སྡོང་བུའི་སྙན་ངག་བདམས་བཀོད།

སྡོང་བུ།(རྨ་ཆུ) 琼迈文学网 2024-04-19
    སྡོང་བུ། དུས་རབས་གསར་བ་ཞིག་ཡོངས་སུ་ཚེས་པའི་སྤྱི་ལོ༢༠༠༠ལོར་ཕ་ཡུལ་རྨ་ཆུར་སྐྱེས། རིམ་བཞིན་སློབ་གྲྭ་འགྲིམས་རྗེས་སྐྱེས་ཆེན་འགའ་ཤས་ཀྱི་གཏམ་རྒྱུད་ཀྱིས་བཀུགས་ཏེ་ཤེས་རབ་ཀྱི་བློ་མིག་སློབ་དེབ་རྐྱང་བ་ལས་གནས་གཞན་དག་ལ་མཆེད་འགོ་བརྩམས། སེམས་སུ་སྦས་པའི་སྙིང་སྟོབས་དེ་གློ་བུར་གསར་རུའི་སྣང་བ་དང་ཕྲད་བྱུང་། སློབ་གྲྭ་འགྲིམས་པའི་བརྒྱུད་རིམ་ཁྲོད་བརྩམས་ཆོས་ལ་སློབ་ཆུང་སྐབས《བོད་ཀྱི་བྱིས་པ》ཟེར་བའི་ལག་བྲིས་སྙན་དེབ་གཅིག   སློབ་འབྲིང་སྐབས《སྦྲ་ནག་ལ་འཁྲེང་བའི་སེམས་པ》དང《ཉི་མ་བདུན》《སྟོན་ཁ་ཚེས་སོང》བཅས་སྒེར་གྱི་སྙན་དེབ་གཉིས་དང་ལྷུག་དེབ་གཅིག  གཞན་དམའ་གཉིས་སྐབས《སྐྱ་རེངས་བརྙན་ཤོག》ཟེར་བའི་སྒོར་འཕུད་མ་ཐུབ་པའི་ཚགས་པར་གཅིག  མཐོ་འབྲིང་སྐབས་ལང་ཚོ་འཕྱོ་བའི་གསར་བུ་འགའ་དང་མཉམ་སྤེལ་གྱིས་བསྐྱངས་པའི《རྩྭ་ལྷམ་ལྗང་ཁུ》ཟེར་བའི་ཚགས་དེབ་བཅུ། སློབ་ཆེན་སྐབས་སྣང་བ་རྩེན་པའི་ན་གཞོན་འགའ་དང་ལྷན《འཆི་འཕོ》ཟེར་བའི་སྙན་དེབ་གཉིས་ལོ་སྔ་ཕྱིར་སྒོར་བཏོན་མྱོང་། དེ་ལྟར་སྙན་ངག་ལ་དགའ་བའི་ཡི་ག་དཔེ་མེད་ཅིག་དུས་ནམ་ཡང་རང་རྒྱུད་དང་འབྲལ་ཐབས་མེད་པར་གྱུར། དེ་ནི་ལུས་ལ་རྣམ་ཤེས་ཞུགས་པ་ལྟ་བུའི་ནུས་མཐུ་ཁྱད་པར་བ་ཞིག་ཡིན་པ་འདྲ། གཅིག་བྱས་ན་མིན་ཡང་སྲིད།  ༢༠༢༣ལོའི་ལོ་མཇུག་ལ་སློབ་ཆེན་ལོ་ངོ་བཞིའི་རིང་བྲིས་པའི་སྙན་ངག་ལྔ་བརྒྱ་སུམ་ཅུ་ལྷག་གིས་གྲུབ་པའི་སྙན་དེབ《སྡུག་པའི་མགྲོན་པོ》སྒོར་བཏོན།
  ང་ལ་མཚོན་ན་སྙན་ངག་ནི་བློས་མི་ཐོངས་པའི་ཚོར་བ་སྣ་ཚོགས་ལ་གཅེས་སྤྲས་བྱས་པ་ལས་བྱུང་བར་འདོད།

ཟླ་དྲུག་པའི་མཛེས་སྡུག

ངས་ཁྱེད་ལ་བསྟོད་གླུ་ལེན་འདོད
ངས་འཇའ་ཚོན་ལ་བསྟོད་གླུ་ལེན་འདོད
ངས་ཟླ་དྲུག་པའི་ཡུལ་ལྗོངས་ལའང་བསྟོད་གླུ་ལེན་འདོད
མཛེས་སྡུག་གི་ཆེད་དུ་བཞད་པའི་མེ་ཏོག་འདི་དག་མཐོང་དུས
ངས་ཆར་བ་ཟམ་ཟིམ་ཞིག་བབས་ན་བསམ་བྱུང
ཆར་རྗེས་ཀྱི་འཇའ་ཚོན་བརྒྱུད་དེ་ཁྱེད་སར་ལོག་ཐུབ་ན་བསམ་བྱུང
ཡོད་ཚད་གསལ་ལེར་མཐོང་བྱེད་ཀྱི་མིག་ཟུང་གིས་ཤེས་ཏེ
ངས་ཁྱེད་རང་མཐོང་ཆེད་མཚན་གྱི་ཟླ་བ་བརྒྱུད་དེ
ཁྱེད་ཀྱི་དྲན་པའི་གཏིང་རིང་དུ་བསྙབས་ནས་ཅི་ཞིག་ཨེ་ལོན་བལྟས་པ
ཐམས་ཅད་སྒྱུ་འཕྲུལ་དང་བཅས་ཏེ་སྣང་བྱེད་ཀྱི་སེམས་པ་འདིས་ཤེས་ཏེ
སྐར་ཚོགས་ཀྱི་འཇིག་རྟེན་ནས
ང་རང་ཆེད་དུ་སྐར་མདའ་ཞིག་ལ་སྤྲུལ་ནས
ཁྱེད་ཀྱིས་མཐོང་ས་ནས་སྐད་ཅིག་དུས་ལ་ཡང་མཛེས་སྡུག་ཞིག་ངོམ་པར་བྲེལ་བ

ནམ་གསལ་བའི་དུས་སུ
འུ་གཉིས་ཉི་འོད་འཇམ་པོའི་ངོས་སུ་རེག་ཅིང
རྩྭ་ཟིལ་གྱི་ཐིགས་པས་ལྷམ་ཆུང་བརླན་ཏེ་ཁྲུས་ལ་རོལ
གློ་བུར་མགོ་བོ་བཀྱགས་པ་ན
ང་རང་འཕྲུལ་བའི་དབང་གིས་རྨི་ལམ་ནས་སད་བྱུང
མིག་ལམ་ལ་གསར་དུ་བཀྲུས་པའི་འདྲ་པར་ཁ་ཤས་སྣང་བྱུང་།
              2023/June/29.

སྨན་ཁང་ནང་གི་མཚན་མོ།

ཕྱི་རོལ་དུ་ཆར་བ་མཚམས་མེད་དུ་འབབ་པ་དེ
ཨ་མ་ལགས་ཀྱི་སྙིང་ཁར་འབབ་པ་ཡིན་ནམ
སྒེའུ་ཁུང་གི་གྲུ་ཟུར་ལས་ལྡང་བའི་རླུང་བུ་གྲང་མོ་དེ
མལ་ཁྲི་ཨང་གྲངས་ལྔ་བ་འཚོལ་དུ་ཡོང་བ་ཡིན་ནམ
སྨན་དྲི་དེ་རླུང་བུ་བཞིན་གང་སར་ཁྱབ་ནའང
ཕྱི་རོལ་གྱི་ཆར་བའི་ཁྲོད་དུ་ཆར་གདུགས་འཛིན་མཁན་ཞིག་ཀྱང་མི་འདུག
མཚན་མོ་འདིར
ཨ་མ་ལགས་གཉིད་སྐྱིད་པོ་ཞིག་ལོག་ནས་འདུག་མོད
ང་རང་རྣམ་ཏོག་གི་དབང་གིས་ཡང་ཡང་འཕྲུལ་བྱུང
ངོ་གདོང་མི་གསལ་བའི་བུད་མེད་ཅིག་གིས
ལོ་ན་གསུམ་ལ་མ་སོན་པའི་ང་རང་མཛུབ་སྣེར་ཁྲིད་ནས་བར་འཁྱམ་ནས་བུད་སོང་།
              2023/July/03.
                       
གོམ་སྟབས་ཆེན་པོ།

དུས་ཚོད་ཀྱི་ནགས་ཚལ་ཆེན་པོ་དེ་རླུང་གིས་བསྒུལ
འཁྱག་ལ་བསིལ་བའི་སྣང་བ་ཕྲ་མོ་དེ་ཡི་གེར་བསྒྱུར
སྐལ་བ་གྲངས་མེད་ལ་གསོན་མྱོང་བའི་རི་བོ་ཆེན་པོ་དེ་ས་རུ་ཤི
མགོ་ཐོག་གི་ཉི་མ་སེར་པོ་དེ་སྐྱོ་སྣང་ཆེན་པོས་མག་མོག་གི་རི་ལ་ནུབ
བརྩེ་དུང་ལ་གུས་ཕྱག་འཚལ་མཁན་གྱི་བུ་མོ་དེ་སྨན་འཚོང་མར་གྱུར
གཞོམ་གཞིག་བྲལ་བའི་དམ་བཅའ་བརྟན་པོ་དེ་ཆང་རག་གིས་ཞུ
རེ་ཞིག་འཇིག་རྟེན་འདི་ཁ་ཁུ་སིམ་པར་གནས་ན་བསམ་ཡང
དུས་ཚོད་ཀྱི་ནགས་ཚལ་ཆེན་པོ་དེ་སྔར་བཞིན་རླུང་གིས་སྒུལ་གྱིན་འདུག
                     2023/July/13.

ཡུལ་དུས་བརྒལ་བའི་རོལ་དབྱངས་ཀྱིས་བཟི་བ།

ཀན་རྐྱལ་དུ་ལོག་སྟེ་བར་སྣང་ལ་བལྟས་པས
སྐར་ཚོགས་ཟེར་བའི་ཞིང་ཁམས་ཤིག་རིམ་གྱིས་མངོན་བྱུང
སྐར་མ་གྲངས་མེད་ཀྱི་ཁྲོད་ནས
སུས་ཀྱང་མིང་མི་ཐོགས་པའི་སྐར་མ་ཞིག
རིམ་གྱིས་དར་འཇམ་འདྲ་བའི་མཁའ་ངོས་སུ་ཤུད
དབང་ཕྱོགས་ཕྲ་མོ་དེ་ལ་ཐོགས་ཏེ་འགྲོ་དུས
བདག་གི་སེམས་སུ་མཚོ་མོ་ཞིག་འཁྱིལ་བྱུང
དེའི་ཁར་ངང་དཀར་འདྲ་བའི་རོལ་དབྱངས་ཤིག་རྐྱལ་བཞིན་འདུག

བྱམས་བརྩེ་ཅན་གྱི་བགྲེས་པོ་ཞིག་གིས
ང་ལ་ལག་བརྡ་གཏོང་བ་དང་འདྲ་བྱུང
ཞལ་ལས་ཉི་མ་ལྟ་བུའི་དྲོད་ཁོལ་ཞིག་མཐོང་བས
རྣ་བའི་བུ་གར་ཡང་བསྐྱར་ཞི་འཇམ་གྱི་རོལ་དབྱངས་ཤིག་ལྡང་བྱུང
རླུང་བུ་བསིལ་མོ་ཞིག་མེ་ཏོག་གི་ལྡུམ་རའི་ནང་སླེབས་པ་ཇི་བཞིན
དྲི་ཞིམ་གྱི་ཚོར་བ་ཡི་གེ་ལ་ཕབས་པར་རྐང་ལག་ཐོགས་ཏེ་བྲོ་གར་འཁྲབ་བྱུང

ཞི་འཇམ་གྱི་རོལ་མོ་ཞིག་རྣ་ལམ་དུ་བཞུར་ཡོང་དུས
ང་རང་གཉིད་པར་རྩོམ་པའི་དུས་ཚོད་ལ་ཁེལ་འདུག
ཡང་ན་རྨི་ལམ་གྱི་དུད་སྤྲིན་ཡིན་ནམ
སེམས་ཁོང་ཧྲིལ་བོ་ཆེ་ཆེར་ཕྱེས་ཏེ
མཐའ་མེད་པའི་འཇིག་རྟེན་གྱི་རྩེ་མོ་ནས་འགྲེངས་བྱུང
ངས་མཐོང་བ་ནི་ཡངས་པའི་རྒྱལ་ཁམས་མ་ཡིན་ཏེ
ཆེས་དམའ་བའི་འཇིག་རྟེན་ཆུང་ཆུང་འདི་རེད

མི་ཚེ་འདིའི་ནང་གི་མཚན་མོ་འདི་ལ
ང་རང་རྨི་ལམ་ཞིག་ལས་གཏན་དུ་མ་སད་ན་ཆོག
ཡང་ན་སྐར་མ་ཞིག་ས་ལ་ལྷུང་བ་དང་ལྷན་དུ་གཏན་དུ་གཟིམས་ཀྱང་ཆོག
                2023/July/13.
 
མངོན་སུམ་གྱི་ཡུལ་ལྗོངས།

རྨི་ལམ་གྱི་མཚོ་ངོས་སུ་གཡེངས་ནས
སྐར་མའི་རང་མདངས་གསལ་ལེ་བར་ཅེར

སེམས་ཀྱི་སྐར་ཁུང་བརྒྱུད་དེ
སྒྱུ་འཕྲུལ་གྱི་མཁའ་དབྱིངས་སུ་ཞག་མ་གཅིག་རིང་འཕུར

མི་རྣམས་ཀྱི་ཁོམ་པ་མེད་པའི་དུས་ཚོད་ཁྲོད
མི་རྣམས་ཀྱིས་རིན་བྲལ་གྱི་མཛེས་སྡུག་འབོར་གྱིན་མཆིས

མི་ལ་ལས་ཉི་ནུབ་ཀྱི་མཚམས་སྤྲིན་ཡང་མི་མཐོང་བར་ཤི་འགྲོ་བ་རེད།
                 2023/May/08.

ཕྱི་ལ་འཕོས་པ།

ཁོས་རང་ཉིད་ལ་གནས་ལུགས་ཅི་ཡང་མེད་པ་ཚོར་ནའང
སྨྱུ་གུ་དམར་པོ་དེས་སྙན་ངག་འབྲི་བར་རྒྱུན་འཁྱོངས་བྱས
སྒེའུ་ཁུང་འགྲམ་གྱི་ཅོག་ཙེ་དེའི་སྟེང་དུ་རི་མོ་སྣ་ཚོགས་བྲིས་ནས
ཕྱི་རོལ་གྱི་མཁའ་དབུགས་ནང་དུ་རྒྱུ་བར་བསྒུག་པའི་དུས
དབྱར་སྡོང་དེའི་གྲིབ་མ་ནམ་མཁའ་ལྟར་ས་ངོས་སུ་གླན་བྱུང
ལོ་མ་རེ་རེའི་སྟེང་གི་ཁྲག་རྩའི་འབུར་འཛོམས་ལས
ཁོས་ད་གཟོད་གནས་ལུགས་གཞན་ཞིག་རྙེད་བྱུང་བ་འདྲ།
               
  སྟོང་བ།

དགོད་སྒྲ་ལྷང་ངེ་བ་ཞིག
སྐད་ཅིག་རིང་གྲགས་པ་དེ་འཇའ་ཚོན་བཞིན་མཛེས་སྡུག་ལྡན
བུ་མོ་ཁྱོད་དང་འཕྲད་པ་ཡང
འཇའ་ཚོན་བཞིན་མཛེས་སྡུག་ལྡན
འོན་ཀྱང     སྒྱུ་འཕྲུལ་ཁོ་ནས
ཡོད་ཚད་གསར་སྐྲུན་བྱེད་ཅིང་རྨེག་མེད་གཏོང
མེ་ཏོག་གི་སྡོང་བོ་དེ་ཡང་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས་འཐོར་འགྲོ་བ་ཇི་བཞིན

ཡངས་པའི་ས་ཆེན་སྟེང་དུ
རི་བོ་ཡང་ཆགས་ཐུབ་པ་ཡིན
མཐའ་ཀླས་པའི་ནམ་མཁའི་ཀློང་དུ
ཕུགས་བསམ་དང་བྱ་རྒོད་འཕུར་ཐུབ་པ་ཡིན
འོན་ཀྱང     ཡོད་ཚད་སྟོང་བར་གྱུར་དུས
ཡངས་པའི་ས་ཆེན་སྟེང་གི་རི་བོ་འཇིག་ཅིང
མཐའ་ཀླས་ནམ་མཁའ་དེ་ཡིས་གཤོག་པ་འདོར་བར་ངེས
སྙིང་ཉེ་བའི་བུ་མོ་ཁྱོད་ཀྱང
སེམས་འདི་ཁེན་ས་མེད་པར་ཡུལ་དུས་གཞན་གྱི་སྨད་འཚོང་མར་འགྱུར་སྲིད།
           2023/June/03.
           
  དབྱར་ཁ་རྫོགས་ལ་ཉེ་བའི་ཚོར་བ།

ངས་རང་གི་སྣང་བ་མཚོན་བྱེད་དུ་སྐྲ་མདོག་ཀྱང་བརྗེས་མོད
དུས་ཚོད་མཚོན་བྱེད་ཀྱི་དངོས་པོ་ཚང་མར་འགྱུར་ལྡོག་ཅི་ཡང་མི་འདུག
ངས་རང་ཉིད་དགའ་སའི་དཔེ་ཆ་དག་མལ་ཁྲིའི་འགྲམ་དུ་བརྩིགས་མོད
དུས་ཚོད་ཀྱི་ལག་པས་དེ་དག་བཤིག་པར་བརྩམས་བྱུང
གློ་བུར་བདག་ཀྱང་འཕྲུལ་སྣང་གིས་བཟི་མོད
ར་རོ་བར་འགྱུར་བྱེད་ཀྱི་ཨ་རག་ལ་ཡང་ནུས་པ་ཅི་ཡང་མེད་འདྲ

ཉི་མ་རི་སྒང་དུ་ཡོལ་རྗེས
མཚམས་སྤྲིན་ཡིད་དུ་འོང་བ་འཇའ་ཚོན་བཞིན་ཤར་མོད
ངའི་གྲོགས་པོ་མང་པོ་ཞིག་གིས
མཚམས་སྤྲིན་དེའི་ནང་ལག་པ་བསྲིངས་ནས་དབྱར་ཁ་མཇུག་རྫོགས་པ་ཡིན་ནམ་ཟེར།
               2023/June/07

དུས་ཚོད་ཀྱི་སྐུད་པ།

དུས་ཚོད་ཀྱི་རྨི་ལམ་ཁྲོད་དུ
ཡང་ནས་ཡང་དུ་སྐྱེ་ཞིང
བསྐྱར་ནས་བསྐྱར་ཏུ་འཆི་བཞིན་པའི་ང་ཚོ
དོན་དུ་ཅི་ཞིག་ལ་སྐྱེ་བ་ཆོས་ཉིད་དམ
ཅི་ཞིག་ལ་འཆི་བ་ལས་དབང་ཡིན

དུས་ཚོད་ཀྱི་གཙང་འགྲམ་ལ་ཐོན་དུས
ངས་རང་ཉིད་དང་ན་མཉམ་པའི་བུ་མོ་ཞིག་ལ་བརྩེ་འཕྲིན་བྲིས
བརྩེ་འཕྲིན་དེ་གསང་གྲངས་བཞག་པའི་སྙན་ངག་ཅིག་སྟེ
ཁོ་མོས་ཤེས་རབ་དང་ཐབས་ཤེས་ཡོད་དགུ་མ་བཏོན་ཚེ
དེའི་ནང་དོན་གོ་རྒྱུ་ནི་དཀའ་ཁག་གཞན་ཞིག་ཡིན

ཁྱོད་ཀྱིས་རང་ཉིད་དགའ་སའི་བུ་མོ་དེའི་རྒྱབ་ཕྱོགས་ནས་སྙན་ངག་བྲིས་མྱོང་ངམ
ཁྱོད་ཀྱིས་སྙན་ངག་དེ་ཤོག་བུའི་ངོར་བྲིས་ནས་ཁོ་མོར་ཕུལ་མྱོང་ངམ
ཁྱོད་ཀྱི་བརྩེ་དུང་མཚོན་པའི་སྙན་ངག་དེ་ཁོ་མོས་དོ་སྣང་བྱེད་མྱོང་ངམ
དེ་ལྟར
མི་རྣམས་འཕྲུལ་སྣང་ཁྲོད་དུ་གནས་ཤིང
འཕྲུལ་སྣང་གི་རིག་པ་ལ་བརྟེན་ནས་མུ་རུ་གསོན
དུས་ཚོད་ཀྱི་རླུང་ནང་དུ
གཤོག་པ་ལ་གསོན་ཤུགས་རྒྱས་པ
"འཆི་བ་མེད་དམ་སྙམ་པ"འི་དུས་སུ་འགྲོ

ཁང་མིག་གཅིག་ཏུ
ངས་སྐད་ཆ་མེད་པར་སྙན་ངག་བྲིས
གཞན་དག་གིས་བརྩེ་སེམས་ཆེན་པོས་དཔེ་ཆར་ལྟ
རོལ་དབྱངས་གཅིག་གིས་བརྒྱུས་འདྲའི
དུས་ཚོད་ཀྱི་ས་ཚུགས་འདི་ནས་འཛོམས་པར་ཁོ་བོ་སྤྲོ་བས་མྱོ་འདོད
སྐྱོ་བས་ཡང་མྱོ་འདོད

ང་ལ་སྐད་ཆ་མེད་དེ་ཡི་གེ་ཡོད
དེས་དུས་ཚོད་ཀྱི་མུན་ནག་ལས་འོད་ཟེར་བཟོ་ཐུབ
དེ་ལ་བརྟེན་ནས་ངས་མི་རབས་རྗེས་མར་ལམ་བུ་ཞིག་ཀྱང་བཏོད་ཆོག

ཆང་ལ་དགའ་བ་ནི་དོན་དུ་ནང་སེམས་ལ་དགའ་བ་ཉིད
ཁོ་ཧྥེ་ལ་དགའ་བ་ནི་དོན་དུ་བྲོ་བ་ལ་དགའ་བ་ཉིད
སྙན་ངག་ལ་དགའ་བ་ཡང་དེ་གཉིས་ཀྱི་འདྲེས་མདོ་ཉིད
འདྲེས་མདོ་དེ་རུ་སླེབས་དུས
དུས་ཚོད་ཀྱང་སྨྲ་བ་མེད་པར་རེངས་པར་འགྱུར་སྲིད

དུས་ཚོད་ཀྱི་སྐུད་སྣེ་རུ་དཔྱངས་པ་ནི
ཁྱོད་ཀྱི་འདས་སོང་མ་རེད
ཁྱོད་ཀྱི་འཆི་བ་མ་རེད
དུས་ཚོད་ཀྱི་སྐུད་སྣེ་རུ་དཔྱངས་པ་ནི
གང་ལྟར་ཁྱོད་དང་འབྲེལ་བ་མེད་པ་ཞིག་མ་རེད

ང་ཡིས་ལོ་མང་བསྒུག་ཀྱང
ལོ་མང་གིས་ང་རང་བསྐྱུར་ནས་འགྲོ་བཞིན་མཆིས
ཤོག་ཉོབ་ངོས་སུ་བྲིས་པ་དག་གིས
གང་ཡང་གསལ་བཤད་བྱེད་མི་ཐུབ་པས
ཁྱོད་ཀྱི་ངག་ལས་སྐད་ཆ་ངོ་མ་ཞིག་འཁྲོལ་བར་ཞུ

ཁྱོད་ཀྱིས་རང་ཉིད་ལ་བྲིས་པའི་འཕྲིན་ཡིག་དེ
ད་ལྟ་གང་དུ་ཡོད
བོར་སྟོར་བྱུང་བའི་བརྩེ་དུང་དེ
ད་ལྟ་གང་དུ་ཡོད
ཁྱོད་ཀྱིས་དེ་དག་གི་ཆེད་དུ་ཕུལ་བའི་དུས་ཚོད་དེ
ད་ལྟ་གང་དུ་ཡོད

སྲང་ལམ་དུ་འགྲོ་བའི་མི་དག་གིས
གཞན་ལ་ལྟ་ཞིང་རང་ཉིད་ཀྱི་ལམ་ལ་ཡང་ལྟ
ང་རྒྱལ་གྱི་སྣང་བ་ལ་བརྟེན་ནས་རྒྱལ་འདོད་པ་ནི
ཆེམ་ཆེམ་དུ་འཕྲོ་བའི་ཡི་གེ་དེ་དག་ལས་གང་ཡང་མིན་པ་འདྲ་མོད
ཝུ་ཆང་གིས་བད་པའི་གསར་རུ་སྐོར་ཅིག
སྲང་ལམ་དུ་ཤྭ་བོ་བཞིན་མཆོངས་ཡོང་དུས
འདས་ཟིན་པའི་མི་རབས་ཤིག་གི་སྙིང་སྟོབས་དེས་རོ་ལངས་བརྒྱབ་པ་ཡིན་ནམ

གལ་ཏེ   ཁྱོད་རང་རྨི་ལམ་ལས་བཟི་གྱུར་ཚེ
ང་ཚོས་འདུ་ཤེས་མེད་པའི་བེམ་པོ་འདི་དོར་ནས
དུས་ཚོད་ཀྱི་དུར་ཁྲོད་རིང་བོ་འདི་གཤེགས་པར་བྱའོ། །
       2023/May/04.
 
                 སྒེག་པའི་ཆར་བ།

གྲོང་ཁྱེར་དེ་རུ་ཆར་བ་འབབ་ལ་ཉེ
མི་རྣམས་གྲོག་ཚང་བརྡོལ་བ་ལྟར
འཚང་ཀ་ཤིག་ཤིག་གིས

ལམ་ནང་དུ་གཏོར་བའི་དུས་ཚོད་དག
མདོག་མི་འདྲ་བའི་རླངས་འཁོར་དག་གིས་གཅིར་ཏེ་འགྲོ
ང་རང་ད་ལྟ་བདེ་འཇགས་མིན་པའི་རླངས་འཁོར་ཞིག་ལས་གནས་གཞན་ཞིག་ཏུ་འགྲོ་བཞིན་ཡོད
མི་རྣམས་ཀྱིས་འཚོལ་འདོད་པ་ནི་སྒྱུ་རྩལ་ཟེར་བའི་མཛུབ་དཀྲིས་དེ་ཡིན་ནམ

ཆར་བ་འབབ་བཞིན་པའི་དུས་ཚོད་དེ
གཞི་ནས་ལྷིང་འཇགས་སུ་གྱུར་བའི་དུས་ཚོད་དེ
ཆར་བའི་ཤག་སྒྲ་ཡིས
མི་སྙན་པའི་འཛེར་སྒྲ་དག་ཡོངས་སུ་འཇགས་པར་བྱས།
          2023/May/08.

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྡོང་བུའི་སྙན་ངག་བདམས་བཀོད།

2024-04-19 སྡོང་བུ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།