ས་ལེའི་སྙན་ངག་བདམས་བཀོད།

ས་ལེ།(ཡ་ཆེན) 琼迈文学网 2023-05-21

  པིར་མིང་ལ་ས་ལེ་ཞེས་དང་། དངོས་མིང་ལ་བསམ་འགྲུབ་ལྷ་མོ་ཞེས་འབོད། ཁམས་རྫ་ཆུ་ཁའི་ཐར་ཤུལ་སྡེ་བ་རུ་སྐྱེས།  ཁོང་མོ་ན་རེ། རྟག་པར་ང་རང་ནང་སྙིང་མེད་པའི་ཡིག་ཚོགས་ཤིག་ལ་བརྟེན་ནས། རང་ཉིད་ཀྱི་གྲིབ་གཟུགས་ཤོང་སའི་ནམ་མཁའ་སྟོང་པ་ཞིག་བློས་བསླངས་བྱས་ཏེ།   དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གཞན་ཞིག་གིས། དགའ་ཕྱོགས་ལ་ཚོར་བས་འཁྱུད་པའི་ཡིག་ཚོགས་འགའ་ཞིག་དུས་དེབ་དང་དྲྭ་བ་ཚགས་པར་འགའ་རུ་སྤེལ། 
  སྙན་དེབ《སྒེའུ་ཡོལ་ངོས་ཀྱི་ཕྱེ་མ་ལེབ》ཅེས་པ་ཞིག་དཔར་དུ་བསྐྲུན་ཡོད།

གྲོང་ཁྱེར་ནང་གི་ནད་པ།

ཁྱེད་རང་འཇིག་རྟེན་འདི་དང་གྱེས་ཏེ།
འཇིག་རྟེན་གཞན་ཞིག་ཏུ་དེ་ལྟར་བཞུད་སོང་བ་ཡང་།
མི་གཞན་གྱི་སྣང་ངོར།
གྲོང་ཁྱེར་ཞིག་གི་ཉེ་འདབས་ནས་ས་རྡུལ་ཆུང་ངུ་ཞིག
སྟོན་རླུང་གིས་བརྡེགས་ཏེ།
གྲོང་ཁྱེར་གཞན་ཞིག་ཏུ་སྤུར་བ་དང་ཤིན་ཏུ་མཚུངས་མོད། 

འོན་ཀྱང་།
ང་རང་དེ་ལས་ལྡོག་སྟེ་ནང་སེམས་ཀྱི་གཏིང་རིམ་ན་བཞད་པའི།
ཚེ་སྲོག་ཅིག་གི་ཁ་དོག་ལ་འགས་གཏོར་ཐེབས་པ་ཡིན།

མི་ཞིག་འཆི་བར་ཕྱོགས་པ་ནི་ཆར་བ་བབས་རྗེས།
ཆུ་རྡུལ་ལ་ཉི་འོད་ཕོག་ནས།
ནམ་མཁར་ཤར་བའི་ཚོན་རིས་ལྟ་བུ་མ་ཡིན་པར།

སྐྱེ་བ་སྔ་མ་ནས་ཕྱི་མར་བརྒྱུད་དེ་འགྲོ་དགོས་སྟབས།
ངས་ཨ་མྱེ་བགྲེས་པོའི་རྣམ་ཤེས་ཡང་བསྐྱར་འཇིག་རྟེན་འདིར།
མགྲོན་པོར་ཡོང་བའི་རེ་སྒུག་བྱས་མྱོང་།

མཐར་ཁྱེད་ཀྱི་རྣམ་ཤེས་ཞུགས་སའི་ཉི་མའི་ཁྱིམ་རྒྱུད་ལ།
དཀོན་མཆོག་གིས་བརྩེ་བའི་ཕྱག་ཟུང་བསྲིངས་ནས་ཡོད་པར།
ངས་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད།

ས་རུབ་རྗེས།

ས་རུབ་རྗེས་ང་རང་ཤིན་ཏུ་གྲང་དོན།
ཁྱེད་ཀྱི་བསྡུས་གཟུགས་མི་མཐོང་བར་དོགས་པས་མིན།
ཉི་ཟེར་གྱི་རྡུལ་ཕྲན་ལྟར་ཉག་ཕྲ་བའི་ཚེ་སྲོག་འདི།
འབོར་འགྲོ་བར་དོགས་པས་ཡིན།

ཉི་མ་ནུབ་པར་ཕྱོགས་དུས་ང་རང་རབ་ཏུ་འཁྱག་དོན།
ཞོགས་པའི་ཉི་ཟེར་མི་འཆར་བར་དོགས་པས་མིན།
ཁོ་མོའི་གདོང་ལ་ཉི་འོད་ཀྱི་དྲོད་ཁོལ་མི་ཕོག་པར་དོགས་པས་ཡིན།

ཉིན་གཅིག་གི་དུས་ཚོད་ཡོད་ཚད།
མཚམས་སྤྲིན་གྱི་ཕག་ཏུ་བཞུད་རྗེས་ང་རང་ཤིན་ཏུ་སྨྲེང་དོན།
ངས་ཁྱེད་ལ་ཆད་པའི་བརྩེ་དུང་གི་བུ་ལོན་མ་སོད་པས་ཡིན།

འཆར་ཡན་གཞན་ཞིག

དུས་ཚོད་ཡུན་རིང་ཡུན་རིང་ཞིག་འདས་རྗེས།  
ང་ད་དུང་སུའི་འཇིག་རྟེན་དུ་མངོན་སྲིད།

ཕྱེད་ཀ་གཉིས་སུ་གས་པའི་འཇིག་རྟེན་འདིར།
དེ་རིང་ལྟ་བུའི་ཉི་མ་མང་པོ་ཞིག་བདས་བདས་ཀྱི་མཐར།

གང་ཟག་སུ་ཞིག་གི་རྒྱབ་ངོས་སུ་ང་རང་ཉེ་སྲིད།  
སྣང་བའི་ཕྱི་ནང་མི་མཐོང་བའི་མེ་ལོང་ངོས་སུ།

ཞོགས་པ་དང་ས་སྲོས་གནས་བབ་དང་ཁ་ཐག་སོགས།
ཅི་ཡང་མི་གསལ་བའི་དུས་ཚོད་ནང་།
ང་རང་འཇིག་རྟེན་འདིར་དེ་ཙམ་མངོན་མི་སྲིད།

བློས་བསླངས་པའི་འཇིག་རྟེན།

སྟོན་ཟླ་དགུ་པའི་རྒྱབ་གཟུགས་ནི།
ན་ཚོད་ཡོལ་བའི་མི་ཞིག་གི་སེམས་གཤིས་དང་འདྲ་བོ་འདུག

ཟུངས་ཟད་པའི་དུས་ཚིགས་ཤིག་གི་ན་ཚོད་ནི།
ཅུང་ལྷོད་ལ་བབས་པའི་བུད་མེད་ཅིག་གི་བཞིན་རས་དང་འདྲ་བོ་འདུག

ཚོས་མ་བཏང་བའི་བྱ་ཁྱུ་དག་ཡུལ་དུ་ལོག་པ་ནི།
ཕ་མའི་རྩིབ་ནས་གྱེས་བྲལ་གྱི་རྣམ་པ་དང་འདྲ་བོ་འདུག

སྟོན་ཟླ་དགུ་པའི་ལོ་འདབ་ཀྱི་ཁ་དོག་ནི།  
རླུང་གིས་ཟགས་ཟིན་པའི་དར་ལྕེ་དང་འདྲ་བོ་འདུག

དུས་ཚོད་མང་པོ་ཞིག་བདས་བདས་ཀྱི་མཐའ་མ་ནི།  
འགྲུལ་བཞུད་ཀྱི་ལམ་བར་ནས།
མི་ཞིག་གི་རྐང་རྗེས་བོར་སོང་བ་དང་འདྲ་བོ་འདུག

བར་སྐོར་གྱི་ས་སྲོས།

ལྷ་སའི་བར་སྐོར་གླིང་དུ།
ཚིག་གི་ཐ་སྙད་བཏུས་པའི།
སྒྱུ་རྩལ་གྱིས་ཕྱུག་པའི་རྨི་ལམ་མམ།

གཟུགས་སུ་མ་གྲུབ་པའི་རྟོག་ཚོགས་ཤིག་གིས།
བརྩེ་བའི་ལག་ཟུང་བསྲིངས་ཏེ།  
འཇིག་རྟེན་གྱི་མཛེས་སྡུག་བྲིས།
 
མ་སྐྱེས་ཨ་མ་ལྟར་གཏམ་རྒྱུད་དུ་གྲགས་པའི།
བུད་མེད་ཅིག་གི་རྒྱབ་གཟུགས་སུ།
ཚངས་དབྱངས་རྒྱ་མཚོ་ལྟ་བུའི་སྙན་ངག་པ་ཞིག་གིས།

རྣམ་རྟོག་གི་འཕྲོ་འདུ་ཡོད་ཚད།  
ཐ་སྙད་ཀྱི་བར་སྟོང་ལྷག་ཆད་མེད་པ།
བརྗོད་པར་གྲུབ།

དུར་སར་ཕྱིན་པ།

མི་རྟག་པའི་ཆོས་ཉིད་ཀྱིས་བསླུས་པའི།  
གཡའ་མ་དག་པའི་འཁོར་བའི་རི་གྲོང་འདི་ནས།

ཁྱེད་ཀྱི་མཐོང་སྣང་གི་དངོས་པོ་དེ་དག
ཉིན་རེ་བཞིན་འཐོར་ཞིག་ཏུ་སོང་རྗེས།  
སྒྱུ་མ་དང་ཆ་འཇོག་གི་འཁོར་བའི་ཆོ་འཕྲུལ་གྱིས།  
ཡོད་ཚད་ཞེ་དུབ་སྟེ་ཐང་ཆད་དུ་བཅུག

རྨི་ལམ་ཡིན་ལ་རྨི་ལམ་མ་ཡིན་པའི་གྲོང་སྡེ་དེ་ནས།
ཁྱེད་ཀྱི་ཉེ་འགྲམ་གྱི་མི་རྣམས་རེ་རེ་བཞིན།
གཅིག་རྗེས་གཉིས་མཐུད་དེ།

མི་ཚོགས་ཀྱི་གྲལ་མཐའ་ནས་ཁ་ཐག་རིང་དུ་སོང་རྗེས།
ཁྱེད་ཀྱི་ས་གཞི་དང་ནམ་མཁའ་ཤིན་ཏུ་མོག་ཅིང་འཐིབས།

དུར་རྡོའི་ངོས་ཀྱི་སྙན་ངག

སྐབས་ཤིག
ངའི་འཇིག་རྟེན་གྱི་ཉི་མ་འདི་བསྒྲིབས་ནས།
རྣམ་ཤེས་གྲང་སའི་འཇིག་རྟེན་གཞན་ཞིག་ལ།
ཁ་དོག་འགྱུར་སོང་ཚེ།

ང་ལ་སྙིང་ཉེ་བའི་ནང་མི་དག་གིས།
ངས་བྲིས་པའི་དུར་རྡོའི་ངོས་ཀྱི་སྙན་ངག་དེ་བཀླགས་མོད།  
དེ་བཞིན།
ང་འཆི་བའི་དུས་ཚིགས་དེ་ཡང་།

དཔྱིད་ཀ་རླུང་བུའི་གསེབ་ཀྱི་ས་རྡུལ་དག  
ནམ་མཁའ་ལ་རྒྱུ་བའི་སྐབས་དེ་ཡིན་སྲིད།
དེ་དུས་ངའི་ཚོར་བའི་ཚན་པ་འདི་དག

དུར་སར་ཡོང་ནས།
མེ་ལ་སྲེག་ཡོང་བའི།
སྙིང་ཉེ་བའི་མི་དེ་སུ་ཡིན་ནམ།

ངའི་གསལ་རིག་འདི་ནི།
ཤིན་ཏུ་གྲང་བའི་རླུང་བུ་དང་འགྲོགས་ནས།  
ཡུལ་གྲུ་གང་མང་ཞིག་བརྒལ་ཏེ།
ཕྱོགས་གང་སར་ཆས་འགྲོ།

ཚེ་ཡི་བདག་པོར་ཞུ་མཆིད།

རྨོངས་པས་ཡོངས་སུ་བྱིང་བའི་དུས་ཚོད་ནང་།  
ང་རང་སྙེམ་པ་མེད་པའི་ཁྱེད་ཀྱི་འོད་སྣང་ལ་རབ་ཏུ་དུང་དོན།
སྡིག་སྒྲིབ་ཀྱིས་བཞེངས་པའི་ཁྱོན་ཆེ་བའི་ནམ་མཁའ་འདིའི་འོག་ཏུ།
ཁྱེད་ལྟ་བུའི་ཞི་འཇམ་གྱི་སྐྱེས་བུ་ཞིག་མེད་པས་ཡིན།

འདོད་སྲེད་ཀྱིས་བསླུས་ཏེ་བཟོ་བཅོས་མི་ཐུབ་པའི་རང་ཉིད།
ལས་འབྲས་ལ་གཟུར་དུ་མེད་པས་སྐྱེ་བ་ཞིག་གི་སྡུག་ཡུས་མཐའ་དག
ཁེངས་མི་དྲེགས་པའི་ཁྱེད་ཀྱི་མདུན་དུ།
བྱི་དོར་ཞིག་གི་དོད་དུ་ཡོད་ཚད་འཆགས་ཐུབ་ཚེ།

ང་རང་འཇིག་རྟེན་འདི་ནས་ཆེས་རྙོག་འཛིང་བྲལ་བའི།
སྤྱིར་བཏང་བ་ཞིག་ཡིན་པ་གཞི་ནས་གསལ་བཏབ་སོང་།  
དེ་ལྟར་ཚོར་བའི་གཤོག་སྣེ་རླུང་གིས་སྐྱོད་བཞིན་པའི་སྐབས་དེར།  
རྡུལ་གྱིས་ཁེབས་པའི་གྲོང་སྡེ་ཆེ་ཆུང་སྣ་ཚོགས་ཤིག་ལ་ཅེར་ཏེ།

སྐབས་ལན་རེར།  
ངའི་ངག་སྒོ་ནས་ག་ལེར་བཅོས་མིན་གྱིས་ཁྱེད་ཟེར་བ་ཞིག
ལན་གཅིག་འབོད་ཐུབ་པ་ཙམ་གྱིས།
རང་ཉིད་གཞན་དང་མི་མཚུངས་པའི་ཕྱུག་པོ་ཞིག་ཏུ་རློམ་ཆོག

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ས་ལེའི་སྙན་ངག་བདམས་བཀོད།

2023-05-21 ས་ལེ།(ཡ་ཆེན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།