ལྷོ་བཞུད་ཀྱི་ཆུ་འཛིན།

       -འཇར་པན་ལ་སློབ་གཉེར་དུ་ཕེབས་པའི་དགེ་རྒན་ཞིག་ལ་ཕུལ་བ།

ལྷོ་ཕྱོགས་ཀྱི་མཁའ་མཐར་བཞུད་པའི་ཆུ་འཛིན་ལ་ཡུན་རིང་ཅེར་ནས།
ངས་མཐའ་མཇུག་གི་རེ་སྨོན་གང་ཡང་ཞུ་མ་སྤོབས།
དེ་དུས་ཁྱོད་ཀྱིས་ང་རང་ཁྲིད་དེ་མཚོ་སྔོན་པོའི་རླབས་རྒྱུན་ལ་ཞུགས་ཤིང་།
འུ་གཉིས་ཀས་བརྩེ་ཞིང་ནེམ་པའི་ལྗང་མདོག་གི་རེ་སྨོན་ཞིག་བཅངས་མྱོང་།
ཡིན་ནའང་གསལ་ལྷང་ངེར་ཁྱེད་ཕེབས་སོང་།
ཤུལ་དུ་ལུས་པ་ནི་འུ་ཐུག་ཐབས་ཟད་ཀྱི་སྐྱོ་འཛུམ་ཞིག་ཡིན།
 
བསིལ་བའི་དྲི་གཞོན་ཞིག་གིས་ཁྱེད་ཀྱི་དཀར་མདོག་གི་ཞལ་རས་བཏེགས་ཚེ།
ཁྱེད་ཀྱིས་ས་གཞི་འདིར་བརྩེ་བྱམས་ཀྱི་འཇུམ་མདངས་གསར་བ་ཞིག་བསྣན་སོང་།
འོད་ཀྱི་ཐིག་ལེ། དྲན་པའི་ཁུར་བོ།
ཁྱེད་ཉིད་འཕུར་བའི་གཤོག་སྒྲོའི་སྟེང་ལོ་ངོ་དུ་མའི་ཟླ་འོད་དང་རྒྱུ་སྐར་བརྩེགས་ཡོད་པ་རེད་ཨང་།

 རི་རབ་གཙང་པོ་ཁྲི་ཕྲག་གི་མུ་མཐའ་ལས་བརྒལ་ཏེ།
སེམས་མེད་ཆགས་མེད་དུ་འབྱོན་རོགས།
བདག་གི་བརྩེ་གཤིན་གྱི་ཆུ་འཛིན-
ཡིན་ནའང་ཁྱེད་ཀྱིས་འགྲོས་རིམ་གྱི་སྲབ་ཁ་ཡང་དུ་བཀག་སྟེ།
ཕྱི་མིག་ལིང་ལིང་གིས་གང་ལ་ལྟ།
སྐོམ་གདུང་གི་རི་ཚོགས་འདི།  སྤང་ཐང་འདི། ད་དུང

……

འཁྱག་གྲང་གི་སེམས་པ་འདི་ཡོད་ཚད་ཀྱིས་ཁྱེད་ལ་རེ་སྒུག་བྱས་ཡོད་ལགས།
ཁྱེད་ཕེབས་ཤིག
ཁྱེད་ཀྱི་དགའ་སྤྲོ་ནི་འགོག་ཐབས་བྲལ་བའི་རྒྱང་རིང་གི་ནམ་མཁའ་དེ་ཡིན་ལ།
ཁྱེད་ཀྱི་རེ་འབྲས་དང་རླབས་ཆེ་བའི་མངོན་རྟགས་ཀྱང་དེ་ཡིན།
གོ་ལའི་འཁོར་རྒྱུན་ལ་བཀག་རྒྱས་མ་བཅིངས་ཤིང་།
ལོ་ངོ་སྟོང་ཕྲག་གི་རྨ་ཁས་ཁྱེད་ཀྱི་དག་གཙང་གི་སེམས་པ་འགོག་མི་ནུས།

ས་མཐའ་ནས་ས་མཐར་གཟི་འོད་ཀྱི་ལང་ཚོ་སྦར་བཞིན།
བསིལ་རླུང་གིས་ཟླ་འོད་སྙོག་པ་བཞིན་འབྱོན་རོགས།
ནམ་མཁའི་ཕྱོགས་དེ་དང་ས་གཞིའི་གྲུ་དེར།
ངས་མཐོང་བ་ནི་ཁྱོད་ཀྱིས་འོད་འཚེར་བའི་ལམ་ཞིག་དེད་ནས།
མུ་མེད་ཀྱི་མུ་མེད་སྙེག་བཞིན་མཆིས།

རྩོམ་ཁུངས། ༡༩༩༢ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་བཞུད་ཀྱི་ཆུ་འཛིན།

2009-11-14 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།