མིས་བཟོས་སྐྱི་ལྤགས་ནང་རིམ་གྱི་ཇེ་ཁུ་ཞོན།

མའེ་ཁོ་ཇེ་ཁུ་ཞོན་གྱི་ལུས་སྟེང་དུ་བྱུང་བའི་བློ་ཡིད་ལས་འདས་ཤིང་མཚར་སྣང་གིས་ཁེངས་པའི་དོན་རྐྱེན་ཡོད་ཚད་ནི་ཇི་འདྲས་སེམས་ལ་ཟུག་པ་ཞིག་རེད།   གློག་འོད་ཆེམ་ཆེམ་གྱི་གར་སྟེགས་སྟེང་གི་མི་བློ་བླ་ནས་འགུགས་པའི་གླུ་གར་ཡིན་ན་འདྲ་ལ།  དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སེམས་ཞེ་ནས་ཁྲེལ་བའི་འཆལ་སྤྱོད་ཡིན་ན་འདྲ་སྟེ།  ཁོ་ནི་སྐབས་དང་སྐབས་མ་ཡིན་པར་འཇིག་རྟེན་གྱི་མིག་དབང་འཕྲོག་པའི་ལྟེ་སྙིང་དུ་འགྱུར་ཀྱིན་ཡོད། འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་ཤིང་མི་རྣམས་ཧ་ལས་བར་བྱེད་པའི་སྲོག་ཆགས་འདི།རྐང་གཉིས་འགྲོ་བའི་རིགས་ཀྱི་ཆེས་མཐར་ཐུག་གི་ཚོད་ལྟའི་མ་དཔེ་ཞིག་ཡིན་ནམ།

ཁོའི་འདྲ་པར་ཡོད་ཚད་ལས་མཐོང་ནུས་པ་ཞིག་ནི།   ཇེ་ཁུ་ཞོན་གྱིས་རང་གི་ངོ་གདོང་གི་སྐྱི་པགས་ནག་པོ་བརྗེ་བོ་བྱེད་ཆེད་འབད་བརྩོན་ག་འདྲ་ཞིག་སྤྱད་ཡོད་དམ། ཡུན་རིང་གི་དུས་ཚོད་བརྒྱུད་ནས་ཁོས་རང་གི་ལུས་ཕུང་བསྐྱར་བཟོ་དང་ཤ་པགས་དཀར་བཟོ།དབང་ལྔ་ཡག་སྒྲིག་བྱས་ཏེ།   ངལ་ཐང་མེད་པར་བྱེད་པོས་ཆེད་བཟོས་ཀྱི་མི་ལུས་ཀྱི་བརྩམས་ཆོས་འདི་ཀོར་ཞུ་དག་གཏོང་བཞིན་ཡོད་ལ།    རང་ཉིད་མི་གཞན་ཞིག་ཏུ་བསྒྱུར་བ་ལ་གས་སྲུབས་དང་ཆགས་ཤུལ་མེད་པའི་འབག་གཟུགས་སྙིང་ཉེ་བོ་ཞིག་བཟོས་ཏེ།  འཇིག་རྟེན་བྱེད་པོ་དང་ཚེམས་དྲུབ་ལག་ཤེས་ཀྱི་སྒྱུ་རྩལ་དོ་འགྲན་བྱེད་བཞིན་ཡོད།

ཡིན་ནའང་མིའི་བཟོས་ཀྱི་ཚེ་སྲོག་དེ་ཀོར་ཡིད་འགུགས་ཀྱི་ངོ་གདོང་ཅི་འདྲས་མཚར་བོ་ཞིག་ཡོད་ནའང་པགས་ཟད་རུས་པ་ལྷང་ལ་འབུད་པའི་སྐབས་ཤིག་ངེས་ཅན་དུ་ཡོད་པ་མ་ཡིན་ནམ།   དོན་དངོས་ཐོག་ཇེ་ཁུ་ཞོན་གྱིས་ཐོག་དང་པོ་ནས་རང་ཉིད་ལ་རྫུན་གཟུགས་ཀྱི་འཇིག་རྟེན་ཞིག་གམ་གྲིབ་མའི་ཁོར་ཡུག་ཅིག་བསྐྲུན་ཡོད་དེ།   ཤ་པགས་རྫུན་མ་དང་དབང་བོ་རྫུན་མ།    ད་དུང་སྟོང་ཞིང་གཡོ་རྫུན་གྱི་མིང་གྲགས་དག་གིས་འཇིག་རྟེན་ལ་སྐད་ཆ་ཤོད་ཀྱིན་ཡོད་འདུག་མོད།   ཁས་མི་ལེན་དབང་མེད་དུ་གྱུར་བ་ནི་ལྷ་ཡིས་བསྩལ་ཅིོང་བདུད་ཀྱིས་བརླམས་འདྲའི་ཇེ་ཁུ་ཞོན་གྱི་གླུ་སྐད་དེ་ཁོ་ན་རེད།

ཡིན་ནའང་ཀུན་སྤྱོད་ཐད་ཀྱི་ནག་དྲེགས་ནི་སྐྱི་པགས་བཞིན་བརྗེ་བོ་བྱེད་ཐུབ་པ་ཞིག་མིན་ལ།   ཤ་མདོག་བཞིན་དཀར་བོར་བསྒྱུར་ནུས་པ་ཞིག་ཀྱང་ག་ལ་ཡིན།    ཁོ་རང་ཉིད་ཀྱི་པགས་མདོག་ནག་པོ་ལ་ཞེན་ཁ་ལོག་པ་ནང་བཞིན་རང་ཉིད་ཀྱི་ལུས་ཕུང་ལ་མནར་གཅོད་གཏོང་པ་ནས་མི་གཞན་གྱི་ལུས་ཕུང་ལ་གནོད་འཚེ་བཏང་བ་སོགས་ཀུན་སྤྱོད་ཀྱི་རྙི་ཐག་འདི་ལས་ཐེངས་རེ་རེར་ཕྱིར་བརྒལ་བྱེད་ཀྱིན་ཡོད་ལ།   དེ་དང་མཉམ་དུ་ཨ་རིའི་རྩ་ཁྲིམས་ཀྱི་སྒྲོག་ལས་ཀྱང་སྐབས་དང་སྐབས་སུ་ཕྱིར་བརྒལ་བྱེད་ཀྱིན་ཡོད་སྐད་ཐོས།

མའེ་ཁོ་ཇེ་ཁུ་ཞོན་གྱི་བྱིས་འགྱུར་གཤགས་བཅོས་ཀྱི་དོན་རྐྱེན་དེ་ལས་ཁོ་རང་ཉིད་ཀྱིས་བརླག་པའི་ངོ་གདོང་དེ་ལས་ཀྱང་གཙོག་ཅིང་ཡིད་མེར་བའི་ངོ་གདོང་གཞན་ཞིག་མཐོང་ཀིན་འདུག་ལ།    ཁོའི་གླུ་སྐད་ལ་དགའ་བའི་མི་མང་དག་གི་ཡིད་ཁོངས་སུ་ཇེ་ཁུ་ཞོན་ནི་ངོ་མཚར་བའི་གླུ་བ་ཞིག་ནས་སྦྱིན་གཏོང་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་སེམས་དཔའ་འདིའི་གདོང་གཟུགས་གཞན་ཞིག་ཀྱང་མི་འདོད་བཞིན་དུ་མི་རྣམས་ཀྱི་མིག་ལམ་དུ་མངོན་བྱུང་བ་དེ་རེད།

མའེ་ཁོ་ཇེ་ཁུ་ཞོན་ནི་འདི་ལྟ་བུའི་འགལ་འདུའི་ཕུང་བོ་ཞིག་རེད་ཨང་།   ངོ་མཚར་བའི་སྐད་སྒྲ་དང་སྐྱུགས་བྲོ་བའི་ལུས་ཕུང་གི་མཉམ་འདྲེས་དངོས་པོ་ཞིག་སྟེ།    ཁོ་བོས་ཐེངས་རེ་རེར་ཇེ་ཁུ་ཞོན་གྱི་MTVཁ་ཕྱེས་ཐེངས་རེར།   མིས་བཟོས་སྐྱི་པགས་ཀྱི་ངོ་གདོང་མཚར་བོ་ཞིག་མཐོང་འོངས་ལ།    མིག་བཙུམས་ཏེ་རོལ་དབྱངས་ལ་ཉན་ཐེངས་རེར་མི་ཡུལ་དུ་མི་གཏོགས་པའི་སྐད་སྒྲ་ཞིག་སྟེ།    སྐད་སྒྲ་འདི་དམྱལ་བའི་གས་སྲུབས་ནས་འོངས་པ་མིན་ན་ལྷ་ཡུལ་གྱི་སྒོ་སུལ་ནས་འོངས་པ་ལོས་ཡིན་སྙམ་པ་རྒྱུན་དུ་འབྱུང་ལ།    སྐབས་ཐོག་དེར་ད་གཟོད་ཁོ་བོའི་རྟོག་འཆར་ཁྲོད་ཀྱི་རོལ་དབྱངས་འདི་དང་སྐད་སྒྲ་དེའི་བདག་པོའི་ལུས་ཕུང་གཉིས་ཁ་ཁར་སྣང་ཀྱིན་འདུག

ཇེ་ཁུ་ཞོན་གྱི་སྐྱུགས་བྲོ་བའི་བྱ་སྤྱོད་འདི་དག་གིས་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད་དམ་སྙམ་ན།   ཁོ་བོ་ཡིད་ཆེས་འདོད་པ་ཉག་གཅིག་ནི་ཨ་རིས་ཤ་མདོག་གིས་བཅད་པའི་མིའི་དབང་ཐང་འདྲ་མཉམ་མིན་པའི་སྤྱི་ཚོགས་དེའི་གླུད་རྫས་དངོས་སུ་གྱུར་བའི་ཇེ་ཁུ་ཞོན་སྟེ།    མི་དཀར་གྲལ་རིམ་དུ་འཚང་ཁ་རྒྱག་པའི་སྒྱུ་རྩལ་བ་ཞིག་གི་སྣང་བརྙན་ཡིན་ལ།    ཇེ་ཁུ་ཞོན་གྱི་འཆལ་སྤྱོད་དུ་བགྲང་བའི་ཆགས་སྲེད་དང་འཁྱོག་གཟུགས་ཀྱི་རྣམ་ཤེས་དེ་ནི་སྒྱུ་རྩལ་གྱི་མཛེས་སྡུག་དང་དག་གཙང་ལ་སྙེགས་པའི་འཚོལ་མདུན་ཅིག་གི་ཕམ་ཉེས་ཀྱི་མཇུག་འབྲས་ཡིན་པ་དེ་རེད།

རིག་པའི་བུ་ཆུང་གཉིད་ལས་དཀྲོག་ཅིང་ཤེས་པའི་དཔུང་ངར་ཤེད་ཀྱིས་རྐྱོང་བའི་གླུ་སྐད་འདི་དག་ལ་ཉན་དུས།    ཇེ་ཁུ་ཞོན་ནི་བྱེད་པོས་ཆེད་དུ་བཟོས་ཤིང་ལྷ་དབང་གིས་ང་ཚོའི་ཀུན་སྤྱོད་ཀྱི་བཟོད་བསྲན་ནུས་པ་ཚོད་བགམ་བྱེད་སླད་དུ་བསྐྲུན་པའི་གླུ་སྐད་ཀྱི་འཕྲུལ་ཆས་ཤིག་ཡིན་ནམ་བསམ་ལ།   ད་ནི་རྙོག་འཛིང་གི་སེམས་ཚོར་ཅིག་གིས་གཏན་དུ་འཇགས་ཟིན་པའི་སྐད་སྒྲ་ཞིག་ལ་མྱ་ངན་ནམ་གྱེས་བརྡ་ཞིག་གཏོང་དགོས་བྱུང་སོང་།    ཇེ་ཁུ་ཞོན་འདས་རྗེས་ཨ་རིའི་གསར་འགྱུར་དང་བརྙན་འཕྲིན།    དྲ་བ་སོགས་སུ་རྣམ་པ་གྲངས་མེད་པའི་སྐྱེལ་མ་བྱེད་ཀྱིན་ཡོད་ལ།

ཇེ་ཁུ་ཞོན་འདས་པ་འདིས་མི་ཡུལ་གྱི་སྐྱོ་གར་ཅིག་གི་མཇུག་རྫོགས་པ་མཚོན་ཞེས་པའི་སྡོམ་ཚིག་ཅིག་ཀྱང་ཤིན་ཏུ་དཔའ་བའི་སྐད་ཀྱིས་གླེང་ཀིན་འདུག་སྟེ།    སྐྱོ་གར་གྱི་གཞི་རུ་བཙུགས་ཤིང་མི་ཆོས་ལས་འདས་པའི་ཀུན་སྤྱོད་ཀྱི་འཁྱོག་གཟུགས་སུ་བླངས་པའི་ཇེ་ཁུ་ཞོན་ནི་ནམ་དུ་ཡང་བཀྲུས་ནས་དག་པར་མི་འགྱུར་བའི་སྐད་ཅིག་དང་བཙེམ་ནས་དྲུབས་པར་མི་འགྱུར་བའི་སྐྱི་པགས་ཅིག་ཡིན་པའང་དུས་རབས་ཀྱིས་བརྗེད་པར་ག་ལ་འགྱུར་ཨང་སྙམ་མོ།།

རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིས་བཟོས་སྐྱི་ལྤགས་ནང་རིམ་གྱི་ཇེ་ཁུ་ཞོན།

2009-07-11 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།