བྱང་ཐང་ན་གཞོན་གསུམ་གྱི་སྙན་ངག་མཉམ་སྤེལ།

མཐོང་གྲོལ་སོགས། 琼迈文学网 2024-03-17

དངོས་མིང་ལ་མཐོང་གྲོལ། ཤོག་ལྷེབ་ཡར་སློག་མར་སློག་གི་སྙན་ཞིང་འཇེབས་པའི་སྒྲ་ལ་ཡུན་རིང་འདྲིས་པའི་དབང་གིས་ད་རུང་དེ་ཡི་བག་ཆགས་མ་ལྷོད་པར་གནས་ཡོད། མ་མཐའ་ཡང་གཏན་ལྷིང་གི་གདོད་པའི་གཤིས་ཁམས་སུ་འདྲེས་མ་ཐུབ་ཚེ་ཡིག་ཉོག་གི་རྗེས་ལ་བསྙེག་ངེས་པའི་ཆོད་སེམས་ཤིག་གིས་མུ་རུ་སྐྱོད་བཞིན་པའོ།  

ལས་དབང་གི་བྲན།

སྐད་ཅིག་གི་རྣམ་ཤེས།
ལས་དབང་གི་རླུང་ཁར་སྐྱོན་ཏེ།
བྱས་ཉེས་ཀྱི་སྲུབས་ཀ་བཙེམས་པའི།
ཁྱོད་ཀྱི་མིག་ལམ་དུ་དལ་གྱིས་གཡེངས།
གཤོག་པ་ཞིག་རྐྱོང་སྟེ་ཡོད་ཡོད་འདྲ་བའི།
འཕུར་འདོད་ཀྱི་སེམས་པ་རྨས་མ་འདི།
བར་ཐག་ལ་འཇིགས་པའི་ངང་ཚུལ་གྱིས།
ཡན་ལག་དག་འཕག་འཚག་ཤིག་ཤིག་ཏུ་འགུལ།

མི་རེའི་གདོང་གི་ཆ་མི་འཚལ་བའི་རྣམ་འགྱུར་ཚ་བོ་འདི།
ཀེམ་ཀེམ་དུ་འགྱུ་སྟེ།
ཡིད་འགུག་མེད་པའི་ལན་ཆགས་ཀྱི་སྔ་ཞུགས་ཏུ་འདར་འདར་གཡོ།

གཏན་དུ་ཁྱོད་ཀྱི་གྲིབ་མར་གླན་པའི་རྣམ་ཤེས་འདི།
སྐད་ཅིག་གི་རྦ་ཀློང་དུ་བསྟིམས་ཏེ་ཆས།
འོན་ཏང་། ཁྲེལ་གཞུང་གི་མེ་ལོང་དུ་ང་ཚོ་སྙིང་རྗེ་བོ་ཞེ་དྲག་ཡོད།

བར་ཐག་དང་དོན་དངོས།

མིད་པ་ནས་མཆི་མ་བཞིན་འགྲིལ་བའི།
སྐད་ཆ་རྡོག་པོ་འགའ།
བཤད་ན་བཤད་སར་མི་འགྲོ་ལ།
ཉར་ན་ཉར་སར་མི་འོང་དུས།
ཁྱོད་རང་ང་ཡི་རྒྱབ་ན་ཡོད་ཟེར་བར་ཡིད་ཆེས་དཀའ་བར་གྱུར་།

ཕྱིར་མི་འོང་བའི་ལོ་ཟླ།

མདང་དགོང་རྨི་ལམ་དུ།
རྒྱང་རིང་དུ་ཆས་པའི་གྲབས་བྱེད།
བར་ཐག་གིས་ཆོད་པའི་རི་གྲོང་དེ་ཧ་ཅང་ཁུ་སིམ་དུ་འདུག
ང་འགྲོ་ཁར།
ཁྱོས་འཛུམ་མདངས་སྟོན་ཞོར་ང་ལ་ང་ཡི་ལོ་ཟླ་བརྗོད།

ཞོགས་པར་མལ་ལས་སད་དུས།
མི་དག་སྨྲ་བ་བཅད་དེ་རང་རང་གི་གནས་སུ་འགྲོ།
དམིགས་ཡུལ་གང་ཞིག་ལ་བསྲིངས་བའི་ལམ་བུར་རྡོག་པས་རྫི་བཞིན་འགྲོ།
ཁྱོས་འཛུམ་མདངས་ཀྱིས་བརྗོད་པའི་ང་ཡི་ལོ་ཟླ་གང་དུ་འདུག
ཁྱོད་ཀྱང་སྨྲ་བ་བཅད་དེ་ང་ལ་བདེ་མོ་བཞག

མུན་རུབ་ཁར།
མགོ་བོ་བཏེགས་ཏེ་ག་སར་བལྟས།
ནམ་མཁའ་དང་ས་གཞི།
ཕོ་བྲང་དམར་པོ་དང་གཙུག་ལག་ཁང་ཆེན།
ས་ཆེན་པོའི་རྒལ་གཞུང་དུ་སྤོབས་པས་འགྱིང་།
གཤོག་པ་རྡེབ་བཞིན་རང་དབང་གིས་འཕུར་བའི་བྱ་ཁྱུ།
རྐང་གསུམ་བཞོན་ཏེ་རྔུལ་ཆུས་ཡོངས་འབབ་ཁུར་བའི་ཇོ་ལགས།
སྔར་བཞིན་རང་ཁྱིམ་དུ་ལོག་པའི་ལམ་ལ་ཕྱིར་ལྡོག་བྱས།
ཡང་ཉིན་གཅིག་གི་ཟློས་གར་མཇུག་རྫོགས།

གྱང་ལ་གྱང་གིས་བར་ཁྱམས་བཟོས་པའི་རང་རང་གི་མལ་ཤག་ཏུ།
འཛེམ་ཟོན་མེད་པར་དབུགས་མལ་གསོ།
མིག་བཙུམས་རྗེས།
འགྱུར་ལྡོག་གི་ཞལ་ངོ་མང་བའི་མི་དག་གཅིག་རེ་ནས་བྲེལ་ཚུབ་ཀྱིས་འཚང་འོང་བས།    
དོ་དགོང་ཡང་གཉིད་སྐྱིད་པོ་ཞིག་མི་ཁུག་པའི་ལྟས་སུ་མཐོང་།
ཨུན་ཨུན། ཉིན་འདི་དག་ལ་བདག་གི་རྩ་ལམ་ཀུན་ཏུ་སེམས་འཚབ་ཀྱི་རླུང་བུ་ཞིག་འགོ་མཇུག་མེད་པར་ལྡང་འོང་གིན་འདུག་ཨང་།

བྱང་པ་དབུ་སེ། ༢༠༠༡ལོར་ནག་ཆུ་གྲོང་ཁྱེར་དགའ་ལྡན་རུ་བ་ཞེས་པའི་ལུང་པ་ཞིག་ཏུ་སྐྱེས། དཔར་བསྐྲུན་བྱ་རྒྱུར་ཚིགས་བཅད་རྐྱང་པའི་སྙན་དེབ《སྐྱབས་འཇུག་ཞུ་བ།》དང་རང་མོས་གཙོར་བྱས་པའི་སྙན་དེབ《ཉི་མའི་མེ་ཏོག》ཅེས་པ་གཉིས་ཡོད་ཅིང་སྙན་ངག་ལ་དད་པ་ཆེ་བའི་དུས་མཐའི་མིའོ།

སྐྱབས་འཇུག་ཞུ་བ།

ཚེར་མའི་ལམ་དུ་མེ་ཏོག་བཞད།།
ལག་པ་བརྐྱངས་ཀྱང་མི་ལོན་འདུག།
ཅི་ཡང་གཏོང་ལ་མི་ཕངས་པའི།།
དྲི་མེད་ཀུན་ལྡན་ཡོད་དམ་ཅི།།
ཡོད་ན་ང་ལ་ཉེན་འགོག་གི།
ལྷམ་ཀོག་ཅིག་ཀྱང་གནང་བར་ཞུ།།

འཁྱག་པའི་རུམ་དུ་ཉི་འོད་འཛུམ།།
མདུན་དུ་བཅར་ཡང་མི་ལོན་འདུག།
སྙིང་རྗེའི་ཟླ་བ་གཙང་ངེ་བའི།།
རྒྱལ་སྲས་དྲི་མེད་ཡོད་དམ་ཅི།།
ཡོད་ན་ང་ལ་གྲང་འགོག་གི།
སློག་པའི་ལྭ་བ་ཞིག་ཀྱང་སྩོལད།།

གཙང་པོའི་ནང་དུ་ཁོང་མོ་འདུག།
སོར་མོས་རེག་ཚེ་ཡལ་བར་འགྱུར།།
རྒྱལ་སྲས་དྲི་མེད་ཀུན་ལྡན་ལ།།
རྫུ་འཕྲུལ་ནུས་པ་ཡོད་དམ་ཅི།།
ཡོད་ན་ང་ལ་ཆུ་ནང་དུ།།
འཁྱུག་པའི་མཇུག་མ་བསྩལ་བར་ཞུ།།
              ༢༠༢༢•༡༢•༤
རྟག་བརྟན་གྱི་གཉིད།

རྟག་ཏུ་སྙིང་ནི་བཟའ་རུ་བཅུག་པའམ།།
ཤིན་ཏུ་གདུང་བའི་མེ་ལྕེ་འབར་པ་ཡིས།།
ཁྱོད་ཀྱི་ཁོག་པ་གྲོང་རོང་སྟོང་པ་བཞིན།།
བྱས་བྱས་སྙིང་པོས་སྟོང་ནས་ཅི་ཙམ་ཕྱིན།།
དེ་ཚེ་གཏན་དུ་གཉིད་ཀྱང་མི་བགྱོད་དེ།།
འཆི་བ་ཁོ་ན་ངལ་གསོའི་གནས་སུ་སྒོམ།།
བེམ་ཀོག་གངས་རིའི་ཞོལ་དུ་ལོ་ངོ་སྟོང་།།
ལྷག་ཀྱང་མི་སྐྱོན་དུར་སའི་ཉེ་འཁོར་དུ།།
རུས་པའི་ནང་ནས་མེ་ཏོག་བཞད་པར་ངེས།།
སྒྱུ་མའི་ལུས་ལས་ཟུངས་ཁྲག་ཕྱུང་པ་དག།
ཤིན་ཏུ་དྭངས་པའི་ཆུ་ཕྲན་གྱུར་བྱས་ཏེ།།
ལྷ་ཡུལ་གཙང་པོའི་ཁོག་ཏུ་བཞུར་པར་ངེས།།
             ༢༠༢༣•༦•༢༡
བསང་མེ་ལྗང་ཁུ།

ལས་སྨོན་དམ་ཚིག་གི་མཆོད་མེའི་སྟེང་ལ།།
ང་ཁྱོད་ཞེ་འཁོན་གྱི་ཁ་རླངས་མ་ཕོག།
བར་ཐག་ཉེ་རིང་གིས་རྙིང་པ་མེད་པའི།།
ཆུང་འདྲིས་བརྩེ་འདང་གི་མིག་ཟུང་དྲན་ནོ།།

འཛུམ་བག་ལྷུག་ལྷུག་གི་ཞལ་ངོའི་སྟེང་ལ།།
བཅས་བཅོས་རྫུན་རྫོབ་ཀྱི་ས་རྡུལ་མ་གོས།།
ལོ་ཟླའི་རླུང་དམར་གྱིས་སྐྱོམ་པ་མེད་པའི།།
ཚེ་གཅིག་དྲན་ཤིང་གི་སྐལ་དུ་བཞག་ཡོད།།

འཚོ་བའི་གྲང་འཁྱག་གིས་བྲང་ཁོག་བསྡམས་དུས།།
བརྩེ་ཞེན་མེ་དཔུང་གིས་དྲོན་མོར་གཏོང་བའི།།
འཁོར་བའི་བར་སྣང་ན་དཔྱངས་པའི་ཉི་འོད།།
བུ་མོའི་ཁྲེལ་གཞུང་གི་ངང་རྒྱུན་རིང་ཤོག།
              ༢༠༢༤•༢•༢༨

མགྲོན་ཆང་། ༢༠༠༡ ལོར་ནག་ཆུའི་ཡོས་ཆགས་འབྲོག་སྡེར་སྐྱེས།  ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། དཔར་བསྐྲུན་བྱ་རྒྱུར་རང་མོས་སྙན་དེབ་《སྲོས་ཀྱི་ཁ་བ》ཞེས་པ་ཞིག་གྲུབ་ཡོད་ཅིང་སྙན་ངག་ཡག་པོ་རེ་ཨེ་ཡོང་གིས་ཉིན་རེ་བཞིན་འབད་པ་ལྷུར་ལེན་གྱི་ཡོད།

འཁོར་བའི་སྲོག་རྟེན།

མངར་སྐྱུར་གྱི་འཚོ་བའི་ལྡེབ་མ་བགྲང་བྱ་བརྒྱ་བཅུས་སློག་ཅིང་།
དཀའ་སྡུག་གི་འཁོར་བའི་རླབས་རིས་དཔྲལ་བར་བསུབས་མེད་དུ་འཁྱིལ།
ངས་ནན་ཏན་གྱིས་ཁྱེད་ཀྱི་འཚོ་བ་བཀླག་འགོ་བརྩམས་དུས།
ཁྱེད་ཀྱི་དབུ་སྐྲ་དུང་ལྟར་དཀར་འདུག

མན་ངག་གི་ཉིང་ཁུ་ཚ་བོའི་བྱིས་བློར་ལྡུད་ཅིང་།
བྱམས་སྐྱོང་ཀྱི་ཉི་ཟེར་གྱི་བདག་སེམས་མདངས་ཀྱིས་ཕྱུག
རྟག་བརྟན་གྱི་སྣང་བའི་བསླུ་བྲིད་འོག་ནས་དྲིན་ལན་ཡུན་གྱིས་འཇལ་དགོས་དྲན་དུས།
ཁྱེད་ལ་ལོ་ཟླས་འཇབ་རྒོལ་གནང་འདུག

ཁྱེད་རང་ང་ཚོ་དང་གཏན་དུ་གྱེས་པ་ནས་བཟུང་།
“མི་རྟག་པ་” ཞེས་པའི་ཐ་སྙད་འདི་ང་དང་ཇེ་ཉེར་སོང་།
གདུང་སེམས་དང་མྱ་ངན་གྱི་གཅོང་རོང་ཞིག་ལྷགས
ཁྱེད་རང་ང་ཚོ་དང་གཏན་ཏུ་གྱེས་པའི་དབུགས་ཀྱི་མཐའ་མར།
ཁྱེད་ཀྱི་གམ་ན་ཚ་བོའི་གྲིབ་གཟུགས་ཙམ་ཡང་མེད་པར་དྲན་ན།
ངའི་ཞེ་སེམས་ལྷག་ཏུ་སྨྲེང་འོང་།
ངའི་མིག་མཐར་འཁྱག་སྣང་ཤར་ཡོང་།

ཁྱེད་ཀྱི་ཞབས་རྗེས་སིལ་བུར་ཐོར་སའི་སྐོར་ལམ་བརྒྱུད་ཐེངས་རེ་དང་།
ཁྱེད་ཀྱི་ཤ་དྲོད་ཚོར་སའི་རང་ཁྱིམ་གྱི་གྲུ་ག་སོ་སོ་ནས།
བདག་ཁྱེད་ཀྱི་མཇིང་བ་ལ་འཐམས་ནས་སྤོ་བོ་ཞེས་ལན་གཅིག་འབོད་འདོད།
ཁྱེད་ང་ཚོ་དང་གཏན་དུ་གྱེས་པ་དྲན་ན།
གདུང་སེམས་དང་མྱ་ངན་གྱིས་དཀྲོལ་བའི་ཡིག་འབྲུ་ཡོད་ཚད་བེད་སྤྱད་ནས།
སྙན་ངག་གི་ཉིན་སྲིབ་ནས་ཁྱེད་ཉིད་གཏན་དུ་གསོན་འདོད།
སྙིང་ཉེ་བའི་སྤོ་ལགས། དྲིན་ཆེ་བའི་སྤོ་ལགས།
བདེ་བར་བཞུད་ཅིག འཁོར་བའི་སྲོག་རྟེན་ཁྱེད།
 སྔས་མགོ   

མུན་ནག་གིས་བཏུམ་པའི་མཚན་མོ་རེ་རེར།
ངའི་ཉིན་གང་གི་དགའ་སྐྱོའི་བདེ་སྡུག་འཁྱེར་ནས།
སྔས་སུ་ལྷུང་དུས།
ཁྱོད་ནི་ཅི་འདྲའི་དྲོ་སྐྱིད་འཁོལ་བ་ཞིག་རེད།

གཉིད་ཡུར་ནས།
ཁ་ཕར་འཁོར་ཚུར་འཁོར་ཡང་ཡང་བྱ་དགོས་དུས།
སྐྱོ་གདུང་གི་མིག་ཆུས་ཁྱོད་ཡང་ཡང་བརླན་དུས།
ཁྱོད་ཀྱིས་ང་ལ་འཁང་ར་དང་མ་རངས་པའི་ཚུལ་གང་ཡང་བཏོན་མ་མྱོང་།
དེ་བས་ངའི་ཁྱོད་ལ་གཅམ་གསག་དང་ཁ་ཡག་ངོ་བསྟོད་གང་ཡང་བྱ་མི་དགོས།
ཁྱོད་ནི་ཅི་འདྲའི་ལྷག་བསམ་ཟོལ་མེད་ཅིག་རེད།

གལ་ཏེ་ཁྱོད་སེམས་ལྡན་ཞིག་ཡིན་ན།
ངའི་དགའ་སྐྱོའི་བདེ་སྡུག་ཡོད་རྒུ་སྦ་གསང་མེད་པར་ཁྱོད་ལ་བརྗོད་ངེས་བས།
ཁྱོད་ནི་ང་ལ་རྒྱུས་མངའ་ཆེ་ཤོས་ཡིན་སྲིད།

མཚན་མོ་དེ་ཚོ།
མུན་ནག་གིས་བཏུམ་པའི་མཚན་མོ་དེ་ཚོ།
ཁེར་རྐྱང་དང་རོགས་མེད་ཀྱི་མཚན་མོ་དེ་ཚོ།
ཁྱོད་ཀྱིས་ང་ལ་འོ་ཞིག་བྱོས་དང་།
དྲོ་སྐྱིད་ཀྱི་འཐམ་འཁྱུད་ཅིག་བྱོས་དང་།
སེམས་དང་སེམས་བརླན་པའི་སྙིང་གཏམ་ཞིག་བརྗོད་དང་།

ཁྱོད་དྲན་ཚུལ་དུ།

དྲན་སེམས་ཀྱི་རྟ་མཆོག་ངར་མ། །
འདས་སོང་གི་སྤང་ཐང་ཡངས་མོར། །
བར་མེད་གྱི་འགྲོས་ལ་བྲེལ་ནས། །
དགའ་སྡུག་གི་སེམས་ཁ་བརླན་གྱིས། །
ཁ་བ་ཡི་འདབ་ཕྲེང་རེ་རེར། །
དྲན་པ་ཡི་གདུང་བ་སིམ་ཡོད། །
ལྷགས་རླུང་གི་ལྡང་རྒྱུན་ངོ་རེར། །
བརྩེ་དུང་གི་མེ་ལྕེ་གསོན་ཡོད། །
ཁྱོད་རང་ལ་དྲན་ཚུལ་གླེང་ན། །
སེམས་ཁུང་དུ་རླུང་བུ་བསིལ་བསིལ། །
སྙིང་ཁོག་ཏུ་ཁང་སྐྱ་སིབ་སིབ། །
ནང་སེམས་སུ་གྲང་ངར་ལྷང་ལྷང་། །
དྲན་གདུང་གི་དངན་པ་ཤུར་ཤུར། །
ཉིན་ཞག་ནི་ཟླ་ལས་རིང་བ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བྱང་ཐང་ན་གཞོན་གསུམ་གྱི་སྙན་ངག་མཉམ་སྤེལ།

2024-03-17 མཐོང་གྲོལ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།