན
ང་ཚོའི་ངོ་གདོང་མེད་མུག་གི་ཁྲོད་ནས་ཕྱིད
ང་ཚོའི་མིག་ཆུ་སྔ་མོ་ནས་བསྐམས
ང་ཚོའི་མགྲིན་པ་སྔ་ས་ནས་འགགས་ཚར
ང་ཚོའི་ཁོག་སྟོད་སྔ་མོ་ནས་སྒུར་ཚར
ང་ཚོའི་མིག་ཟུང་སྔ་མོ་ནས་ཞར་ཚར
བྱེ་ཐང་ནས་དཔྱིད་དཔལ་གྱི་ལང་ཚོར་སྒུག་མཁན་ང་ཚོ་ཡིན
ང་ཚོར་འཁང་ར་མང
ང་ཚོར་ལེ་འདེད་མང
ང་ཚོར་ཁོག་སྡུག་མང
ང་ཚོར་སེམས་གཅོང་མང
ང་ཚོར་ཁང་བ་ཉོ་མི་དགོས་པའི་ཡུལ་དགོས
ང་ཚོར་བཟའ་འབྲུ་ཉོ་མི་དགོས་པའི་ཡུལ་དགོས
ང་ཚོར་ཞིང་སྨན་བཏབ་མེད་པའི་འབྲུ་རིགས་མཁོ
ང་ཚོར་སྨན་རྫས་བརྒྱབས་མེད་པའི་ཤིང་ཏོག་མཁོ
ང་ཚོར་རྫས་བསླད་མ་ཞུགས་པའི་མར་རྩམ་མཁོ
ཤིང་ནགས་ང་ཚོས་བཅད་པ་མིན
རྩྭ་ས་ང་ཚོས་སློག་པ་མིན
གཏེར་ཁ་ང་ཚོས་སྔོག་པ་མིན
ཁོ་ཚོ་ཡིན
ཁོ་ཚོས་ང་ཚོ་ལག་ཆ་བྱས
ཁོ་ཚོས་ང་ཚོར་སྟ་རེ་བྱིན
འཇོར་བྱིན
གཏེར་འདོན་འཕྲུལ་ཆས་བྱིན
ས་སློག་འཕྲུལ་ཆས་བྱིན

ཞིང་བ་ཞོར་ལས་པ་རྣམས་ཀྱིས་ཆོ་ངེ་གསེང་མཐོར་བཏོན།
དབྱར་རྩྭའི་རིན་གོང་མར་ཆག
སྔོ་ཚོད་ཀྱི་རིན་གོང་ཡར་འཕར
ཕག་ཤའི་རིན་གོང་ལུག་ཤ་དང་མཉམ
འབྲུ་རིགས་ལ་རིན་གོང་དམའ
ང་ཚོའི་སྡུག་ལས་རྐྱང་རྐྱང་གིས་ལྟོ་རྒྱབ་ཁེབས་ཐབས་མེད
ང་ཚོས་སེན་མགོ་རྣག་དང་སེན་རྟིང་ཁྲག་ལ་ལྗིབས་ཀྱང
ང་ཚོ་སྔར་བཞིན་དབུལ་ཕོངས་ལས་ཐར་མ་ཐུབ
ང་ཚོས་རྒྱ་སྐད་མ་བསླབས་པས་ལན
ང་ཚོས་བཟོ་ཚོང་གི་ལས་ཀ་གཉེར་མི་ཤེས
ང་ཚོས་རྒྱ་སྐད་མི་ཤེས་པས་ལན
བོད་སྐད་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག
རྒྱ་སྐད་མི་ཤེས་ན་དུད་འགྲོ་དང་འདྲ
རྒྱ་སྐད་ནི་གྲོང་ཁྱེར་གྱི་སྒོ་མོ་འབྱེད་བྱེད་ལྡེ་མིག་རེད
ང་ཚོས་གྲོང་ཁྱེར་གྱི་སྒོ་མོ་མི་རྙེད་པར་ཁག་མི་འདུག
ང་ཚོ་ཁ་རུབ་ཀྱི་ཞིང་གྲོང་འདི་ནས་ཕྱི་རོལ་གྱི་ལྟད་མོར་ཆས་འདོད
ང་ཚོ་ལ་ཞིང་གྲོང་ནས་ཕ་གཞིས་མཁོ་དོན་མི་འདུག
ང་ཚོ་གྲོང་ཁྱེར་ནས་འཚོ་འདོད་སྐྱེས
གྲོང་ཁྱེར            གྲོང་ཁྱེར
རྒྱ་སྐད              རྒྱ་སྐད

འབྲོག་པ་རྣམས་ཀྱི་སྐད་སྒྲ་ཐོན་པ།
མུ་མེད་ལུང་སྟོང་འདི་ནས་ང་ཚོ་འཚོ་ཞིང་གནས
མུ་མེད་ལུང་སྟོང་གི་འཚོ་བའི་ལོ་རྒྱུས་མཇུག་སྒྲིལ
ང་ཚོས་སོ་ཕག་དང་རྡོ་བ་བཀོལ་ནས་རྩིག་གྱང་བཟོས
ཨར་འདམ་དང་འཕྲུལ་ཆས་བཀོལ་ནས་སྡོད་ཁང་ལས
སྦྲ་རྒན་གཏན་དུ་ལྟེབས་ཤུལ་དུ་རྡེའུ་འབུམ་བརྩིགས
གཏན་སྡོད་ཀྱི་ཁང་བ་མང་པོ་བསྟར་ཆགས་སུ་བསྒྲིགས
འདུས་སྡོད་ཆེན་མོའི་འཚོ་བ་གཞི་ནས་མགོ་ཚུགས
སྐད་བརྡ་གསར་བ་སླེབས་མགོ་ཚུགས
སྒོ་ཁྱི་ཉོ་མཁན་གྱི་ཚོང་བ་ཐོན་མགོ་ཚུགས
ཨར་འདམ་གྱི་ལམ་སྣེ་ཨར་འདམ་ལ་མཐུད
མཉམ་ལས་ཀྱི་ལས་ཀ་གྲུབ་མགོ་བརྩམས
འབྲོག་ཕྲུག་མ་མང་པོའི་ཡུལ་གྱར་གྱི་འཚོ་བ་རོལ་མགོ་ཚུགས
ཡོད་ཚད་ང་ཚོའི་རང་དབང་ན་མི་འདུག
ཐོལ་ཐོལ་བརྒྱུགས་པའི་ཤྭ་འོད་དེའི་སྔུན་ན
ང་ཚོའི་བསམ་སྦྱོར་རང་དབང་ན་མི་འདུག
ང་ཚོའི་འགྲོ་འདུག་རང་དབང་ན་མི་འདུག
ཨར་འདམ་གྱི་ཁུད་འདི་ན
འུར་ཟིང་དང་འཁྲུག་ཆོམ་ལས་ཅི་ཡང་མི་འདུག
འདི་རུ་ཡོད་པ་ཉག་གཅིག་པུ་ནི
དུས་ཚོད་ཀྱིས་སྙིང་གི་འཕར་སྒྲ་འདེད་པའི་སྨྱོ་ཧམ་དེ་རེད
ང་ཚོའི་ཡ་ཁོག་ཕ་བོང་ཆེན་པོ་ཞིག་གིས་མནན
ནམ་ཞར་དབུགས་ལྷོད་ལྷོད་ཅིག་ལེན་དཀའ
ང་ཚོའི་མ་ཁོག་རླུང་ཆེན་པོ་ཞིག་གིས་བཟུང
དུས་རྒྱུན་ཕྱི་ས་ལྷོད་ལྷོད་ཅིག་ཀྱང་འདོར་ཐུབ་མེད
ཟོག་ལུག་གི་རིན་གོང་མར་འགྲིབ་པ་ང་ཚོ་ལན་པ་མིན
སྒྲོལ་མ་སྨད་འཚོང་མ་ཉན་དོན་ང་ཚོར་འབྲེལ་བ་མེད
བཀྲ་ཤིས་ནག་ཚོགས་སུ་ཞུགས་པ་ང་ཚོ་ལན་པ་མིན
བླ་མས་དགོན་པ་དོར་ནས་རྒྱ་ནང་འགྲིམས
གྲྭ་བས་འདོན་པ་བསྐྱུར་ནས་རྒྱ་བླ་བྱས
ང་ཚོའི་དགོན་པ་སྟོང་བ་རེད
ང་ཚོར་ཤི་མགོའི་བླ་མ་མེད
ང་ཚོར་གཤིན་ཆོས་སྒྲུབ་མཁན་མེད
ང་ཚོའི་གཟུངས་ཐག་ཆད
འདི་དག་ཡོད་ཚད་རང་དབང་ན་མི་འདུག
ད་ཆ
མགོ་རུས་སྐམ་པོ་བྱེ་མར་འཐག་ནས
ཕྱིར་ཕ་ཡུལ་གྱི་ས་གཞིའི་པང་ལ་གཏོར་ཐུབ་མིན་ཀྱང
དཀའ་བའི་གནས་སུ་གྱུར་འདུག
ཡོད་ཚད་རང་དབང་ན་མི་འདུག

སློབ་དཔོན་ཆེན་མོ་བ་ཚོའི་སྐད་སྒྲ་ཐོན་པ།
ང་ཚོར་ཆོས་འབྱུང་ལོ་རྒྱུས་ཀྱིས་མ་ཆོག་པ་མེད
ང་ཚོར་ནང་བའི་བསྟན་པ་ཡིས་མ་ཆོག་པ་མེད
ནང་བསྟན་མ་ཉམ་ན་འུ་ཚོ་མི་ཚར
ང་ཚོ་རང་དགར་བསྡད་མེད
ཏིང་འཛིན་གྱི་སྒོམ་ལ་བསྡད་ཟིན་པའི་གླེགས་བམ་དག་གི
གླེགས་ཐག་བཀྲོལ་ནས་མ་ཁོམ་པར་ཡོད
བརྡ་རྙིང་གི་གོ་བརྡ་སྤྲད་ནས་མ་ཁོམ་པར་ཡོད
ལས་གཞི་དང་ལས་གཞི་སློང་ནས་མ་ཁོམ་པར་ཡོད
འདི་དག་ཐམས་ཅད་ཁྱོད་ཚོའི་ཆེད་དུ་ཡིན
སྲོལ་རྒྱུན་ལ་དམོད་མཁན་དམ་ཉམས་འགའ་འདུལ་བཞིན་ཡོད
ནུབ་ཀྱི་ཆུ་རྒྱུན་འདྲེན་མཁན་ཚོ་ཚར་བཅད་ནས་ཡོད
ང་ཚོའི་ཡུལ་འདིར་སྐད་སྒྲ་གཞན་ཡོད་མི་ཆོག
མིག་ཟུང་གཞན་ཡོད་མི་ཆོག
སྐྱོན་ཅན་གྱི་བློ་ཡོད་མི་ཆོག
མི་བུ་གསར་བ་ཡོད་མི་ཆོག
ཆོས་སྐད་རྣ་ཡིས་མ་གོ་ས་ན་མུན་པ་ཡོད
མཐར་ཕྱིན་སློབ་མ་རྣམས་ཀྱིས་ལས་ཀ་མི་རེག་པ
ང་ཚོ་ལན་པ་མིན
ང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་བོད་སྐད་མི་ཤེས་པ
ང་ཚོ་ལན་པ་མིན
ནུབ་གླིང་བ་ཚོས་ཀྱང་ནང་ཆོས་སྨན་དཀར་བོ་ཆིག་ཐུབ་ལ་ལྟ་ན
ང་ཚོར་ནུབ་ཀྱི་རིག་གནས་མཁོ་དོན་མེད
ང་ཚོར་ཆོས་འབྱུང་དེབ་ཐེར་ཁོ་ནས་ཆོག
ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་བོར་མཁན་ཁོ་ཚོ་རེད
ནུབ་ཀྱི་མི་ཆོས་རིག་གནས་གླེང་མཁན་དེ་ཚོ་རེད
ཁོ་ཚོ་ནང་བཤིག་གི་སྟ་རེ་ཡིན
ཁོ་ཚོ་ས་སྒང་འདིའི་སྟེང་གཏན་དུ་མཐར་སྐྲོད་གཏོང་དགོས
ཁོ་ཚོ་གདོན་རྫས་ཡིན
ཁོ་ཚོ
ཁོ་ཚོ

བསམ་བློ་བའི་སྐད་སྒྲ་ཐོན་པ།
ང་ཚོས་ཅིས་ཀྱང་ནུབ་ཀྱི་ཆུ་རྒྱུན་ཁྲོད་ནས
ཚེ་ཚད་ཡུན་ལ་བསྲིངས་བྱེད་ཀྱི་སྨན་རིལ་མགར་དགོས
ང་ཚོས་ཅིས་ཀྱང་རང་གི་རིག་གནས་ཁྲོད་ནས
མེས་པོའི་དཔའ་གདེང་འཚོལ་དགོས
ང་ཚོས་བོར་སོང་བའི་བླ་གཡུ་བཙལ་ནས་རྙེད་དགོས
ང་ཚོས་བརྐུས་སོང་བའི་གཟི་མིག་དགུ་བ་འཚོལ་དགོས
ང་ཚོས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ
འཇིག་རྟེན་མིག་ཅེས་ཐོགས་དོན་བཙལ་དགོས
ང་ཚོས་མི་ཆོས་ལོ་རྒྱུས་ཀྱི་གླེགས་བམ་བསྐྱར་དུ་འབྲི་དགོས
ང་ཚོས་སྐྱོ་གར་སྙིང་སྟོབས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས
ང་ཚོས་རིན་ཐང་ཡོད་ཚད་ལ་བསྐྱར་དུ་ཚད་འཇལ་བྱ་དགོས
ང་ཚོས་འབྲོང་རྒོད་རྫ་ལ་འགྲིལ་བའི་ཕམ་ཁ་ཚོར་དགོས
གངས་སེང་གི་མཆེ་སྡེར་བྲག་ལ་བརྡབས་པ་དོན་མེད་མིན
རྒྱ་སྟག་གི་ང་རོ་དབྱིངས་སུ་བཏབ་པ་རང་སྡུག་མིན
བྱ་གླག་གི་གཤོག་ལྕག་གནམ་ལ་གཞུས་པ་སྡུག་གྱོང་མིན
ང་ཚོ་ད་དུང་གསོན་དགོས
རང་གི་ཚེ་ཚད་ཇེ་རིང་ལ་གཏོང་བར་མནོ་བསམ་ཐོངས
སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་ལ་སྣོན་པ་ཐོབས
དེང་གི་དུས་རབས་ནི
ཆེས་ཕུལ་དུ་བྱུང་བའི་དྲན་འཕྲུལ་རྒོད་པོ་དག
རླབས་རྒྱུན་དང་རླབས་རྒྱུན་བརྡབས་པའི་ཁྲོད་ཁྱུར་མིད་བཏང
རིན་ཐང་གི་ལྟ་བ་མང་པོ
མེ་སྟག་དང་མེ་སྟག་གཙུབས་པའི་ཁྲོད་ན་འབར་གས་བྱུང
འཕྲུལ་ཆས་ཀྱི་སྐད་སྒྲས་མི་སྐད་གཉོམ་ཞན་དུ་བཏང
དུས་ཚོད་ཀྱི་འཁོར་ལོས་སྙིང་ཁམས་ཀྱི་འཕར་ལྡིང་བཏགས
ཤར་གྱི་ཆུ་རྒྱུན་ནུབ་ཀྱི་ཡུར་ལམ་ལ་དྲངས
ནུབ་ཀྱི་ཆུ་ལག་ཤར་གྱི་རྒྱ་མཚོའི་ཁྲོད་འདྲེས
ང་ཚོ་འགྱུར་རྡོ་བཞིན་འདུག་ཐབས་ཡོད་མི་སྲིད
ང་ཚོ་འགྱུར་དགོས་པ་ཆོས་ཉིད་ཡིན
ང་ཚོ་འདི་ནས་གང་ལ་འགྲོ
ང་ཚོ་འདི་ནས་ཅི་ལ་འགྱུར
ས་མ་རུབ་གོང་དུ
འཛམ་གླིང་ཉི་མའི་འཁོར་ཕྱོགས་ཤེས་དགོས
ཉི་མ་ནུབ་རིའི་ཕག་ལ་མ་ཡིབ་གོང་དུ
ཅིས་ཀྱང་ལམ་ངོགས་གསལ་བྱེད་ཀྱི་དཀར་མེ་འདེགས་དགོས
ཡིད་ཆེས་བྱོས
ཡིད་ཆེས་བྱོས
གང་དུ་དཀའ་བའི་ས་བོན་བཏབ་ན
དེ་རུ་ཅིས་ཀྱང་ལྗིད་ཏིག་ཏིག་གི་སྟོན་འབྲས་ཡོད་པར་ཡིད་ཆེས་བྱོས

ཡུལ་གྱར་བའི་སྐད་སྒྲ་ཐོན་པ།
ང་ཚོས་ཕ་ཡུལ་མ་མཐོང་བར་ཡུན་རིང་ཕྱིན
ང་ཚོས་ཕ་མ་མ་མཐོང་བར་ཡུན་རིང་ཕྱིན
ང་ཚོས་བྱིས་དུས་ཀྱི་དྲན་པ་བོར་ནས་ཡུན་རིང་སོང
ང་ཚོས་རང་ཤོང་སྤྱིལ་བུ་མ་རྙེད་པར་ཡུན་རིང་སོང
ང་ཚོས་བྱེ་མའི་ལ་མོ་བརྒལ
ང་ཚོས་སྡུག་གི་ལོ་མ་བཏུས
ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང
ང་ཚོ་ཡུལ་ལ་ལོག་ན་འདོད
ས་མཐའི་རླུང་བུར་གཙུབ་ཤ་རྒོད
རྡོག་ཁྲེས་འདི་ཐང་ལ་འཇོག་དུས་ནམ་ཞིག་ཡིན
རྐང་བ་འདི་སྤོ་མཚམས་བཞག་དུས་ནམ་ཞིག་ཡིན
ང་ཚོས་གངས་ཀྱི་བསིལ་བ་དྲན
ང་ཚོས་སྤང་གི་འཁོབས་རྒྱ་དྲན
ང་ཚོས་གནམ་གྱི་སྔོ་མདངས་དྲན
ང་ཚོས་ང་ཚོའི་རྒྱབ་གཟུགས་དྲན
དཀོན་ཅོག་གི་སྐྱབས་འོག་ནས་དོར་བ་ང་ཚོ་མིན
རིག་འཛིན་ཚངས་དབྱངས་རྒྱ་མཚོ་ང་ཚོའི་གདོང་གྲོགས་ན་ཡོད
ང་ཚོས་རང་མོས་ཀི་བཏབ་ཆོག་སའི་ཕ་ཡུལ་དྲན
ང་ཚོས་རང་ཉིད་རྙེད་སའི་ཕ་ཡུལ་དྲན
ཕ་ཡུལ             ཕ་ཡུལ
ས་མཐའ          ས་མཐའ

ཚང་མའི་མཉམ་ལེན་གྱི་སྐད་ཐོན་པ།

འུ་ཚོ་འུ་ཚོས་བསྙད་ཀྱིན་པའི་མི་རིགས་དང་རྒྱལ་ཁབ
མིའི་རིགས  འཚོ་བ
བརྩེ་དུང   རྩིས་ཐང
མང་པོ་མང་པོ་ཞིག་ལ་གཡོལ་ཐུབ་རུང
འཆི་བ་ལ་ནམ་ཡང་གཡོལ་ཐབས་མེད་པ་བདེན་དོན་ཡིན་ན
ལྷ་ཁང་མི་བཞེངས་པ་ནི་གླེན་རྟགས་རེད
ལྷ་ཁང་མེད་ས་ན་ཁྱིམ་གྱི་བདེ་དྲོད་མེད
འུ་ཚོས་དཀོན་ཅོག་ཡལ་བར་དོར་ཡང
དཀོན་ཅོག་གིས་ང་ཚོ་དུས་གཏན་དུ་སྲུང་ཡོད
རེད   ད་ནས་བཟུང
འུ་ཚོ་དཀོན་ཅོག་གི་རྗེས་འཇུག་པ་ཡང་དག་ཅིག་ཨེ་འཁྱོངས་ལ་འབད

གསོན་རྒྱུར་མ་ཞུམ་པར་འཆི་བ་ལ་ག་ནས་ཞེད  
གསོན་པ་ནི་སྙིང་སྟོབས་ཀུན་ལས་མཆོག་གོ
བྱ་རྒོད་བགྲེས་འཁོགས་དེས་ཅིའི་ཕྱིར
གཤོག་ཟུང་ཟད་པོ་དེ་ད་དུང་མཁའ་རུ་བརྐྱངས་དགོས་ཡོད
རྒྱལ་རབས་ཤོར་རྗེས
རིགས་ཞེན་གྱི་གྲིབ་མ་ཡལ་བར་སྐྱོ་དོན་ཅི་ཡོད
ང་ཚོས་ཤེས་ཡོད
དུས་ཚོད་ནམ་ཡང་དུས་ཚོད་ཁོ་གཅིག་པུར་དབང
ལོ་རྒྱུས་ནམ་ཞར་དུས་ཚོད་དེའི་ཡལ་གར་ཐོགས་ཡོད
བདེན་པ་ནི་དུས་ཚོད་ཀྱི་མེ་ཏོག་སྨིན་ཐེངས་གཅིག་ལ་གཏོགས་པ་བདེན་ན
འོ་ན་སྐྱོ་དུབ་མང་པོ་ཞིག་རུམ་ལ་བཅུག་ནས
བྱེ་མའི་ཁུར་ཙ་འདེགས་བཞིན
མཐའ་མི་མངོན་པའི་རྨི་ལམ་གྱི་གཡང་ལ་ལྕེབས་དོན་ག་རེ་ཡོད
སོམས་དང
ང་ཚོའི་དོན་ལྔ་སྣོད་དྲུག་གི་བུ་ག་ཐམས་ཅད་ན
ཕ་བོང་བཞིན་ལྕི་བའི་བྱ་དངོས་དག
ད་ནི་ང་ཚོར་དབུགས་དབྱུང་གི་བགོ་སྐལ་བག་ཙམ་སྟེར་རོགས

                                                                   རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲེན་པོའི་སྙན་ངག་རིང་མོ། རྩྭ་མི་ཤིང་མི།

2016-08-11 སྒྲེན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།