སྲིིན་པོས་གསར་དུ་བྲིས་པའི་སྙན་ངག་ཚན་པ་བཅུ།

སྲིན་པོ།(ཁྱུང་མཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-22

སྲིན་པོ། ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། ༢༠༡༧ལོར་སྙན་དེབ་ཐོག་མ《སྡིག་སྒྲིབ་ཀྱི་ཉིན་ཐོ》པར་དུ་བཏབ། ༢༠༡༨ལོར《དུག་མཚོན་གྱིས་རྨས་པའི་གླུ》ཞེས་པའི་སྒེར་དེབ་གཉིས་པ་མི་ཡུལ་ལ་སྐྱེས་སུ་ཕུལ། གཞན་བསྒྱུར་དེབ་ལ་《ཧེ་ཙིའི་སྙན་ངག་གཅེས་བཏུས》དང《སྙན་ངག་གི་ཞལ་ཐང》《ཤོག་བུའི་ནང་གི་དྲག་ཆར》སོགས་མཆིས། ད་ལྟ་གངས་རིའི་གླེགས་བམ་ངག་ལ་སྐྱོར་ཞོར་འཇིག་རྟེན་ཆེན་མོའི་བསྟན་བཅོས་ལ་འཇུག་གིན་ཡོད་དོ།།

ཚིག་རྒྱན་གྱི་རོལ་རྩེད།  

ཚིག་རྒྱན་གྱིས་ཅི་བྱ
གོས་ཆེན་གསེར་རིས་མ་འདིའི་ངོས་སུ
ད་དུང་ཡང་ཚོན་དང་གསེར་ཆུ་འབྱུག་དགོས་དོན་ཅི

ཚིག་རྒྱན་གྱིས་ཅི་བྱ
དམར་རྗེན་རྗེན་གྱི་རྨ་ཁའི་ནང་དུ་མེ་ཏོག་བཙུགས་ནས
ད་དུང་ཡང་རྨ་ཁ་བཀབ་ནས་བསུང་ཞིམ་འཕྱུར་དུ་འཇུག་དོན་ཅི

ཚིག་རྒྱན་གྱིས་ཅི་བྱ
བེམ་པོ་འདིའི་ངོས་སུ་ཕྲ་རྒྱན་སྣ་ཚོགས་བཏབས་ནས
ད་དུང་ཡང་ཤ་ཁྲག་རྫུན་མ་ཞིག་བཟོ་དགོས་དོན་ཅི

ཚིག་རྒྱན་གྱིས་ཅི་བྱ
གྲང་ངར་གྱི་ལྭ་བ་མཐུག་པོ་ཞིག་གྱོན་ནས
ད་དུང་ཡང་དེ་ཡི་འོག་ཏུ་སེམས་པ་ཞིག་མེ་དཔུང་གིས་སྦར་དགོས་དོན་ཅི

ནོར་བུ།

དུག་དྲངས་འདོད་པ་དག་གིས་དུག་དྲོངས་ཤོག
མིག་ཆུ་ཕུལ་འདོད་པ་དག་གིས་མིག་ཆུ་ཕུལ་ཤོག
ངའི་སྒོ་རྟགས་བསྒྱུར་མེད
ངའི་རུས་མིང་བསྒྱུར་མེད
ངའི་ནོར་བུ ངའི་སེམས་ན་བཞུགས་པས
ཁྱེད་ཀྱིས་གཏན་དུ་འཕྲོག་ཐབས་བྲལ་ཏོ
ནོར་བུ་དེ ངའི་ཁྲག་གི་ཐིགས་པའི་ནང་བསྐུངས་མེད
ནོར་བུ་དེ ངའི་རུས་པའི་ནང་ངོས་སུ་བཀལ་མེད
ངའི་ལུས་ཕུང་དུམ་བུ་དུམ་བུར་བཏང་ཡང
ངའི་ནོར་བུ་ཞིག་རལ་འགྱུར་བའི་དཔེ་མེད
ངའི་སྙིང་དབུས་སུ་འོད་དུ་མཚེར་བ་དེ་ཉིད
ངའི་ལག་ནང་དུ་འཆང་བའི་ནོར་བུ་ཉིད་དོ

རླུང་རང་དགར་གཡུག་གིན་འདུག

རླུང་རང་དགར་གཡུག་གིན་འདུག
ཁ་ཕྱོགས་མེད་པར
རླུང་གཡུགས་ས་དེ་ངའི་ནང་སེམས་མ་ཡིན
རླུང་འདི་ལ་ཁ་ཕྱོགས་ཡེ་མི་འདུག
རི་བོ་དེའི་འདབས་སུ་གཡུགས་ཤིང
སླར་ཡང་རི་བོ་དེའི་ཟོམ་དུ་གཡུགས
རླུང་གཡུགས་ས་དེ་ངའི་གནས་ཚང་མ་ཡིན
རླུང་རང་དགར་གཡུག་གིན་འདུག
སྐབས་རེར་མེ་ཏོག་གི་ཚལ་ན་གཡུགས
སྐབས་རེར་ཁོ་མོའི་ལྭ་བའི་ངོས་སུ་ལྡང
རླུང་རང་དགར་གཡུག་བཞིན་འདུག
མི་ཞིག་རང་དགར་མི་ཞིག་ལ་དགའ་བཞིན་འདུག
མི་ཞིག་རང་དགར་མི་ཞིག་གིས་གདུང་བཞིན་འདུག
རླུང་འདི་ལ་ཁ་ཕྱོགས་ཡེ་མི་འདུག
ལན་རེར་བྲག་དམར་ཐེམ་དུ་གཡུགས
ལན་རེར་ཨ་སྔོན་དགུང་ལ་གཡུགས
རླུང་རང་དགར་གཡུག་གིན་འདུག
རླུང་ངའི་ངོས་སུ་གཡུགས
ངའི་ཤ་ཁྲག་གི་ནང་དུ་གཡུགས
རླུང་ངའི་ལག་པའི་ངོས་སུ་ལྡང
ངའི་ལག་པའི་མཛུབ་མོ་རེ་རེ་དུམ་བུར་བཅད
རླུང་རང་དགར་གཡུག་གིན་འདུག
རླུང་དང་འཕྲད་པའི་མི་ནི་རང་དགར་རྒྱུ་བཞིན་འདུག
མི་དང་འཕྲད་པའི་རླུང་ལ་ཁ་ཕྱོགས་ཡེ་མི་འདུག
རླུང་རང་དགར་གཡུག་གིན་འདུག
མི་ཞིག་རང་དགར་མི་ཞིག་ལ་དགའ་བཞིན་འདུག
མི་ཞིག་རང་དགར་མི་ཞིག་གིས་གདུང་བཞིན་འདུག
རླུང་ལ་ཁ་ཕྱོགས་ཡེ་མི་འདུག
རླུང་རང་དགར་གཡུག་གིན་འདུག

སྙན་ངག

ངས་ཁྱེད་ལ་དོན་ལྔ་སྣོད་དྲུག་བྲིས
ངས་ཁྱེད་ལ་མུན་ནག་གི་མིག་ཟུང་བྲིས
ངས་ཁྱེད་ལ་ཚིག་རྒྱན་གྱི་གཤོག་ཟུང་བྲིས
ངས་ཁྱེད་ལ་དྭངས་གསལ་གྱི་ཁྲག་རྒྱུན་བྲིས
ངས་ཁྱེད་ལ་རྒྱང་རིང་སྙེག་པའི་ལམ་བུ་བྲིས
ངས་ཁྱེད་ལ་རྣམ་པར་ཤེས་པའི་སྐྱེ་མཆེད་བྲིས
ངས་ཁྱེད་ལ་མཆུ་འདབ་ལས་དམར་བའི་བསུང་ངད་བྲིས
ངས་ཁྱེད་ལ་གསེར་ཁྲི་ལས་མཐོ་བའི་བཞུགས་གནས་བྲིས
ངས་ཁྱེད་ལ་སྒེའུ་ཁུང་དང་བར་སྣང་གི་སྐར་ཚོགས་བྲིས
ངས་ཁྱེད་ལ་གསོལ་སྟོན་དང་ཤམ་བྷ་ལའི་ཞིང་ཁམས་བྲིས
ངས་ཁྱེད་ལ་དུས་ཚོད་ཀྱི་གདོང་གི་མཆི་མའི་མགོ་ཁུངས་བྲིས
ངས་ཁྱེད་ལ་སྒྱུ་མའི་ཁྲོམ་གྱི་སྣང་བ་ནག་པོའི་འདུ་འགོད་བྲིས
ངས་ཁྱེད་ལ་དམར་ཆུང་སྙིང་གིས་མཆུ་འདབ་སྦྱོར་གྱིན་པ་བྲིས
ངས་ཁྱེད་རང་བོར་བར་དོགས་ནས་ཟུངས་ཁྲག་དམར་པོས་བྲིས་སོ

ཤ་ཁྲག་ནི་བུད་ཤིང་དང་འདྲ།

ཁ་བ་བཞིན་འཇམ་པའི་ངོ་གདོང
ངའི་ལག་ནང་ནས་ཞི་བར་གྱུར
ང་ལ་སེམས་པ་གཅིག་མ་གཏོགས་མེད་པས
ངས་ངོ་གདོང་གཅིག་མ་གཏོགས་ཐེག་དཀའ
ང་ལ་བྲང་ཁོག་གཅིག་མ་གཏོགས་མེད་པས
ང་ལ་མི་གཅིག་མ་གཏོགས་ཤོང་དཀའ
ང་ནི་ཁྱེད་ཀྱི་ཐབ་མེ་དང་མེ་ནང་དུ་གཡུག་གིན་པའི་བུད་ཤིང་ངོ

འཁྱགས་རི་གླེང་བ།

འཁྱགས་རི་འདི་ལ
ཞི་བ་མེད
ཞི་བྱེད་ཀྱི་རྫས་དང་བྲལ

འཁྱགས་རི་འདིའི་འོག་ན་རིན་པོ་ཆེ་སྣ་ཚོགས་ཡོད
བྱ་གླག་གི་སྡེར་ཤུལ
མཚོན་ཆ་དང་བུད་མེད
མིག་ཆུའི་རྫ་བུམ

འཁྱགས་རི་འདིའི་འོག་ན
དུ་བ་ལང་ལོང
ན་བུན་དཀར་ནག
མྱ་ངམ་ཐང་ནག་པོ
སྒྲ་སྣ་ཚོགས་ཀྱི་དབྱིབས
མདོག་སྣ་ཚོགས་ཀྱི་སྒྲ་ཡོད

འཁྱགས་རི་འདིའི་འོག་ན
དུས་ཚོད་ཀྱི་སྡོང་བོ
འཇའ་ཚོན་གྱི་ལག་པ
མི་སྡུག་པའི་མཛེས་པ
མིག་གསུམ་པ་དང
སེམས་ཀྱི་དབྱིབས་སྣ་ཚོགས་ཡོད

འཁྱགས་རི་འདིའི་འོག་ན
འཕྱོན་མའི་རྒྱན་ཆ་དང
སློང་མོ་བའི་གཡུ་བྱུར
དམྱལ་ཁམས་ཀྱི་ལྷ་ཡུལ
ལུས་ཀྱི་རྨི་ལམ་འཕྱུར་གྱིན་ཡོད

འབག

འབག་གི་སྟེང་དུ་ཚོན་གྱིས་སྒེག་ཉམས་སྣ་ཚོགས་བྱུགས
འབག་གི་སྟེང་དུ་ཞེ་སྡང་བྲལ་བའི་སོ་ཕྲེང་དཀར་པོ་བྲིས
འབག་ནི་འཚོ་ཐབས་གཞན་ཞིག་སྟེ
མི་ཇུས་གཞན་ཞིག་ཀྱང་ངོ

ཆུའི་གོར་ཐིག་མན་གླེང་བ།

ཆུ་མི་སྟེར་ན
འུ་ཚོས་ད་ནས་བཟུང་རོལ་མོ་མི་དཀྲོལ

གྲོགས་པོས བདག་དང་སྙན་ངག་ལ་ཆུ་བསྩལ་བྱུང
དོ་ནུབ ཆུ་ཁུར་བའི་གྲོགས་པོ་དག་ངའི་གནས་སུ་འབྱོར

ཆུ་ནི་མ་རིག་པ་སེལ་བའི་ཉི་བྱེད་ཡིན
ཆུ་ནི་རང་ཞལ་མཐོང་བའི་མེ་ལོང་ཉིད

མི་དེ་ཚོ ཆུ་ལ་སུན་སྣང་སྐྱེས་སོང
ཆུ་ཡིས་ང་ཁོ་ན་ལ་བྱབས་ཁྲུས་མཛད

ཞིམ་མངར་གྱི་བཏུང་བ་འདི་ཧུབ་ཀྱིས་བཞེས་དུས
ཆུའི་ཁྲོད་ནས་ཡོད་ཚད་ལ་འགྲེལ་བརྗོད་གནང་ཐུབ

ཆུ་རྟག་པར་དཀྲོལ་མཁན
ཆུ་རང་ཉིད་དོ

གཡུལ་སའི་མེ་ཏོག

ད་ནི་སྙིང་ལ་སྒོ་མོ་ཞིག་བཟོས་ནས
ཁྱེད་ཉིད་ཕྱི་རོལ་ཏུ་གཏོང་རྩིས་མེད
ཁྱེད་རང་ངའི་དབང་བོའི་ཡུལ་དུ་ཞུགས་རོགས
ངས་ཁྱེད་ལ་སྙིང་ཆུང་གི་མལ་གདན་འཇམ་པོ་ཞིག་བཟོས་ཡོད

ད་ནི་ངས་མིག་ཆུ་ཡང་གཏོང་རྩིས་མེད
ངས་ཁྱེད་རང་མིག་ཆུའི་ཁྲོད་ནས་ཤོར་བར་དོགས་པས
ངས་ན་ཟུག་ཡོད་ཚད་ལ་སྲོག་བསྡོས་ངང་བཟོད་བསྲན་ཞུ་ཆོག

ངས་ཁྱེད་ལ་བྲང་འོག་གི་སྙིང་དམར་པོ་དེ
མཆོད་མེའི་ཚབ་ཏུ་བསྒྲོན་ཆོག
རྩྭ་ཐང་གི་ཚབ་ཏུ་སྟེར་ཆོག

ཁུར་མོང་།

ང་ནི་སྲང་ལམ་འདིར་ཁུར་གྱིན་པའི་ཁུར་མོང་ཞིག་ཡིན
ང་རང་ཡངས་པའི་སྤང་ཐང་ནས་ཁུར་ཏེ་ཁྲོམ་སྲང་འདིར་སླེབས
ང་རང་མི་ཚོགས་ཀྱི་འུར་ཟིང་གི་ཀློང་དུ་ཁུར་ཞིང
ང་རང་འདུ་འཛི་རྒོད་པའི་འཕྲུལ་ཆས་ཀྱི་དབུས་སུ་ལྷུང
ང་ནི་དཔང་མཐོ་བའི་རི་བོ་ཞིག་གི་འདབས་ནས་ཁུར་འོང་བ་ཡིན
ངས་ལྷིང་འཇགས་ཀྱི་ཡུལ་ལུང་གང་མང་རྒྱབ་ཏུ་བཞག་ནས
ང་རང་མི་ཚོགས་ཀྱི་འདུ་འཛི་རྒོད་པའི་ཁྲོམ་སྲང་དུ་སླེབས
ང་ནི་དམིགས་མེད་ཀྱི་ཁུར་མོང་ཞིག་ཡིན
ཁྲོམ་སྲང་འདི་ནས ངས་རང་གི་བཞུད་ལམ་མཐོང་ཐབས་བྲལ
ང་ནི་རླུང་གི་རྒྱུ་ཕྱོགས་ལ་བསྟེན་ནས་ལྷིང་འཇགས་ཀྱི་དོན་སྙིང་འཚོལ་མཁན་ཞིག་ཡིན
ང་ལ་དགོས་པ་ནི་གཡའ་མའི་རྡོ་ཕུང་ལྟར་བརྩིགས་པའི་ཁང་མིག་དེ་དག་མ་ཡིན
ང་ལ་དགོས་པ་ཉི་འོད་ནག་པོས་བསྟིམས་པའི་མུན་པ་དཀར་པོ་དེ་མ་ཡིན
སྐབས་རེར ང་ནི་བྱེའུ་ཆུང་ཞིག་ཡིན་ན་སྙམ
སྐབས་རེར ངས་ང་ལ་སྤྲིན་དཀར་གྱི་འདབ་མ་བཞིན་གཡོ་བའི་གཤོག་པ་ཞིག་ཡོད་ན་སྙམ
ང་ནི་མི་ཚོགས་ཀྱི་ཞལ་ཕུ་ལ་བསྟེན་ནས་རྒྱང་བཞུད་ཀྱི་རྨི་ལམ་འཆང་མཁན་དེ་མིན
ང་ནི་ཁུར་མོང་ཞིག་ཡིན ང་ནི་གང་འདོད་དུ་ཁུར་གྱིན་པའི་ཁུར་མོང་ཞིག་ཡིན
ང་རང་ས་གཞིའི་ངོས་སུ་ལྗིད་ཏིག་ཏིག་གིས་འབབ་ཀྱིན་པའི་མི་ཚོགས་ཀྱི་རྡོག་སྒྲ་ལ་མི་དགའ
དེ་ཡིས་ང་རང་མུན་ནག་གི་འཇིངས་སུ་ཁུར་བར་བྱེད ང་ནི་ཁུར་མོང་ཞིག་ཡིན
དེ་བས་ན་ང་ནི་ཡིད་འོང་གི་རླུང་བུའི་གཤོག་པར་འཐམས་ནས
ཡངས་པའི་སྤང་གཞུང་ན་གཏན་དུ་འཚོ་བའི་མེ་ཏོག་གི་འགྲུལ་བ་ཆུང་ཆུང་ཞིག་ཡིན་ནོ

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིིན་པོས་གསར་དུ་བྲིས་པའི་སྙན་ངག་ཚན་པ་བཅུ།

2020-07-22 སྲིན་པོ།(ཁྱུང་མཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།