གཞོན་ནུ་མའི་གོམ་སྒྲ།

སྲོད་དུས་ནས་མཚན་མོའི་བར་དུ།
ངས་ཁུ་སིམ་མེར་ཉན་ཞིང་རེ།
—རྒྱང་རིང་ནས་རྒྱུས་ཡོད་ཀྱི་གོམ་སྒྲ་གྲགས་པས།
ཉེ་བ་ནས་ཡལ་བའི་བར་དུ།
ཐེ་ཚོམ་མེར་གནས་པའི་ང་རང་གི་གདོང་བ་དམར་བོར་གྱུར།
དེ་ནས་ལྗིད་ཏིག་གེར་ཕྱིར་ལོག་སོང༌།
རིང་བ་ནས་ཡལ་བའི་བར་དུ།
རེ་ཞིང་བསྒུགས་པའི་ང་རང་ཁོ་མོ་ལ་སྡང༌།

དབྱར་དུས་ནས་དགུན་འཁྱག་གི་བར་དུ།
ངས་ལྷག་བསམ་དག་པས་རེ་སྒུག་བྱས།
—སླར་འོང་སྲིད།
གང་ནས་ཡལ་བ་དེ་ནས་སླར་ཡང་གྲགས་སྲིད་ཅིང༌།
དེ་ནས་སྒོ་འགྲམ་གྱི་གྲིབ་མར་འཁེན་ནས་ངའི་མིང་གིས་འབོད་སྲིད།
ད་ལྟ་སྒོ་འགྲམ་དུ་ཤག་ཤག་གི་སྡོང་ལོའི་སྒྲ་ལས་མེད་ཀྱང༌།
ང་དགའ་སྤྲོ་སྐྱེས། ངས་ད་དུང་ཉན་ཞིང་རེ།
 

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞོན་ནུ་མའི་གོམ་སྒྲ།

2008-11-05 གཅན་མེ་སྟག ཀློག་གྲངས། མཆན ཡོད།

སྲོད་དུས་ནས་མཚན་མོའི་བར་དུ།
ངས་ཁུ་སིམ་མེར་ཉན་ཞིང་རེ།
—རྒྱང་རིང་ནས་རྒྱུས་ཡོད་ཀྱི་གོམ་སྒྲ་གྲགས་པས།
ཉེ་བ་ནས་ཡལ་བའི་བར་དུ།
ཐེ་ཚོམ་མེར་གནས་པའི་ང་རང་གི་གདོང་བ་དམར་བོར་གྱུར།
དེ་ནས་ལྗིད་ཏིག་གེར་ཕྱིར་ལོག་སོང༌།
རིང་བ་ནས་ཡལ་བའི་བར་དུ།
རེ་ཞིང་བསྒུགས་པའི་ང་རང་ཁོ་མོ་ལ་སྡང༌།

དབྱར་དུས་ནས་དགུན་འཁྱག་གི་བར་དུ།
ངས་ལྷག་བསམ་དག་པས་རེ་སྒུག་བྱས།
—སླར་འོང་སྲིད།
གང་ནས་ཡལ་བ་དེ་ནས་སླར་ཡང་གྲགས་སྲིད་ཅིང༌།
དེ་ནས་སྒོ་འགྲམ་གྱི་གྲིབ་མར་འཁེན་ནས་ངའི་མིང་གིས་འབོད་སྲིད།
ད་ལྟ་སྒོ་འགྲམ་དུ་ཤག་ཤག་གི་སྡོང་ལོའི་སྒྲ་ལས་མེད་ཀྱང༌།
ང་དགའ་སྤྲོ་སྐྱེས། ངས་ད་དུང་ཉན་ཞིང་རེ།
 

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།