སྙན་ངག་པ་གྲགས་ཅན་གཅན་མེ་སྟག་མཆོག་ལ་རྗེས་དྲན་ཞུ་བའི་སྙན་ངག་ཕྱོགས་བསྒྲིགས།

རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་སོགས། 琼迈文学网 2022-09-23

༢༠༠༨ལོར་ངེད་དྲ་བར་བཀོད་པའི་ཁོང་གི་སྐུ་པར་རྙིང་པ་ཞིག

  གཅན་མེ་སྟག་ལགས་ནི་དེ་སྔ་ཟི་ལིང་གི་སྙན་ངག་ཚོགས་པ“གནའ་མཁར་འདྲེ་བཞིའི”གྲས་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྟོད་དུ་མིང་གྲགས་རྒྱས་ནའང་སྙན་ངག་པའི་གདན་ཐོབ་ནི་འཇུ་སྐལ་བཟང་དང་། ལྗང་བུ། ཨོ་རྒྱན་རྡོ་རྗེ་སོགས་དང་མཉམ་པ་ཞིག་ཡིན།   ཁོང་1970ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐྱེས།  རང་ལོ་ངོ་བདུན་གྱི་སྟེང་ཕ་ཡུལ་གྱི་གྲོང་ཚོའི་ཆ་ཚང་སློབ་གྲྭ་རུ་ཞུགས་པ་དང་།  འཛིན་གྲྭ་གཅིག་རིམ་བརྒལ་གྱིས་ལོ་བཅུ་གཅིག་སྟེང་རྫོང་མི་རིགས་སློབ་འབྲིང་དུ་ཞུགས། 1985ལོར་རྒྱུགས་འབྲས་བཟང་པོ་དང་བཅས་མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་རུ་ཞུགས།
  1989ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན།  ལོ་དེར་མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་དུ་ཕེབས།  རྗེས་མར་བྱ་བའི་དགོས་དབང་གིས་མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་དང་མགོ་ལོག་ཁུལ་སྐད་ཡིག་ཁྲིད་དཔྱོད་ཁང་གཉིས་སུ་ཕྱག་ལས་གནང་སྟེ། 2022ལོར་ལས་འཁྱུར་ངལ་གསོ་བྱས།
  ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བསྣོལ་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྙན་ངག་300 ལྷག་དང་ལྷུག་རྩོམ་50ལྷག  གླུ་ཚིག་20ལྷག་རྩོམ་སྤེལ་མཛད། སྙན་དེབ《ལྷོ་བཞུད་ཀྱི་ཆུ་འཛིན》དང《ཚེར་སིལ་སྐྱ་བོ》 ལྷུག་རྩོམ་དེབ《བུ་མོ་གཡུ་ཆུང་ཟླ་བ》བཅས་པར་དུ་བཏབ་ཡོད།  “ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ”དང་“ཟླ་ཟེར་རྩོམ་རིག་བྱ་དགའ”སོགས་རྩོམ་རིག་གང་མང་ཐོབ། སྙན་རྩོམ་སྟོང་ཕྲག་ལྷག་བྲིས་ཡོད་པ་ལས་འགའ་ཞིག་དབྱིན་ཇི་དང་ཧྥ་རན་སེ། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད།
  2022ལོའི་ཟླ9པའི་ཚེས20ཉིན་སྙུན་གཞིའི་རྐྱེན་པས་ཟི་ལིང་དུ་སྐུ་གཤེགས།

སྙིང་ཉེའི་སྐྱེལ་ཐུང་།

རྫོགས་ཆེན་པདྨ་སྐལ་བཟང་།(རྫོགས་ཆེན)

ཡ་ང་འཇིག་རྟེན་ཕྱི་མའི་རླུང་སྒྲ་ཡིས་བསུས་པའི།།
མ་འདྲིས་གྲོགས་ཀྱི་ངུ་ངག་དབྱངས་རྟ་ཡིས་བསྐུལ་ཏེ།།
གཟན་ཤམ་དམར་པོའི་འོག་གི་སྐྱོ་གདུང་གི་ར་མདའ།།
མི་མངོན་དབྱིངས་ན་བཞུགས་པའི་མཆོག་གསུམ་ལ་སྦྲན་ཡོད།།

ཀྱེ་མ་དབང་མེད་འཇིག་རྟེན་འདིར་སྣང་ལས་བརྒལ་བའི།།
ལས་རླུང་རྗེས་འགྲོ་ཉམ་ཆུང་མགོན་མེད་ཀྱི་བུ་ལ།།
བྱམས་ཆེན་མགོན་གྱི་ཐུགས་རྗེའི་ཕྱག་རིང་ཞིག་བརྐྱངས་ནས།།
འཇིགས་རུང་དུཿ  ཁའིགནས་ལས་ད་ལྟ་རང་སྐྱོབས་ཤིག།

གངས་འདབས་དབེན་པའི་རི་ནས་བསྲིངས་པ་ཡི་ཡིག་ཆུང་།།
བར་དོའི་མུན་ནག་འཐིབས་པའི་གསལ་སྒྲོན་དུ་གྱུར་ཏེ།།
ཐར་ལམ་སྣང་བ་དཀར་པོའི་འཇའ་ཟམ་གྱི་སྟེང་ནས།།
བདེ་ཅན་ཡིད་དགའ་ཆོས་འཛིན་ཞིང་མཆོག་དེར་སྐྱོལ་ཅིག།

སྣང་བ་སྲབ་མོ་འདི་ཡི་ཕར་ངོགས་ཀྱི་ལྗོངས་དེའི།།
སྟོང་པ་ཁས་ལེན་ཀུན་བྲལ་བློ་འདས་ཀྱི་རྫོང་ཆེན།།
ཟུང་འཇུག་ཀ་ནས་དག་པའི་ལྷུན་གྲུབ་ཀྱི་རྒྱལ་ས།།
ཡེ་རྫོགས་གཞི་གྲོལ་ཆེན་པོའི་བདེ་ཀློང་དུ་ཨ་ཨ།།
               པདྨ་སྐལ་བཟང་དེས་སོ།།

ཕེབས་སྐྱེལ་མ།

                           ལྗང་བུ།

ག་པར་སླེབས་ཀྱང་གང་ལ་བསྡད་ཀྱང་ག་འདྲར་གནས་ཀྱང་བདུད་རྩི་དྭངས་མའི་ཉིང་བཅུད་དང་དྲི་བསུང་ལ་བསྟེན་པ་ཞིག

མེ་སྟག་གི་འཕྲོ་འདུ་གསོག་པའི་འབར་ཤེད་ལ་བསྟིམ་པ་ཞིག་དང་འགྱིག་གསོབ་ཀྱི་མེ་ཏོག་བརྫུས་མ་དག་མེ་སྲེག་གཏོང་མཁན་ཞིག

སྙན་ངག་གི་མུ་སྟེགས་པའི་ལྟ་བ་འཁྱེར་མཁན་ཨུ་ཚུགས་ཅན་ཞིག་དང་མི་རྟག་པའི་ཐ་སྙད་དག་ཐེར་ཟུག་གི་དྲན་ཐོ་དང་ཐེལ་ཙེ་རུ་སྦྱང་རྡུང་བྱེད་མཁན་ལྕགས་བཟོ་ཞིག

སྙན་ངག་དང་འཕྲད་དུས་མྱོང་ཚོར་སྣ་ཚོགས་མེ་སྟག་གི་ཚ་ཚས་འཕྲོ་བ་ཞིག་དང་སྙན་ངག་དང་འགྲོགས་དུས་ཁ་ཁོག་མེད་པ་ཞིག་དྲང་པོར་སྨྲ་བ་ཞིག་ཕྱི་ནང་སྒྲིབ་པ་མེད་པ་ཞིག

སྙན་ངག་དང་འཐབ་དུས་བློ་ཁོག་ཆེ་བ་ཞིག་གདེང་ཚོད་ཡོད་པ་ཞིག་ཐ་ན་གདུག་རྩུབ་ཀྱང་ཆེ་བ་ཞིག སྙན་ངག་གི་ཆེད་དུ་གོ་རྟོགས་སད་པ་ཞི་བར་གནས་པ་ཐར་བ་ཐོབ་པ་ཞིང་ཁམས་བརྗེས་པ་ཞིག

མ་སྐྱིད་པའི་སེམས་དང་མི་སྙན་པའི་གཏམ་དེ་མེ་སྟག་དང་མེ་ཏོག་གི་བར་ལ་རེས་སྐྱིད་རེས་སྙན་བཟོ་མཁན་གྱི་སྒྱུ་མ་མཁན་པོ་ཞིག་དང་ངེས་པར་དུ་སྐྱེལ་ཐུང་ཞུ་དགོས་པའི་དུས་ཐུང་གི་ཆང་གྲོགས་ཤིག

འདི་ན་ལྷ་དར་དང་བཅས་པའི་རྫ་ཁོག་སུམ་སྦྲགས་ཤིག་ཕུལ་ཡོད་དེ། གཅིག་དེའི་ནང་ལ་ཁྱེད་རང་དྲན་གྱིན་པའི་བདུད་རྩི་ངར་མས་གཏམས་ཡོད།  
གཅིག་དེའི་ནང་ལ་ཁྱེད་རང་ཕེབས་ལམ་གྱི་ས་བཀྲ་དང་སྐྱོ་རོགས་བཅུག་ཡོད། གཞན་གཅིག་ལ་ནི་སྐྱབས་གནས་བསླུ་མེད་ཀྱིས་སྦར་བའི་མེ་འོད་གང་ཡོད།།

གསུམ་སྒྲོན་མཉེས་དག་ཅིག་གནང་རོགས། སྙན་ངག་གིས་འཚོ་དང་འཚོ་བཞིན་པའི་བོད་པ་ཚོ་ལས་དམིགས་སུ་གར་པའི་ཁྱེད་རང་། ག་ལེར་ཕེབས་དང་།
       *འཆི་བདག་བདུད་ཀྱི་དབང་པོས་བརྩེ་བྲལ་ན་ཚའི་ལག་དམར་བཏང་ངོར་སྙན་ངག་སྨྲ་བའི་དབང་པོ་གཅན་མེ་སྟག་མཆོག་གི་སྐུ་ཚེས་མ་ལྕོགས་ཚུལ་གོ་ནས་གོང་གི་ཚིག་དེ་ལྷོ་ཕྱོགས་སྨོན་འཕེལ་གླིང་ནས་དམ་པ་ཁོང་ལ་སྐྱེལ་ཐུང་གི་ཚུལ་དུ་ཐལ་ཏོ།། ཨོཾམཎིཔདྨེཧཱུཾ།། ༢༠༢༢/༠༩/༢༡ཞོགས་པར་ལྗང་བུ་ནས། ༠༩/༢༢ཉིན་བཅོས་ཏོག་ཙམ་བརྒྱབ་ཡོད།

ངའི་སྙན་ངག་དང་ཁྱེད་ཀྱི་རྣམ་ཤེས།

                                                                                                         ------སྙན་ངག་པ་གཅན་མེ་སྟག་ལ་མྱ་ངན་ཞུ།

                                                                                                              ཁང་སྐྱིད་བསོད་བསྟན།(ལྷ་ས)

གཅིག

ཁང་ཆུང་མགོ་ལ་གྱོན་པའི་ཉིན་མོ་འདི་དག
ཏོག་དབྱིབས་དང་ནད་དུག་ཅེས་པའི་ཐ་སྙད་ཀྱི་གད་སྙིགས་ཁྲོད།
ངའི་སྙན་ངག་གི་ཟབ་ཅིང་གསལ་བའི་མིག་ཟུང་གཉིས་པོ་ཡང་ལོང་སོང་།
ཡིད་ཆེས་དང་དད་པ་མེད་དུས། ང་ཚོ་ནི་སྙན་ངག་གིས་དབེན་པའི་སྤྲང་པོ་ཡིན།

གྲོགས་པོ་ཞིག་གིས་སྐད་འཕྲིན་དུ་སྙན་ངག་ཅིག་བསྐུར་བྱུང་།
དེ་ཡང་དྲ་ལམ་དུ་རླུང་གིས་དེད་པའི་ཐ་སྙད་ཀྱི་གད་སྙིགས་ཅིག་མིན་ནམ་སྙམ་པས།
ངས་རང་ཉིད་ཀྱི་སྙན་ངག་མ་རྙེད་ལ། ཁྱེད་ཀྱི་རྣམ་ཤེས་ཀྱང་རང་གར་བོར་སོང་།
ཐ་ན་མཆོད་མེ་ཀོང་གང་དང་། མ་ཎི་ཚར་གཅིག་ཀྱང་ངའི་ངག་ལས་མ་ཐོན་པས།
འདི་ཡང་ཡིད་ཆེས་དང་དད་འདུན་གྱིས་དབེན་པའི་ངའི་སྟོང་ཟད་ཀྱི་མི་ཚེ་རེད་ལགས།

                                      གཉིས།

སླར་ཡང་། ལྷ་སའི་མཚན་མོའི་སྤྱི་སྤྱོད་རླངས་འཁོར་དང་འདྲ་བའི།
ཉིན་འདི་དག་རིང་གི་ཆེས་བཀྲ་མ་ཤིས་པའི་གཏམ་ངན་གྱི་ལུང་མདོ་ཞིག་ནས།
ངས་གཞི་ནས་ཁྱེད་ཀྱི་རྣམ་ཤེས་ལྷོ་བཞུད་ཀྱི་ཆུ་འཛིན་ཇི་བཞིན་བཞུད་ཟིན་པ་རྟོགས།
ད་ནི། ཁྱེད་ནི་ངའི་ཡིད་ཀྱི་སྨོན་པ་ཡོད་ཚད་འཆོར་སའི་སྙན་ངག་ཅིག་ཏུ་གྲུབ་སོང་།

སྙན་ངག་དེ་ནི།   འཇིགས་པ་དང་རྒུད་པ་མེད་པའི་ཆེས་མཛེས་སྡུག་གི་ལང་ཚོ་ཡིན།
དཔེར་ན། ཁྱེད་ཀྱི་སེམས་དང་ཡིད་ལ་སྒོམ་པའི་ལྷོ་བཞུད་ཀྱི་ཆུ་འཛིན་ཇི་བཞིན།
ཡུལ་དུས་ཀྱི་ལྟོས་པ་ཅི་ཡང་མེད་པར་ང་དང་ང་ཚོའི་སེམས་དབུས་ན་ཡོད་པས།
དུས་དེ་རིང་ནས་བཟུང་སྟེ།   ཁྱེད་ཉིད་ཀྱང་ངའི་སེམས་ཀྱི་སྙན་ངག་ཅིག་ཏུ་གྱུར་སོང་།
སྙན་ངག་ཡོད་པས།   ད་གཟོད་གཞི་ནས་ངའི་མིག་ཟུང་གཉིས་པོ་ཡང་གསལ་བར་གྱུར་ཡོད།

གསུམ།

སླར་ཡང་གྲོགས་པོ་གཞན་ཞིག་གིས། སྙན་ངག་མི་ཤེས་ཀྱང་ཁྱེད་ལ་མྱ་ངན་ཞུ་ཞེས་ཟེར།
དོན་ངོ་མར་ང་ཚོ་ཚང་མར་རང་ཉིད་ལྟ་བུའི་རང་ཉིད་ཀྱི་སྙན་ངག་རེ་རེ་ཡོད།
ཁྱེད་ཀྱི་སྙན་ངག་ཁྱེད་ཀྱིས་རྙེད་ལ་ངས་ཀྱང་ཚོར་ཟིན་པ་འདི་དག་ཡིན་ངེས་ལ།
ངའི་སྙན་ངག་ཁྱེད་ཀྱི་རྣམ་ཤེས་ཀྱིས་བསྩལ་ནས་ད་ལྟ་གཞི་ནས་ག་ལེར་ཚོར་ཡོང་བ་དེ་ཡང་ཡིན།

ཁོང་དང་ཁོང་གི་སྙན་ངག་རྙེད་ནས་བོར་ཟིན་པ་གང་ཞིག་ཡིན་པའང་ངེས་པས།
ང་ཚོ་ཚང་མར་རང་ཉིད་ལྟ་བུའི་རང་ཉིད་ཀྱི་སྙན་ངག་རེ་རེ་ཡོད་པས།
ཁྱེད་ཀྱི་རྣམ་ཤེས་ཤ་རུས་ཀྱི་ཁང་ཆུང་ནས་ཐོན་པའི་སྐད་ཅིག་དེ་ཉིད་ལ།
ང་ཡང་རང་ཉིད་ཀྱི་མགོ་ལ་བཀབ་པའི་ཁང་ཆུང་འདིའི་ཞེན་ཆགས་ལས་ཐར་ཏེ།
ཁྱེད་ཀྱི་རྣམ་ཤེས་འཕུར་ཤུལ་ནས་ངས་རང་ཉིད་ཀྱི་སྙན་ངག་ཅིག་རྙེད་པའང་ཡིན་སྲིད།

བཞི།

ལྷ་སའི་སྟོན་ཀ་ནི། ངའི་སྙན་ངག་གི་ཡིད་ཡུལ་དུ་ལྷུང་པའི་ལོ་མ་སེར་པོ་རྐང་གཅིག་ཡིན།
མིག་ཆུ་རྐང་ཆག་གཅིག་དང་འདྲ་བར་ཁུ་སིམ་པའི་ས་གཞི་ཆེན་པོར་ཐིམས་ངེས་པས།
ངས་མི་ཡུལ་དུ་བཞག་པའི་ཡིད་ཆེས་དང་དད་འདུན་གྱི་དར་ཤིང་ཆེན་པོ་ཞིག་ཀྱང་།
མིག་ཆུ་ལྷུང་ཤུལ་ནས་བསླངས་ཏེ་ཁྱེད་ཀྱི་རྣམ་ཤེས་འཕུར་སའི་ཕྱོགས་སུ་བསྒྲེང་ནས།
ཁྱེད་ཀྱི་དྭ་ཕྲུག་ཏུ་ལུས་པའི་སྙན་ངག་གི་དར་ཆེན་ཞིག་ནམ་ཡང་སྟོན་ཀའི་དྲན་གསོར་བཞག་ན་སྙམ།
     སྤྱི་ལོ༢༠༢༢ལོའི་ཟླ༩ཚེས་༢༠ཉིན་ཏེ།   ལྷ་སར་ནད་རིམས་ཀྱིས་རྐྱེན་པས་བསྟུད་མར་ཉིན་སུམ་ཅུ་ལྷག་ཁྱིམ་དུ་བཀར་སྐྱིལ་བྱས་པའི་ཕྱི་དྲོར།   བོད་ཀྱི་སྙན་ངག་པ་གཅན་མེ་སྟག་མཆོག་གནའ་མཁར་ཟི་ལིང་དུ་ནད་ཀྱིས་རྐྱེན་ནས་མི་ཡུལ་དང་ཞལ་གྱེས་ཞུས་པའི་གཏམ་ངན་ཐོས་རྗེས་སུ་ཡིད་གདུང་དྲག་པོས་བྲིས་པའོ།།

དབྱིངས་སུ་ཡལ་པའི་གླག་རྒོད།

                                                                                                      —སྙན་ངག་པ་གཅན་མེ་སྟག་སྐུ་གཤེགས་པར་མྱ་ངན་ཞུ།
             
                                                                                                                ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག)

གླག་རྒོད་དེ་ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ།
ནམ་མཁའི་དབྱིངས་སུ་ཡལ་བར་གྱུར།
གླག་རྒོད་དེས་ཤུལ་དུ་བསྐྱུར་བ་ནི་བྲག་ཐེམ་སྟོང་བ་ཞིག་སྟེ།
བྲག་ཐེམ་དེ་ལ་སྐྱོ་གདུང་གི་རླུང་བུ་ཤུར་ཤུར་ལྡང་།
ཡིན་ནའང་། གླག་རྒོད་དེའི་སྡེར་ཤུལ་དག་ལ།
ཡི་གེ་དང་སྙན་ངག་མཉམ་དུ་བབས་པ།
ལོ་རྒྱུས་ཀྱི་ཡིག་ཚངས་དག་ན་འོད་དུ་འབར།
གླག་རྒོད་དེ་དེ་ལྟར་ནམ་མཁའི་དབྱིངས་སུ་ཡལ་རྗེས།
ང་ཚོས་ས་སྟེང་ནས་མར་མེ་མང་པོ་བཞག་སྟེ།
གླག་རྒོད་ལགས།
མར་མེ་འདི་དག་ཁྱོད་ཀྱིས་མཐོང་གིན་འདུག་གམ་ཞེས་དྲིས།
                         ༢༠༢༢•༩•༢༣ཉིན།

ངས་ཁྱོད་ལ་འོ་ཞིག་ཆད་སོང་།

                དཔལ་མོ།(ལན་ཀྲུ)

ངས་ཁྱོད་ལ་འོ་ཞིག་ཆད་སོང་།
དེ་ནི་སྙན་ངག་གི་རྨ་ཁར་གྱུར་ཚར།
འོན་ཀྱང་ད་ལྟ།
ཚེ་སྲོག་འབར་སའི་གཤིན་ས་ཡང་རྒུད་ན།
གཏམ་རྒྱུད་དེ་འདྲ་གླེང་རིན་མི་འདུག

གནས་འདི་རུ་ལྷོད་ཀྱིས་འདུག་ས་མེད་པས།
ཁྱོད་ཀྱིས་ཚེ་སྲོག་དཔང་དུ་བཞག་ཟིན།
འཆི་བདག་གྲོགས་སུ་བསྟེན་ཟིན།
ཕྱི་མའི་ཡུལ་ལྗོངས་བདམས་ཟིན།
ག་ཅིག་ལ་ཤ་ལེར་འགྱོ་ས་ཡོད་པར་སྨོན།
                    ༢༠༢༢/༩/༢༠

མིང་མེད།

                              —བཀྲ་མི་ཤིས་པའི་སྐད་དེ་ཐོས་མ་ཐག

                                                                                                          རེ་རྐང་གླིང་།(རེབ་ཀོང)

མར་མེའི་ཕྲེང་བ  རྒྱུ་སྐར་གྱི་མེ་ཏོག
ཚིག་དང་ཐ་སྙད་ཀྱི་མེ་ལྕེ
ང་ཡི་གསོན་སྙིང་དཔལ་འབར་བཞིན་སྒྲོན་ཤོག

དྲན་པའི་ཆར་བ  བརྩེ་བའི་ཤ་འོད
དགུ་ཚིགས་ཀྱི་གཙང་པོ
ང་ཡི་སྐྱོ་བ་རྒྱ་མཚོ་བཞིན་སྐྱིལ་ཤོག

ལོ་ཟླའི་མིག་ཁ་ནས་བཟར་བའི་ཟླ་བརྒྱད་པ
ག་ལེར  ས་རུ་ཟགས་དུས
གསེར་ཆུས་བྲན་པའི་ས་གཞིའི་ཐུ་འོག་ནས
བདག་སེམས་ཀྱི་ཆུ་འཛིན་དཀར་པོ་ལྷོ་ཕྱོགས་སུ་བཞུད་སོང་།
              2022.09.20ཉིན་གྱི་ཞོགས་པར།

རལ་པ་གྱེན་ལ་གསིག་པའི་མི་དེ།

             བྱང་འབྲོག་མོ།(ནག་ཆུ)

ནད་ཡམས་དང་དམག་འཁྲུག
མུ་གེ་དང་འཆི་བའི་གཏམ་གྱིས།
ཉིན་མཚན་ཐུན་དྲུག་གི་མགོ་རྔ་སྦྲེལ་བའི་དུས་ཡན་འདིར།
སྲོས་ཀྱི་རླུང་བུའི་ཁོག་ལའང་།
མི་རྟག་པའི་སྲད་བུ་རེ་བརྒྱུས་ཡོད་སྣང་ཤར།
དེ་འདྲའི་མོད་ལ།
སང་ཉིན་གྱི་འདོད་འདུན་མཐའ་དག
ཉག་ཕྲ་བ་ནས་ཆད་ལ་ཁད་དུ་བཏང་།
ཉི་ཟླ་མཐོང་ཚེ།
མགོ་ཡི་ཞྭ་ཕུད་དེ་སྨོན་ལམ་ཞུ་མཁན་གྱི་བྱིས་པ་དེ།
ཉི་ཟླ་རི་བོར་བཅར་དུས།
རྟ་ཁ་གློད་ཅིང་དབུ་འཕང་མཐོ་བར་འདེགས་མཁན་གྱི་སྙན་ངག་པ་དེ།
ད་ནི་ཉི་ཟླའི་གའུ་ཁ་སྦྱོར་སྙིང་ཁའི་སྲུང་འཁོར་ལ་བརྒྱུས་ཏེ།
ཉི་ཟླས་བཏིངས་པའི་འོད་ཀྱི་ལམ་དུ་ཞུགས་སོང་།
ཁྱེད་རང་བཞུད་རྗེས།
ང་ནི་མི་རྟག་པའི་ཆོམ་སྒྲའི་ཁྲོད་ན།
ཐེག་པར་དཀའ་བའི་མ་འོངས་པའི་ལྕི་ཚད་ལ།
མ་རིག་པའི་རྒྱ་མས་འཇལ་ཏེ་སྡོད་དགོས་ཨང་།
           ༢༠༢༢.༩.༢༠ཉིན་སྙན་ངག་པ་གཅན་མེ་སྟག་ལགས་སྐུ་འདས་པར་ཐོས་རྗེས། ༢༠༡༩ལོའི་སྨྱུག་ཚོགས་ཀྱི་སྙན་ངག་པ་གཅན་མེ་སྟག་ལ་རྗེས་དྲན་ཞུས་པའོ།།

གཅན་མེ་སྟག་རྗེས་དྲན་གྱི་མེ་སྟག
                
  མདའ་བཙན་པོ།(རྨ་ལྷོ་སོག་རྫོང)

མི་ཚེ་སྣ་དབུགས་སྐྱིད་སྡུག་འབྱིན་རྔུབ་རེད
འཚོ་བ་སྔ་དགོང་སྣང་བའི་རྩེད་མོ་རེད
ཁྱོད་ཀྱིས་མདུད་པའི་སྙན་ངག་དགུ་སྒྲིལ་དེ
ཤི་ན་གསོན་ན་གངས་ཀྱི་རྨུ་ཐག་ཡིན

མཐོ་ས་ཞིག་ནས་རྒྱང་ལྟ་བྱས་པ།

                                                                                                   ནག་པོ།(གཙོས)

ཁྲོ་ལྕགས་ཀྱི་གཙང་པོར་བཞུར་བའི་རྣམ་ཤེས་ར་རོའི་སྤྲིས་མ་དེ
དགུན་མགོ་མའི་ཁ་བ་རེད་བསམ་ཡང  ཤེས་པ་འཁྲུལ་བ་ཡིན་འདྲ
གྲང་འདར་ཡང་ཡང་བརྒྱབ་ནས་བོག་ཅིང་བརྒྱལ་ལ་ཁད

ལུས་འཇིག་ན་སེམས་ཀྱི་རྒྱུད་ཀྱང་ཆད་དམ
བཤིགས་ཀྱང་བཞེངས་པའི་འཆི་འཕོའི་དཀྱིལ་འཁོར་གྱི་དབུགས་དང་ཁྲག་རྒྱུན
དེ་མུར་མྱགས་པར་གྱུར་བ་མིན་འགྲོ  དེ་ལ་དུད་པའི་ཡི་གེའི་ང་རོའང
ངའི་འཁྲུལ་སྣང་གི་བྲང་ཁོག་ནས་རྟ་ཁྱུ་ལྟར་ཞོགས་ན

མིག་ཆུའི་ཆག་རོ་གང་དུ་གཏོར་རམ  རླུང་གི་བརྡར་ཟད་དུ་སོང་བའི
གསོབ་གཟུགས་ཀྱི་ཉི་མས་སྐམ་སྲིད་ན
ཉིན་མཚན་རེ་རེར་འབྱོར་ཕྱུག་ལྟར་སྣང་བའི་ཚིག་ཚོགས་ཀྱི་དོན་སྙིང་ནང་དུའང
གངས་རི་དང་རྩྭ་ཐང་གིས  ཆར་ཆུ་ཞིག་ག་ལེར་དྲངས་མི་འགྲོ

མུན་ནག་ཁྲོད་ནས་རྒྱང་ནས་རྒྱང་ལ་ཉན་ཚེ  སྔ་འབྱོར་འཕྱི་འོང་གི
དུས་ཆད་ཅིག་ཡོད་བསམ་མོད  
དུས་ཚོད་ཀྱི་ཐ་ཚིག་ནང་བཞིན  དཔུང་བ་མཉམ་གཤིབ་ཀྱི་ཁ་སང་དེའང
མྱུར་བ་མྱུར་ཏུ་མོག་པོར་གྱུར་འགྲོ་བས
རྨ་ཁར་སིམ་པའི་གསང་བའི་རྩེད་གྲོགས་ཀྱང རྨི་ལམ་གྱི་གཟེབ་ཏུ་ཚུད་འགྲོ

མ་འོངས་པ་དེ་ཟག་ཟད་མཁྱེན་པའི་མངོན་ཤེས་དང་འབྲེལ་བ་ཅི་ཡང་མི་འདུག
ཐག་ཉེ་བ་ཞིག་འཚོལ་བའི་ལམ་ཁར  རེག་ཚོར་མྱོང་དུ་ཡོད་པ་ལྟར
ནམ་མཁའི་ངོས་སུ་སྣག་ཚ་བྱུག་ནས་ཅི་ཞིག་བྲིས་ཆོག་ཨང
                       2022/9/21

ཁྱེད་དེ་ལྟར་བུད་སོང་ན།

                        —སྙན་ངག་གི་རྒྱལ་སྲས་རྗེས་སུ་དྲན་པ།
                     
                            འབྲོང་ཕྲུག(མཚོ་ལྷོ)

                             “མི་རྟག་པར་དངོས་སུ་ཕྲད་ནའང་།
                             ང་རང་མི་རྟག་པར་རློམ་ཐབས་མི་འདུག”
   ཁ་པར་དུ་ཡིག་ཕྲེང་དེ་དག་གཏགས་རྗེས།ང་ཡིད་ལ་གློ་བུར་དུ་འཆར་སྒོ་ཅི་ཡང་མེད་པར་གྱུར།ངས་ངེས་པར་ཁྱེད་ལ་ཅི་ཞིག་འབྲི་དགོས་པ་རེད་མོད།ཅི་ཞིག་འབྲི་དགོས་མིན་ལ་བསམ་བློ་འཁོར་གི་མི་འདུག 
    སྐབས་ལན་རེར།ངའི་དྲན་པར་དེ་ལྟར་མུན་ནག་འཐིབ་ནས་འཆར་སྒོ་ཅི་ཡང་མེད་པར་གྱུར་འགྲོ།
  སྐབས་ལན་རེར།མིག་ཆུ་ནི་སྐམ་ཟིན་པའི་ཆུ་མགོ་ཞིག་དང་འདྲ་བར་འུ་ཐུག་ཐབས་ཟད་ཀྱི་ཚབ་ཀྱང་མི་ཡོང་བར་འདུག

             “ཁྱེད་དེ་ལྟར་བུད་སོང་ན། 
             ཁྱེད་ཀྱིས་ཤུལ་དུ་བསྐྱུར་བའི་དབྱངས་གསལ་གྱི་མཆོད་མེ་རེ་རེ།
             སུ་ཞིག་གི་ཚེ་འབར་དུ་སྒྲོན་དགོས་སམ།”
     ཡིག་ཕྲེང་དེས་ཀྱང་ངས་ཁྱེད་རྗེས་སུ་དྲན་སྟངས་གང་ཡང་མཚོན་ཐབས་མེད་མོད།ཁྱེད་དྲན་པ་ནི་ཁེར་རྐྱང་གི་མཚན་མོར་ཆང་དྲན་པ་ནང་བཞིན།ཆང་གི་མཚན་མོར་སྙན་ངག་དྲན་པ་ནང་བཞིན།སྙན་ངག་གི་མཚན་མོར་ཁྱེད་དྲན་པ་ནང་བཞིན་ཚོད་ཀྱིས་ཐིག་པ་ཞིག་མ་ཡིན།   
    ང་ལ་ཕྱིར་དྲན་མཚོན་བྱེད་ཀྱི༼རི་བོ་ཉི་ཟླ༽ལྷག་ཡོད་ནའང་།ང་ལ་སེམས་གསོ་མཚོན་བྱེད་ཀྱི་༼ཚེར་སིལ་སྐྱ་བོ༽ཐེམས་ཡོད་ནའང་།ངའི་སེམས་པ་ད་དུང་ཅི་ཞིག་གིས་མ་ཚིམ་པར་སྟོང་ལྷང་ལྷང་དུ་ལུས་ཡོད།
             
           “འུ་གཉིས་ཆང་ཁ་ཞིག་ནས་ཐོག་མར་ཕྲད་ཅིང་།   
             འུ་གཉིས་ཆང་ཁ་གང་མང་ནས་ཡང་ཡང་གྱེས་མྱོང་།”
    དུས་ཚོད་ཀྱིས་བདེན་དབང་བྱེད་ཐབས་མེད་ལ་བྱེད་ཀྱང་མི་དགོས་པའི་མཇལ་ཕྲད་རེ་རེ་ནི།ཟི་ལིང་ནས་མགོ་བརྩམས་ཏེ་མགོ་ལོག་ནས་མཇུག་བསྡུ་དགོས་པ་འདྲ་སྟེ།མང་རའི་བྱེ་སྣ་ནི་མི་ཚེའི་ལམ་ཐིག་སྟེང་གི་བསྣོལ་མཚམས་གལ་ཆེན་ཞིག་ལས་དཀྱོག་མཚམས་གཙོ་བོ་ཞིག་ཏུ་ངོས་འཛིན་ཐབས་མེད་ནའང་།འུ་གཉིས་ཀྱི་ཆང་དང་སྙན་ངག་གི་མཚན་མོ་མང་པོ་ཞིག་དེ་ལྟར་བརྩམས་ནའང་།ཁྱེད་ཀྱི་ཁེར་རྐྱང་དུ་སིམ་མ་ཐུབ་པའི་ངའི་ཕངས་སེམས་དག་སྙན་ངག་ཅིག་གིས་མི་ཤོད་པར་འདུག

                    “ངས་འུ་གཉིས་ཀྱི་གྱེས་བྲལ་བཟོད་ཐུབ་ནའང་།
                      ཁྱེད་ཀྱི་སྙན་ངག་གི་ཁེར་རྐྱང་བཟློག་དཀའ།”
    དངོས་གནས་དེ་འདྲ་ཞིག་སྟེ།འཆི་བའི་མདུན་དུ་དཔའ་གདེང་གིས་བསྐྱོད་མྱོང་བའི་ཁྱེད་ཀྱི་མི་ཚེ་ནི།ང་ཡི་མིག་ཆུ་ཙམ་གྱིས་མཚོན་ཐབས་མེད་ནའང་།ཁྱེད་ནི་དེ་ལྟར་ངའི་ནང་སེམས་སུ་འཛུལ་ཞིང་འདི་ལྟར་ཡ་ཆུང་གི་ཅི་ཞིག་དྲུས་ནས་རྒྱང་རིང་ལ་བུད་སོང་། དེ་ནི་སྙན་ངག་ཡིན་ནམ།
  ངས་མང་པོ་ཞིག་འུ་ཚུགས་ཀྱིས་མི་ཕྲིས་དོན།ཁྱེད་ཀྱིས་བཞག་པའི་བག་ཆགས་ཀྱི་གཙང་བོ་ནི་དྭངས་ཤ་ལེར་ངའི་གློ་སྙིང་མཆིན་གསུམ་དུ་ཡོངས་སུ་འཐིམ་ནའང་།  ཁྱེད་རང་བརྒྱུད་པའི་ཁེར་རྐྱང་གི་རྒྱང་རིང་ནི་ཆང་དང་སྙན་ངག་གིས་བཞེངས་པའི་རྡོ་རིང་ཞིག་ལྟར་ང་རང་ནམ་ཡང་སླེབས་མ་ཐུབ་པས་ཡིན།

                      “ཁྱེད་དེ་ལྟར་བུད་སོང་ན།
                      ཁྱེད་ཀྱི་རྒྱང་རིང་དང་གནམ་འོག
                   ཁྱེད་ཀྱི་བདག་མེད་དང་བདག་མེད་གཞན་དག
                      ཁྱི་ཁ་བཙུམ་ནས་བསྡོད་ཚུགས་སམ།”
                             ཞེས་འདས་པོ་གང་དེའི་རྩོམ་གྲོགས་ཀྱི་ཐ་མ་འབྲོང་ཕྲུག་གིས་༢༠༢༢ལོའི་ཟླ་༩བའི་ཚེས་༢༡ཉིན།
 
འཁྲུལ་སྣང་།

                                                                                                        —རྩོམ་གྲོགས་དམ་པ་གཅན་མེ་སྟག་ལ་ཕུལ་བ།

                                                སྐྱབས་ཆེན་བདེ་གྲོལ།(རྨ་ཆུ)

ཁྱེད་སྐུ་གཤེགས་པའི་གཏམ་དེ་ཐོས་པས
ང་རང་ཕྱི་དྲོ་ཧྲིལ་པོ་ཞིག་ལ་སྐྱོ་བར་གྱུར
ཡིན་ཡང སྲོད་ཁའི་གྲིབ་ནག་གིས་སྒེའུ་ཁུང་བཀབ་ཡོང་སྟེ
སྡོད་ཤག་གི་ཆ་ཤས་མ་ལུས་མུན་པས་གང་དུས
ངས་རང་གི་སྐྱོ་སྣང་དེ་འཁྲུལ་བ་ཡིན་པ་ཤེས་ཤིང
སྟོང་པའི་ནང་དུ་ལག་པས་བསྙབས་ཚེ
ཁྱོད་ཀྱིས་བཟོས་པའི་མེ་ཏོག་དཀར་དམར་ལ་རེག་ཐུབ་པར་གྱུར
དེ་ནས་ཕར་ཕར་དེད་ཚེ འོད་སྣང་ཕྲན་བུ་མཐོང་ཞིང
ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ
མཐར་སྐྱེད་ཚལ་ཆེན་པོ་ཞིག་མངོན་བྱུང
དོན་དུ འོད་རྣམས་ཉི་མ་ལས་བྱུང་བ་མིན་ཏེ
མེ་ཏོག་དེ་དག འཕྲུལ་གྱི་གཟུངས་སྔགས་ཀྱིས་གྲུབ་ཅིང
ཁྲག་དང་རྩ་རྒྱུས་ལྡན་པ རང་བྱུང་གླུ་ལ་མཁས་པ
དཔེར་ན་མིའི་འགྲོ་བ་མ་བྱུང་སྔོན་གྱི་ལྷའམ་དྲི་ཟ་དང་འདྲ་བས
དེ་ཚོས་རང་ལུས་ནས་འོད་ཟེར་འགྱེད་པ་ཡིན་འདུག
ངས་དེ་དག་ལ་མེ་ཏོག་ཅེས་བཏགས་པའང
དུས་དང་ཡུལ་ལས་འདས་པའི་འཇིག་རྟེན་དེ་རུ
ང་རང་བརྗོད་པས་དབུལ་བས་ཡིན་འདུག

ངའི་སྐྱོ་སྣང་མ་ཟད
ཁྱེད་ཀྱིས་ལག་པ་གཡས་པར་ཆང་དམ་དང
གཡོན་པར་ཁེར་རྐྱང་ཐོགས་ཏེ་བྲང་ཁོག་གི་ནམ་མཁར
དབྱངས་གསལ་གྱི་སྐར་ཕྲན་བྲིས་པ་དེའང་འཁྲུལ་བ་རེད་དེ
ཤ་རུས་ཀྱི་ཁུར་བོ་གངས་རིའི་རྩེ་ལ་གཏོར་ཅིང
བྱ་རྒོད་ཀྱི་མིག་ནས་སྲིད་གསུམ་ཁམས་ལ་ལྟ་དུས
ཁྱེད་ལ་ན་ཟུག་བཏང་མྱོང་བའི་བུད་མེད་དེ་ཚོ
ཁྱེད་ཉིད་བདེ་བར་བྲིད་མྱོང་བའི་དབྱར་གཞུང་དེ་ཚོ
དགུ་ཚིགས་ཀྱི་རྒྱ་མཚོའི་ཀློང་ནས་ཡུལ་གང་ལ་ཐིམ་འདུག

རེད་དེ འཁྲུལ་སྣང་རང་རེད
རང་ལུས་ཙམ་བདེ་བའི་ཕྱིར་དུ
ཁེ་ཚོང་གི་འདུ་འགོད་ལ་མ་བྲེལ་ཀྱང
སྐྱིད་ཉལ་ཙམ་རྒྱག་པའི་ཆེད་དུ
མི་ཆེན་གྱི་ཁ་ངོ་མ་འཚོས་ཀྱང
བརྩི་བཀུར་ཙམ་ཐོབ་པའི་ཕྱིར་དུ
བཟང་མདོག་གི་ཟློས་གར་ནི་མ་འཁྲབ་ཀྱང
ཁྱེད་ཀྱི་ལུས་པོ་རླུང་འཚུབ་དང་བུ་ཡུག་གིས་ཟད་པར་བྱས་ཏེ
མགོ་ལོག་གི་གངས་ཁྲོད་ནས་འགྱེལ་ཅིང
ཟི་ལིང་གི་སྨན་ཁང་ནས་ཡལ་བ་དེའང
འཁྲུལ་སྣང་རང་རེད

འཁྲུལ་སྣང་ཡིན་པ་ཤེས་བཞིན་དུ
ངས་འདུ་བྲལ་གྱི་སྐད་ཅིག་མ་འདི
འུ་གཉིས་ཐོག་མར་འཕྲད་དུས་ཀྱི་
ཕོ་ལོ་ཉི་ཤུའི་དབྱར་གྱི་སྒང་དེར་བསྲེ་བར་བྱ
རྨ་རྒྱལ་སྦོམ་རའི་འདབས་སུ
རྟོག་བཏགས་ཀྱི་རས་གུར་ཞིག་དབུབ་པར་བྱ
ཚོར་ཤུགས་དྲག་པོའི་མེ་འབུད་པར་བྱ
གངས་ཆུ་དག་བདུད་རྩིར་བསྒྱུར་ནས
མགོ་མ་གསུམ་དེ་ཞབས་དག་གནང་རོགས
ཞེས་ཞུ་བར་བྱ
         20/9/2022

 འབྲེལ་བའི་གྲུ་ནང་གི་སྐྱེ་བོ།

                                                                                                    __ བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ལ་ཕུལ།

                                                ཚྭ།(གཅིག་སྒྲིལ)

སྐྱེ་བོ་འདིས་འབྲེལ་བའི་མུན་པ
མ་ཡུམ་གྱི་དགོངས་གྲངས་གཅིག་གི་ནང་བསྡུས་ཏེ
འཇིག་རྟེན་གྱི་རྒྱལ་མོ་དང་ཤགས་འགྱེད་ཡང་ཡང་གནང

སྐྱེ་བོ་འདིས ཙམ་ཤོག་སྟེང་གི་སྤྱོད་པའི་གྲི
མངོན་སུམ་ཀྱི་འཚོ་བའི་ནང་བརྡུངས

མུན་པའི་གཤོག་རྩལ་རྫོགས་པའི་གྲུར
སྐྱེ་བ་ད་རེས་ཀྱི་བཟོད་དཀའ་བའི་ལས་རྣམ་སྨིན

འཁྱགས་པའི་ནང་གི་འཁྱགས་པ་སྲིད་པ་གྲོང་གི་སྒྱུ་མ

ཁྱོད་ཀྱི་སྐད་ཆའི་ནང་འཁྱུག་པའི་གསེར་ཉ
སྐྱ་ཡ་ཤི་བའི་ཁྲུང་ཁྲུང་གི་གར

ལག་པའི་ནང་སྨིན་པའི་ཟ་འཕྲུག་དེས
ཁྱོད་ཀྱི་ལས་དབང་གི་ལྕགས་རི་སྲུང

སྲིད་པའི་གྲུ་གཟིངས་ནང་གི་ཉི་མ
རང་གི་མི་ཚེའི་གཟེབ་ལ་བཅུག

རྒྱ་ཆེར་བཏང་བའི་ཁེར་རྐྱང་།

                             ____སྙན་ངག་གཅན་མེ་སྟག་ལགས་ལ།

                            ཐོ་ཡོར།(དཀར་མཛེས)

ཡོལ་བ་དེ་ནི་འཆི་བ་ཡིན་ཡང་རུང
ནང་དུ་ལོག་ཕྱིན་པའི་སྐད་ཅིག་མ
སྔར་ནས་གྲུབ་ཚར་བས
ཁྱེད་རང་དེར་འཇིགས་དགོས་དོན་མེད

ཚོགས་པ་གང་དུ་འང་མི་གཏོགས་པའི་ཁྱེད་ཀྱིས
སྒོ་མོ་གཞན་ཞིག་ནས་རྨི་ལམ་གཏོང་ཆོག

གསལ་ལ་མི་གསལ་བའི་སྒོ་ར་རུ
གནས་ཁང་རེའི་སྒོ་མདུན་དུ་སྨུག་པ་དུམ་བུ་རེ་ལྷུང
ཁྱེད་ཀྱིས་ཡང་སྙིང་གང་གི་སྒོ་འབྱེད་དགོས་མ་ཤེས་པར་ལྷགས
སྒོ་ར་དེར་ཁྱེད་རང་ཚེ་གཅིག་ལ་བསྡད

རྣམ་ཤེས་སམ་མུན་པའི་གཏིང་དུ་ནུབ་པ་ནི
བདག་མེད་ཅེས་པའི་སྙན་ངག
མིས་བཟོས་འཁོར་སྐར
དེ་ཡི་ས་རུ་ཐོར་བའི་གྲིབ་གཟུགས
མི་མང་པོའི་དཀྱིལ་དུ་འགྲོ

ཁྱེད་ཀྱི་སྟོན་ཁ་ཐེངས་ང་གཉིས་པས་སྐྱེལ་གྱིན་པ
མི་མངོན་པའི་འཆིང་ཐག
རྒྱ་ཆེར་བཏང་བའི་ཁེར་རྐྱང་།
         ༢༠༢༢་༩་༢༢་ཉིན་བྲིས།

    སྙན་ངག་པ་གཅན་མེ་སྟག་ལགས་ལ་སྐྱེལ་རིང་བྱས་པ།

                   མར་བཟའ་བློ་སྒྲོལ།(ཛམ་ཐང)

དེ་དུས་ནམ་ཟླ་དབྱར་ཁ་ཞིག་ཡིན།
ཡོད་ཚད་རང་དབང་ན་ཡོད་སྙམ་པའི་སྣང་བ་བསོར་དུས་ཤིག་ཡིན།
མེ་ལོང་གི་གས་ཁར་འཇའ་ཚོན་གྱི་ཡུ་བ་འཛུགས་དུས་ཤིག་ཡིན།
ཡང་ན།
མི་ཚེ་ནི་མེ་ཏོག་གི་མགོ་རྒྱན་གཅིག་གིས་མཚོན་ཆོག་དུས་ཤིག་ཀྱང་ཡིན།

ལང་ཚོ་གཡོ་སྐྱོམ་གྱི་རླབས་རིས་འཇགས་པར་གྱུར་བ།
ཚད་མེད་པའི་བདེ་སྐྱིད་ཅིག་ཡིན་ངེས།
ཞེན་ཆགས་དང་འཁང་ར་བསྐྱུར་ཆོག
ལ་རྒྱ་དང་ངོ་སོ་བསྐྱུར་ཆོག
ཐ་ན་ཉལ་ཐ་ལྟ་བུའི་ཆང་རག་དང་སྙན་ངག་ཀྱང་དོར་ཆོག

བདེ་མོ་འཇོག་བྱེད་ཀྱི་ལག་པ་ཡར་མི་ཁྱོག་ན་ཡང་།
སྐྱོ་ཡུས་ཀྱི་མིག་ཀོང་ལ།
ལོ་དེའི་དབྱར་ཁ་དང་དུས་བཞི་མནབས་པའི་རྒྱ་སྟག་ཅིག་མཆོང་གིན་འདུག

ཐིག་ལེ་རེ་ལ་ཆང་མཆོད་རེ་འཕེན་དགོས།
       མར་བཟའ་བློ་སྒྲོལ་ནས་ཤིན་ཏུ་བྲེལ་བ་ཆེ་བའི་བར་སྐབས་ཤིག་ལ་བྲིས།

ཁྱེད་རང་འདི་ལྟར་འཆི་བ་ཡིན་ན།

                                      ___སྙན་ངག་པ་གཅན་མེ་སྟག་སྐུ་གཤེགས་པར་བྲིས།

                                           དོན་འགྲུབ་རྡོ་རྗེ།(རྫོགས་ཆེན)

ཁྱེད་རང་འདི་ལྟར་འཆི་བ་ཡིན་ན།
ལྷོ་བཞུད་ཀྱི་ཆུ་འཛིན་ཕོན་པོར་སྙན་ངག་གི་འཇིག་རྟེན་སུ་ཡིས་བཞེང་།
ཁྱེད་རང་འདི་ལྟར་འཆི་བ་ཡིན་ན།
སྟོན་མཇུག་གི་དུས་ཚིགས་སྐྱ་བོར་དུངས་སེམས་ཀྱི་སྨྲེང་གླུ་སུ་ཡིས་ལེན།
ཁྱེད་རང་འདི་ལྟར་འཆི་བ་ཡིན་ན།
ཞེན་ཆགས་ཀྱི་འཁོར་བ་རྒྱ་མཚོར་ཨ་རག་གི་མཆོད་ཆང་སུ་ལ་འདྲེན།
ཁྱེད་རང་འདི་ལྟར་འཆི་བ་ཡིན་ན།
དབྱངས་གསལ་གྱི་རྨི་ལམ་རིང་མོར་དགའ་སྡུག་གི་སྙིང་གཏམ་སུ་ཡིས་བཤད།

སྙན་ངག་པ།
ཁྱོད་ཀྱིས་མཁྱེན་པ་ཇི་བཞིན།
ད་ནི་སྐྱེ་འཆི་འཁོར་བའི་ཆོས་ཉིད་ལ་ལེ་བདའ་མེད་ལ།
འགྲོ་མིའི་རྣམ་རྟོག་གི་འཕྲོ་འདུ་ལ་མཐའ་མེད་པས།
དགའ་དུས་དགོད་པ་དང་སྐྱོ་དུས་ཀྱི་ངུ་བའང་ཆོས་ཉིད་ཅིག་སྟེ།
མི་རྟག་དྲན་པ་ཁྲ་མོས་ང་ཚོ་བསླུས་པ་གྲངས་མེད་ལ་མྱོང་བའང་གྲངས་མེད་ཅིག

འཆི་བ་ནི་གྲོལ་བ་ཞིག་སྟེ།
གྲོལ་བའང་ཐར་བ་ཞིག་སྟེ།
ཁྱོད་ཀྱི་ལང་ཚོའི་ཞབས་རྗེས་སུ་གསལ་བའི་སྙན་ངག་གི་ཡིག་འབྲུ་དེ་དག
ཁྱོད་ཀྱི་རྣམ་ཤེས་གསོན་པོ་ཡིས་བཞེངས་པའི་སྐྱིད་སྡུག་གི་གླེགས་བམ་དེ་དག
ཁྱོད་ཀྱིས་ཉི་ཟླ་རི་བོ་ནས་བྲིས་པའི་དྲན་གདུང་གི་སྤྱན་ཆབ་དེ་དག
ཁྱོད་ཀྱིས་སྲིད་པའི་ཐང་ཆེན་ནས་བཞེས་པའི་ཁེར་རྐྱང་གི་ཆང་དཀར་དེ་དག
སྣང་སྲིད་ཀྱི་དག་ཞིང་ཞིག་ནས།
རང་དབང་གི་ནམ་མཁའ་ཞིག་ནས།
འགྲོ་འོང་དང་སྐྱེ་འཆི་མེད་པའི་དེ་གར།

སྔངས་སྐྲག་གི་དབྱངས་རྟ་མི་དགོས་པར་དལ་གྱིས་གྱེར་བར་ཞུ།
རྗེས་ཆགས་ཀྱི་སྤྱན་ཆབ་མི་དགོས་པར་ག་ལེར་བཞུགས་པར་ཞུ།
མི་ཡུལ་གྱི་ཆགས་སྡང་མི་དགོས་པར་ལྷོད་ལྷོད་ངང་བཞུགས་པར་ཞུ།
སྡུག་བསྔལ་གྱི་སེམས་ཁྲལ་མི་དགོས་པར་ལྷ་ཡུལ་གྱི་བདུད་རྩི་བཞེས་བར་ཞུ།
རྨི་ལམ་གྱི་མཁའ་དབྱིངས་ཤིག་ནས་ང་ཚོའང་མཉམ་དུ་གྲོལ་བར་ཞུའོ། །
            ༢༠༢༢ལོའི་ཟླ་༩པའི་ཚེས་༢༠ཉིན་གྱི་དགོང་མོར་བྲིས།

བློ་གྲོས་ཀྱི་སྒྲོན་མེ་ཞིག་གཟིམས་སོང་།

            བདེན་པའི་མྱུ་གུ(ལྷོ་ཁ)

མུན་པ་ལ་སྡང་མིག་བགྲད་མི་ནུས་པ་ཚོ།
འོད་ཟེར་ལ་འཛུམ་ཆུང་སྟོན་མི་ཐུབ་པ་ཚོ།
བདེ་སྐྱིད་ཀྱི་གླུ་ངག་སྙན་འཇེབས་ཀྱི་དབྱངས་རྟར་མ་དྲངས།
ཞི་བདེ་ཡི་མེ་ཏོག་སྙན་ངག་གི་ཚིག་ལ་མ་བརྒྱུས།
རང་ལ་དབང་བའི་སྨྲ་ལྕེ་ལ་ལྕགས་ཟྭ་རྒྱག་དོན་ཅི།
རང་ལ་དབང་བའི་རྐང་ཟུང་དེ་འདམ་གྱིས་སྦགས་དོན་གང་།

རེ་བའི་མིག་ཟུང་དེ་ཆེ་རུ་བགྲོད་དང་།
རྣམ་དཔྱོད་གསེར་གྱི་འོད་སྣང་དེ་འཚོལ་དགོས།
རིགས་ཀྱི་རྨུ་ཐག་དེ་རིང་དུ་བསྲིངས་ཤིག
བླ་སྲོག་ཁྲག་གི་དྭངས་མ་དེ་གཞིབས་དགོས།
ཤིན་ཏུ་གསལ་བའི་བློ་གྲོས་ཀྱི་སྒྲོན་མེ་ཞིག་ཞི་ཞིང་།
ཇི་འདྲའི་རླབས་ཆེ་བའི་སྙིང་ཁམས་ཤིག་གི་ལྡིང་མཚམས་བཞག
ཕངས་སེམས་གསོན་པོ་འདི་ཇི་འདྲའི་སྙིང་ལ་ལྕི་ཨང་།
དྲན་སེམས་དམར་པོ་འདི་དེ་འདྲའི་ཡིད་དུ་སྐྱོ་ཨང་།

མི་ལོ་ང་གཉིས་ཀྱི་མཛད་འཕྲིན་དཀར་པོ།
མི་ལོ་ང་གཉིས་ཀྱི་འདས་དོན་རིང་མོ།
གླེང་ཡོང་དུས།
ཞབས་རྗེས་གངས་ལ་བཞག་པའི་རྟོགས་བརྗོད་རེ་རེ།

དྲན་པའི་ཚེ།
དུས་གསུམ་སྨྲ་ལྕེ་རྒོད་པའི་རིག་པ་རེ་རེ།

ཁྱོད་ནི་ལ་རྒྱ་ཡི་བླ་སྲོག
ཁྱོད་ནི་རིགས་ཞེན་གྱི་ཁྲག་དྲོན།
ཁྱོད་ནི་དར་ཆ་རེད།
ཁྱོད་ནི་རུ་འདྲེན་རེད།

སད་མ་ནུས་པའི་མི་འདི་དག
གཉིད་ལས་བསླངས་པར་སྐྱ་རེངས་ཀྱི་འབོད་བརྡ་ཡང་ཡང་བཏང་མོད།
འོད་འཚེར་བའི་ལམ་དུ་མི་སྤོ་བར།
སྨག་གིས་ཟིན་པའི་ཡུལ་དེར་ལོག་ནས།
འཁང་ར་དང་སྡུག་ཡུས་ཁོ་ནའི་ས་བོན་རང་གི་སྙིང་ལ་བཏབས།
“འདྲ་མཉམ་དང་དབང་ཐང་ཁྱེར་ཤོག
མི་གཞི་དང་རྩིས་ཐང་ཁྱེར་ཤོག”

གསོན་པོའི་ནང་གི་གཤིན་པོ་འདི་ཚོ།
ཁ་ཕོ་མཐོ་ཨང་།
འཇག་མ་ལྟ་བུའི་རྩྭ་མི་འདི་ཚོ།
ཁ་ལབ་ཆེ་ཨང་།

ཁྱོད་ཡོད་པའི་ལོ་དང་ཟླ་བ།
ཁྱོད་གནས་པའི་ཉིན་དང་མཚན་མོ།
གངས་དཀར་པོར་ཉི་མ་འཆར་བའི་སེམས་འདུན་གྱི་མཆོད་པ་ཡོད།
ས་དོག་མོ་འདོམས་པར་འཇལ་བའི་ལ་རྒྱ་ཡི་བླ་སྲོག་མཆིས།

ངས་སྡུག་གཏམ་སྡེ་ལ་མི་གླེང་།
སྡེ་ཆེན་པོ་འདི་ལ་ཕ་འདང་ཞིག
ངས་མིག་ཆུ་ཆུ་ལ་མི་བསྲེ།
ནང་ན་ཟླ་འདི་ཚོར་མ་འདང་ཞིག
ཤིན་ཏུ་གསལ་བའི་བློ་གྲོས་ཀྱི་སྒྲོན་མེ་ཞིག་ཞི་ཞིང་།
ཇི་འདྲའི་རླབས་ཆེ་བའི་སྙིང་ཁམས་ཤིག་གི་ལྡིང་མཚམས་བཞག
སྡུག་ཡུས་ཀྱི་ན་ཟུག་འདི་ཇི་འདྲའི་འདེགས་མི་ནུས་པའི་ཕ་བོང་ཆེན་པོ་ཞིག
སེམས་ངོགས་ཀྱི་མིག་ཆུ་འདི་དེ་ལྟར་བཞུར་མི་ཚར་བའི་ལྟག་ཆུའི་རྫིང་བུ་ཞིག
        བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་སྐུ་གཤེགས་པར་སེམས་གདུང་ཆེན་པོས་མྱ་ངན་ཞུ་ཆེད་ལྷོ་ཁ་བ་བདེན་པའི་མྱུ་གུས་༢༠༢༢/ ༩༢༡ཉིན་བགྱིས་པའོ།།

༄༅། །ངག་རིག་ཐོལ་བྱུང་སེམས་ཀྱི་མགུར་དབྱངས།
 
                                __སྙན་ངག་པ་གཅན་མེ་སྟག་ལགས་ལ་རྗེས་དྲན་ཞུ།
 
                   རིག་རྩེན།(མཚོ་ལྷོ)

བསོད་ནམས་དཔལ་ཡོན་རབ་བརྟན་པ།།
ངག་རིག་དབྱངས་ཀྱི་ལྗོན་པ་མཆོག།
གཅན་སྐྱེས་མེ་སྟག་འབོད་པའི་བུ།།
གངས་རིའི་མྱི་རྒོད་མཆོག་ཏུ་བསྔགས།།
 
ཆོས་ཉིད་རྒྱལ་མོའི་བཀའ་ལུང་བཅས།།
འབོད་པའི་བརྡ་ཡིག་འབྱོར་བ་འདི།།
ངེད་ཅག་སྙིང་ལ་གཟན་ན་ཡང་།།
བྱས་བསག་ལས་འབྲས་སུ་ཡིས་དཔོག།
 
མི་ཚེའི་ལམ་གྱི་འགྲུལ་བཞུད་ཙམ།།
ལེགས་ན་གངས་རིའི་ཚེ་ནོམ་ཡིན།།
རྟོན་མེད་འཁོར་བའི་གཞི་ཁྱིམ་ལས།།
གཞལ་མེད་སྙིང་པོ་སུ་ཡིས་བཙལ།།
 
མྱི་ཕོ་ཁྱེད་ཀྱི་རང་གཤིས་དང་།།
བློ་སྤོབས་དགའ་ཞེན་དགོད་སྒྲ་སོགས།།
སྒམ་བརླིང་བག་ཡོད་རང་ཚུགས་བཅས།།
མདོར་ན་ཡོད་ཚད་སྙན་ངག་ཡིན།།
 
སྐྲ་ལོ་དེ་ཡང་སྙན་ངག་ཡིན།།
ངོ་གདོང་དེ་ཡང་སྙན་ངག་ཡིན།།
སྤྱན་ཤེལ་དེ་ཡང་སྙན་ངག་ཡིན།།
མདོར་ན་ཡོད་ཚད་སྙན་ངག་ཡིན།།
 
གསེར་སྨྱུག་དེ་ཡང་སྙན་ངག་ཡིན།།
ཁྲུང་ཕོར་དེ་ཡང་སྙན་ངག་ཡིན།།
བཞེས་དུད་དེ་ཡང་སྙན་ངག་ཡིན།།
མདོར་ན་ཡོད་ཚད་སྙན་ངག་ཡིན།།
 
ཁྲེལ་ཡོད་ལྷ་དེ་ཁྱེད་རང་ཡིན།།
རིགས་ཞེན་མྱི་དེ་ཁྱེད་རང་ཡིན།།
གནའ་མཁར་འདྲེ་དེ་ཁྱེད་རང་ཡིན།།
མདོར་ན་ཡོད་ཚད་སྙན་ངག་ཡིན།།
 
ཅི་ཙམ་བསྟད་ཀྱང་བསྟོད་པར་འོས།།
སྨད་པའི་ཆ་ཡང་མེད་མི་སྲིད།།
བསྟོད་སྨད་རྣམ་བཤད་སྣ་ཚོགས་པ།།
འགྲོ་བ་མྱི་ལ་ཐུན་མོང་ཉིད།།
 
ཀ་ཁའི་རྫི་བོ་ཁྱེད་རང་བྱས།།
གསེར་གྱི་པི་ཝང་ཁྱེད་ཀྱིས་དཀྲོལ།།
སྤོབས་པའི་རྒྱང་གླུ་ཁྱེད་ཀྱིས་གྱེར།།
ཁྱེད་ནི་གངས་རིའི་གླུ་བ་ཡིན།།
 
ཁྲེལ་གཞུངས་ཕྱི་ཐག་རྒྱང་ལ་སྲིངས།།
རང་ཚུགས་དགུ་མདུད་སྙིང་ལ་བཏབས།།
དཔྱོད་ཡངས་བོད་པའི་སྙན་ངག་པ།།
ཁྱེད་དང་ཁྱོད་འདྲ་རེ་གཉིས་ཙམ།།
 
རྨ་རྒྱལ་གངས་རིའི་འདབས་རོལ་ན།།
ཁྱེད་ཀྱི་རྐང་རྗེས་འོད་དུ་འབར།།
རྨ་ཀློང་སྔོན་མོའི་རླབས་ངོགས་སུ།།
ཁྱེད་ཀྱི་དབྱངས་བདུན་སྙན་རྒུར་འཇོ།།
 
ཁྲི་ཤོག་རྒྱལ་མོའི་རླབས་རྩེ་ནས།།
ཁྱེད་ཀྱི་སྙན་པ་རྒྱང་ལ་ཆས།།
གངས་རྒྱན་མེ་ཏོག་དཀར་པོའི་ཚོམས།།
ཁྱེད་ཀྱི་འགྲུལ་བཞུད་ཟིན་ཐོ་ཡིན།།
 
ཉི་ཟླ་རི་བོའི་ལྗོངས་ཁུལ་ནས།།
ཁྱེད་ཀྱིས་རྟ་ཁ་ལྷོད་པར་མཛད།།
གློ་བ་རི་བོའི་འདབས་རོལ་ནས།།
ལྡོག་འབབ་གཙང་པོའི་དྲན་པ་བཏུས།།
 
ལྷོ་བཞུད་ཆུ་འཛིན་རྒྱང་ལ་འཕུར།།
ཚེར་སིལ་སྐྱ་བོའི་ཞིམ་ཤ་མངར།།
གཡུ་ཆུང་ཟླ་བའི་དགོད་སྒྲ་སྙན།།
གང་གང་ཁྱེད་ཀྱི་མཛད་འཕྲིན་ཡིན།།
 
སྙན་ངག་རིང་ཐུང་སྟོང་ལྷག་བྲིས།།
འགའ་རེ་ཕྱི་གླིང་སྐད་དུ་བསྒྱུར།།
རེ་འགའ་བསླབ་གཞིའི་དེབ་དུ་བཀོད།།
རྟ་མཆོག་གསེར་རྟགས་ཁྱེད་ཀྱིས་བཞེས།།
 
ཀ་ཁའི་ཐོབ་ཐང་རྒྱུན་སྲུང་མཛད།།
དབྱངས་བཞིའི་ང་རོ་ལྷོད་ཀྱིས་སྒྲོག།
ཚེག་ཤད་ཙམ་ཡང་ཞིབ་བུར་འགྲེལ།།
ཁྱེད་ནི་བརྡ་སྤྲོད་ཚིག་མཛད་ཅིག།
 
འཆར་ཡན་ངག་རིག་སྒྱུ་མའི་རྩལ།།
རང་མོས་སྙན་འགྱུར་ངག་ལ་བཟློ།།
སྡེ་བཞི་གཏམ་གྱི་སྲོག་དང་བཅས།།
གངས་དཀར་བདེ་སྡུག་ཤུབ་བུར་གླེང་།།
 
མི་རྟག་སྒྱུ་མའི་ཆོས་ཉིད་བཞིན།།
ཁྱེད་རང་རྒྱང་དུ་བཞུད་ན་ཡང་།།
ངག་རིག་དབྱངས་ཀྱི་སྙན་འགྱུར་གླུ།།
གངས་རྒྱུད་ནམ་མཁར་རང་སྒྲ་མཆེད།།
 
མཆོག་གསུམ་བདེན་པའི་བྱིན་མཐུ་དང་།།
དམ་ལྡན་བླ་མའི་བསྔོ་སྨོན་བཅས།།
ཉིད་ཀྱི་ས་ལམ་འོད་དཀར་ཅན།།
བདེ་ལྡན་ཞིང་དུ་བཞུད་པར་མཛོད།།
 
གངས་རྒྱུད་སྨྱུག་འཛིན་དཔུང་ཚོགས་ཀྱིས།།
ངག་རིག་སྐྱེལ་མ་རྒྱ་ཆེར་མཛད།།
བུ་སློབ་གཉེན་སོགས་འཁོར་བཅས་ཀྱིས།།
མ་ཎི་དབྱངས་ཀྱིས་ལམ་སྣ་འདྲེན།།
 
ཚེ་རབས་ཕྱི་མར་བོད་ནས་སྐྱེས།།
ཀ་ཁའི་དབྱངས་རྟའི་བདག་པོ་མཛོད།།
མྱི་ཆོས་རིག་པའི་ལོངས་ལ་སྤྱོད།།
ལེགས་ཚོགས་དཔལ་གྱིས་འཚོ་བར་ཤོག།
   ཅེས་ཉེར་གཅིག་རྒྱལ་ཡུམ་ལྷ་མོའི་སྐུ་གྲངས་དང་མཐུན་པའི་ཐོལ་བྱུང་སྙན་ངག་འདི་ནི་བོད་རིགས་རང་མོས་སྙན་ངག་པ་གང་ཉིད་ཞིང་གཞན་དུ་ཆས་པར་སྐྱེལ་ཆང་ཙམ་དུ་ཐ་སྙད་ལས་གཉེར་པ་རིག་རྩེན་དུ་འབོད་པས་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་འགྲམ་ངོགས་ནས་ཤར་མར་བྲིས་ཏེ་ཕུལ་པའོ།།   ༢༠༢༢.༩.༢༢
 
སྙན་ངག་པའི་འཆི་བ་ནི་སྐྱེ་བ་ཡིན།
                     
                    སྲིན་པོ།(ཁྱུང་མཆུ)

སྐད་ཆ་དག་རླུང་ལ་བཤད་ཀྱང
རླུང་གིས་དྲི་ལན་མི་འདེབས
ཕངས་སེམས་དག་ཁང་པར་བརྩིགས་ཀྱང
ཁང་པས་བདག་ཉར་མི་བྱེད
ངས་ཅི་ལ་ཡང་སྒུག་འདོད་མེད་མོད
ང་རང་མི་རེ་རེ་ལ་ཐུག་འཕྲད་བྱུང
ང་རང་འགུལ་ཙམ་ཡང་མ་བྱས་མོད
ང་ནི་ཐག་རིང་གི་རི་ཟོམ་དུ་འབྱོར
ཟམ་པ་དེ་ཇེ་རིང་དུ་གྱུར་ནས
ཁོའི་སྐེ་ལ་འཐམ་འཁྱུད་གཏོང
ཁོས་རང་ལ་འཆི་བའི་ལྷ་ཁང་བཞེངས
བར་སྣང་དུ་བཀལ་བའི་མེ་ལོང་དེ
དེའི་ནང་ནས་མཐོང་ཐུབ་པའི་ནམ་མཁའ་དེ
དེ་ནི་སུ་ཞིག་གི་བྱིས་དུས་ཀྱི་ནེའུ་གསིང་ཡིན
ཁྱེད་ལ་མཐིང་མདོག་གི་ལྭ་བ་ཞིག་ཡོད
དེ་ནི་ཡུལ་འདི་ཡི་ནམ་མཁའ་དང་མཚུངས
ཁྱེད་ལ་དཀར་གསལ་གྱི་མིག་འབྲས་ཤིག་ཡོད
དེ་ནི་ས་མཐོའི་ཟླ་བ་དང་མཚུངས
སྟོན་ཁ་སླེབས་ནས་ཡུན་རིང་སོང་རྗེས
ཁོའི་སྙིང་གི་འཕར་ལྡིང་གྲོང་གསེབ་ཅིག་ནས་གྲགས་འོང
ཁོ་རང་སླར་ཡང་གཉིད་ལས་སད་དེ
ཆུ་ཤེལ་ལྟ་བུའི་ཚེ་སྲོག་མང་པོ་སྦྲུམ
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག་པ་གྲགས་ཅན་གཅན་མེ་སྟག་མཆོག་ལ་རྗེས་དྲན་ཞུ་བའི་སྙན་ངག་ཕྱོགས་བསྒྲིགས།

2022-09-23 རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།